སྡང་བ།(ཞར་བཀོད་གཅིག་ཡོད)

ཁ་མི་གྲགས་པ་དང་ལུས་མི་འགུལ་བར་སྡོད་པ་མ་གནང
ཁྱོད་ནི་ཤིང་དུམ་ཞིག་མིན་པས་ང་ཡི་འགྲོ་འདུག་ལ་མྱུལ་མ་བྱས་སོང
ཆུ་དྭངས་མོ་ཞིག་ལྟར་འཁྱིལ་བ་མིན་ཏེ
ཞེ་སྡང་དང་ཕྲག་དོག་གིས་སྦོས་པའི་དུག་སྦྲུལ་ཁྲ་བོ་ཞིག་སྟེ
དངོས་གནས་དེ་རང་རེད
ཉི་མ་ཤར་བ་ན་ཁྱོད་ཀྱི་གཟུགས་ཀྱི་ཆ་ཙམ་སྣང་བ་མིན་ཏེ
ཉི་མ་ཤར་བའི་ཡུལ་ཐམས་ཅད་དུ་ཁྱོད་ཉིད་བསྐོང་ནས་བསྡད་པས
ཁྱོད་ཀྱིས་ང་ཡི་རྫིང་བུའི་ནང་གི་མེ་ཏོག་འདམ་གྱིས་བརྫུས་སོང
ང་རང་གཅེར་བུར་སྡོད་པའི་དུས
ཁྱོད་ཀྱིས་ང་ལ་ལྭ་བ་བསྐོན་འདུག
དྲོད་སྣང་སྦྱིན་པ་ག་ལ་ཡིན
ང་རང་དུས་དེ་ནས་བཟུང་གྲང་ངར་ལ་སྡང་བར་གྱུར་བ་མིན་ནམ
ངའི་རང་གི་མིག་ལ་ལྗོན་པའི་ཡལ་ག་དང་ར་ལག་རྒྱས་དུས
དུས་བཞི་དབྱེར་མེད་དུ་སྔོ་ལྗང་ལྗང་གི་ནགས་ཚལ་མཐོང་ཐུབ་པར་བསམ
ཤྭ་བའི་ཁྱུ་བག་ཡངས་སུ་རྒྱུ་བ་དང་སྟག་གཟིག་ཁྲོ་ངར་གྱིས་འགྱིང་བའང་མཐོང་ན་སྙམ
འོན་ཀྱང ཁྱོད་ཀྱིས་རང་ཉིད་ཁོ་ན་ཡོད་ཚད་ཀྱི་ཚབ་ཏུ་ང་ལ་སྟེར་བས
ངས་འཇིག་རྟེན་འབྱམས་ཀླས་པའི་ཁྲོད་ཀྱི་ནག་ཐིག་ཅིག་ལྟར
ཁྱོད་ཁོ་ན་བཙལ་བཙལ་ལ་སྲུང་སྲུང་ལ་བསྡད་པས
ངའི་མཐོང་བྱེད་ཤིང་སྡོང་ཆེན་པོ་ཞིག་ལ་རྩེ་གཞོག་པ་ལྟར
ཕྲ་བ་ནས་ཕྲ་བར་གྱུར
དུས་ཀྱི་ཆ་ཡོངས་སུ་རྫོགས་པའི་ནག་དོང་ཞིག་ཏུ
ཁྱོད་རང་གཏན་ཏུ་བཀག་བསྐྱིལ་བཟོས་རྗེས
ང་རང་འཆི་བའི་ཐབས་ལ་བརྟེན་ནས
ཁྱོད་ཀྱི་བརྩེ་དུང་དང་བྲལ་ཐུབ་པར་གྱུར་ཅིག་གུ
                             ༢༠༡༦/༡༠/༡༦ལ།
                            
                              ད་ལྟ་བ།

སེམས་ཀྱི་དྲན་འཆར་དེ་དག
མདའ་མོ་ལྟོང་ལ་བཞག་པ་བཞིན
སྐད་ཅིག་མ་གཅིག་ལ་ཡང་སྡོད་དབང་མི་སྟེར
ད་ལྟ་བ་ནི་ཧྲག་དམག་ཁྲི་ཕྲག་ལས་ཤོར་བའི་རྨས་མ་དེའམ
ལག་ནང་ལ་འཁྱུག་ཙམ་བྱས་པའི་རླུང་གི་ཚོར་བ
སེམས་པ་ཁོ་རང་གཡོ་ཇུས་ཤིག་ལྟར
མེ་ཡི་སྔ་རོལ་ཏུ་བབས་པའི་དུ་བའི་འཁྱུག་འགྲོས
ད་ལྟ་བ   ད་ལྟ་བ་མངོན་སུམ་འཛེམ་མེད་ཀྱི་ལག་དམར་དང
དེའི་ལུས་སྟེང་གི་ཁྲག་དྲི
གཙང་བོར་ལྟ་བའི་མིག་ཟུང་གི་ཁེ་གྲི
བཞུར་འགྲོས་ཀྱི་དུམ་བུ་རེ་རེའི་འོག་གི་རྡོ་བ་དང་གསེར་མིག
ནེམ་ཤ་དང་ཁྲག་མདངས་རྒྱས་པའི་མཆུ་སྒྲོས
མཆུ་སྒྲོས་ཚུར་ལ་གཏད་པའི་གཞོན་ནུ་མའི་ལུས་སྟེང་དུ
ཚ་བེར་བེར་དང་དབུགས་ཧལ་ཧལ་གྱིས་རྒྱུ་བའི་ལག་པ
ལག་པའི་ནང་གི་མེ་ཚ་བོས་བཙོ་སྦྱངས་བྱས་པའི་སྐད་ཅིག་མ
ཐོག་མ་ཡིན་ལ
མཐའ་མའང་ཡིན་པ་དེ
ཤ་གསེང་ནས་རྡེབ་ཙམ་བྱེད་པའི་མིག་ཟུང་ཞིག་གམ
མི་ཚེའི་རྒྱབ་ལྗོངས་ལྟ་བུའི་མཚན་མོའི་ངོས་སུ་འཁྱུག་ཙམ་བྱེད་པའི་སྐར་མདའ་དེའོ
                                ༢༠༡༦/༡༠/༡༧ལ་སྦྱར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡང་བ།(ཞར་བཀོད་གཅིག་ཡོད)

2016-10-18 གྲི་ཐུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།