མིང་མེད།

དུང་རུ་ཚེ་དབང་།(ཆབ་མདོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-04-24


སྦྲ་ནག་པོའི་ཆོན་ཐག་རལ
མར་མེའི་འོད་ལས་མུན་པ་མཆེད
ཕྱི་རོལ་ཀྱི་དགུན་ཁ་མ་འདས་གོང་དགུན་ཁ་གཞན་ཞིག་ཚེས
ལྷ་ས་ནས་ཆབ་མདོ་དང་ཆབ་མདོ་ནས་དར་མདོའི་བར
རྒྱ་མདོང་དང་གྱང་ཞིག་རྨས་མས་གང
ནད་རིམས་ཀྱི་དུ་ཆར་བབས
གསུང་རབ་ཀྱི་ཡིག་འབྲུ་སྡིག་སྒྲིབ་ཀྱིས་མར་མནན
ཁྲག་ཐིགས་ཤིག་ཤར་གྱི་ནམ་མཁར་འཕགས
སྲབ་ཁ་དཀྱོགས་ནས་ཉི་མའི་ཕྱོགས་སུ་ཕྱིན་ཀྱང
ལམ་ནི་འཛེར་མ་དང་སྤུ་གྲིའི་ནགས་ཀྱིས་ཁྱབ
ཉི་མ་ཞིག་རྙེད་མ་སོང


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།

2017-04-24 དུང་རུ་ཚེ་དབང་།(ཆབ་མདོ) ཀློག་གྲངས། མཆན ཡོད།


སྦྲ་ནག་པོའི་ཆོན་ཐག་རལ
མར་མེའི་འོད་ལས་མུན་པ་མཆེད
ཕྱི་རོལ་ཀྱི་དགུན་ཁ་མ་འདས་གོང་དགུན་ཁ་གཞན་ཞིག་ཚེས
ལྷ་ས་ནས་ཆབ་མདོ་དང་ཆབ་མདོ་ནས་དར་མདོའི་བར
རྒྱ་མདོང་དང་གྱང་ཞིག་རྨས་མས་གང
ནད་རིམས་ཀྱི་དུ་ཆར་བབས
གསུང་རབ་ཀྱི་ཡིག་འབྲུ་སྡིག་སྒྲིབ་ཀྱིས་མར་མནན
ཁྲག་ཐིགས་ཤིག་ཤར་གྱི་ནམ་མཁར་འཕགས
སྲབ་ཁ་དཀྱོགས་ནས་ཉི་མའི་ཕྱོགས་སུ་ཕྱིན་ཀྱང
ལམ་ནི་འཛེར་མ་དང་སྤུ་གྲིའི་ནགས་ཀྱིས་ཁྱབ
ཉི་མ་ཞིག་རྙེད་མ་སོང


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།