སུ་ཞིག་གི་འབོད་པ། སུ་ཞིག་གི་ཆེད་དུ།

རྡེའུ་དཀར་ནག(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-10-06

IMG_0429.JPG

 
        _______རྒྱང་རིང་གི་ཤ་ཉེ་ཞིག་གི་འདས་རྐྱེན་ལ་སེམས་པ་སྐྱོ་དྲགས་ནས་ཆེད་དུ་ཕུལ་བའོ།།

            
སྨག་རུམ་རྒོད་པའི་འཇིག་རྟེན།
ལྷ་ཚོགས་འཇིགས་པའི་གཤིན་ས།
སྨྲ་བ་མེད་པའི་མཚན་མོ།
འུག་ཚོགས་ཀྱི་ཐན་སྐད།
རི་ཀླུང་གངས་ཀྱིས་བཅད།
གཙང་བོ་འཁྱགས་པས་བསྡམས།
ངས་སུ་ཞིག་གི་ཆེད་དུ་སྒོ་གླེགས་རྡུང་།
སུ་ཞིག་གི་འབོད་པ།
སུ་ཞིག་གི་ཆེད་དུ།

མཐོང་ལམ་སྒྲིབ་པའི་མཁའ་ལམ།
རྣ་བ་འགག་པའི་བར་ཆད།
མིག་ཆུ་སྐམ་པའི་ལོ་ཟླ།
ཕྱི་ཐག་མེད་པའི་འཁང་ར།
མགྲིན་པ་བརྣངས་བའི་མཚན་མོ།
ངས་སུ་ཞིག་གི་ཆེད་དུ་ཐ་མག་སྒྲོན།
སུ་ཞིག་གི་འབོད་པ།
སུ་ཞིག་གི་ཆེད་དུ།

དུག་རྡུལ་ཞུགས་པའི་ས་གཞི།
སྐྱ་རེངས་དོག་པའི་མི་ཡུལ།
ཁ་བ་མེད་པའི་སེམས་ཁྲལ།
དུས་ཚིགས་བརྒལ་བའི་མེ་ཏོག
ཟླ་འོད་ཡལ་པའི་མཚན་མོ།
ངས་སུ་ཞིག་གི་ཆེད་དུ་འོད་སྣང་འཚོལ།
སུ་ཞིག་གི་འབོད་པ།
སུ་ཞིག་གི་ཆེད་དུ།

                          2016.09.23ཉིན་བྲིས།
                                 2016.10.01ཉིན་བཅོས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུ་ཞིག་གི་འབོད་པ། སུ་ཞིག་གི་ཆེད་དུ།

2016-10-06 རྡེའུ་དཀར་ནག(པེ་ཅིང) ཀློག་གྲངས། མཆན ཡོད།

IMG_0429.JPG

 
        _______རྒྱང་རིང་གི་ཤ་ཉེ་ཞིག་གི་འདས་རྐྱེན་ལ་སེམས་པ་སྐྱོ་དྲགས་ནས་ཆེད་དུ་ཕུལ་བའོ།།

            
སྨག་རུམ་རྒོད་པའི་འཇིག་རྟེན།
ལྷ་ཚོགས་འཇིགས་པའི་གཤིན་ས།
སྨྲ་བ་མེད་པའི་མཚན་མོ།
འུག་ཚོགས་ཀྱི་ཐན་སྐད།
རི་ཀླུང་གངས་ཀྱིས་བཅད།
གཙང་བོ་འཁྱགས་པས་བསྡམས།
ངས་སུ་ཞིག་གི་ཆེད་དུ་སྒོ་གླེགས་རྡུང་།
སུ་ཞིག་གི་འབོད་པ།
སུ་ཞིག་གི་ཆེད་དུ།

མཐོང་ལམ་སྒྲིབ་པའི་མཁའ་ལམ།
རྣ་བ་འགག་པའི་བར་ཆད།
མིག་ཆུ་སྐམ་པའི་ལོ་ཟླ།
ཕྱི་ཐག་མེད་པའི་འཁང་ར།
མགྲིན་པ་བརྣངས་བའི་མཚན་མོ།
ངས་སུ་ཞིག་གི་ཆེད་དུ་ཐ་མག་སྒྲོན།
སུ་ཞིག་གི་འབོད་པ།
སུ་ཞིག་གི་ཆེད་དུ།

དུག་རྡུལ་ཞུགས་པའི་ས་གཞི།
སྐྱ་རེངས་དོག་པའི་མི་ཡུལ།
ཁ་བ་མེད་པའི་སེམས་ཁྲལ།
དུས་ཚིགས་བརྒལ་བའི་མེ་ཏོག
ཟླ་འོད་ཡལ་པའི་མཚན་མོ།
ངས་སུ་ཞིག་གི་ཆེད་དུ་འོད་སྣང་འཚོལ།
སུ་ཞིག་གི་འབོད་པ།
སུ་ཞིག་གི་ཆེད་དུ།

                          2016.09.23ཉིན་བྲིས།
                                 2016.10.01ཉིན་བཅོས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།