ངོ་མི་ཤེས་པའི་མི་ཞིག་གི་གྲིབ་མར་བསྐུར་བའི་མཐའ་མའི་འཕྲིན།(ཞར་བཀོད་གཉིས་ཡོད)

བྱེའུ་ཞིག་ནམ་མཁའ་ནས་ཡལ་བའི་དུས
ཆར་བའི་ཁྲོད་མཐོང་ཐུབ་པའི་པར་དེ
ངག་མི་སྨྲ་བའི་གྱང་ལས་སྒྲོལ་སོང
རྡོ་དང་གྲིབ་མ་གཉིས་ཀྱིས་རྟོག་བཟོ་བྱ་ཐུབ་བྲལ་བའི་རྩྭ་རྩེའི་ཟིལ་བ་བསུས
དངངས་སྐྲག་སློང་བྱེད་ཀྱི་ཚིག་དེ་གང་ནས་ཐོན་པ་རེད
ཡུལ་ལྗོངས་འདིའི་ནང་ཁྲོལ་ཏུ་ཅི་ཞིག་སྦས་བསྐུང་བྱས་ཡོད
སྤྲིན་པ་འདི་ཚོའི་ལྗིད་ཚད་ཅི་ཙམ་ཡིན
ནམ་མཁའ་དེ་འདྲའི་ཆེ་རྒྱུ་མེད་དེ་འཕུར་ས་ཙམ་ལས་མེད
ས་གཞི་དེ་འདྲའི་ཁོད་ཡངས་པ་ཞིག་མིན་ཏེ་ཁང་བ་ཕུབ་ས་ཙམ་ལས་མེད
ནགས་ཚལ་འདི་སྟུག་པོ་ཞིག་མིན་ཏེ་མཚན་མོའི་སྨག་རུམ་ལ་མི་དོ
མི་ཚོགས་ཡང་འདུ་རྒོད་དྲག་པོ་ཞིག་མིན་ཏེ་རང་རང་གི་མིང་ཡིག་ས་སྟེང་དུ་ལུས་འདུག
འཇིག་རྟེན་ཡང་ཆེ་རྒྱུ་མེད་དེ་ཉི་ཟླའི་བཞུད་ལམ་ལས་འཆི་བ་ལ་བསྒུག
ས་ཆེན་གྱི་མྱུ་གུའི་ཚོགས་ཀྱིས་གནམ་སྔོན་པོར་བུ་གུ་བརྟོལ་གྱིན་འདུག
ངའི་ཉེ་གམ་ཏུ་མི་ཞིག་གིས་གསུང་གླེང་མཛད་ཀྱིན་འདུག
ངས་ལན་འདེབས་བསམ་དུས     མི་དེ་མཐོང་སྣང་དུ་མི་འདུག                            
སྒོ་གླེག་རྡུང་མཁན་ནི་ང་མིན
ང་དང་འདྲ་བའི་ངའི་གྲིབ་མ་རེད
གྲིབ་མའི་ནང་དུ་ཡན་ལག་དང་སྐད་ཆ་ཡོད
ངའི་ངོ་གདོང་ལས་ས་རྡུལ་འཚུབ་ཞིང
ལག་པས་རེག་ཆོག་པའི་འཇམ་མཉེན་གྱི་མེ་ཏོག་གཅིག་ཕུལ་ཚར་ཡོད
ཚ་བས་འདོད་པ་རྒྱས་པར་བྱས་པ་ན
རྣ་བ་འོན་བྱེད་ཀྱི་རྨི་ལམ་ནང་གི་ཀུ་ཅོ
སྦྲུལ་དང་སྦལ་བ་དག་གི་དྲན་པའི་ངོགས་སུ་འཕྱོ
ངའི་ཉེ་གམ་དུ་ཡོད་པའི་མཐོང་སྣང་དུ་མེད་པའི་མི
ངའི་གྲོགས་པོའམ་དགྲ་བོ་གང་ཡིན་པ་མི་ཤེས
ངའི་གྲིབ་མ་མི་གཞན་ཞིག་གི་གྲིབ་མས་གཡོག
རྒྱ་མཚོ་ལྟ་བུའི་གྲིབ་མ་འདི་བརྒལ་བར་ཡི་གེ་འདི་དག་གི་གོམ་སྒྲར་ཉན།                                                          

                    2016.8.8ཉིན་བསྐྱར་དུ་བཅོས།

                              འབུ་ཞིག་མེ་ལ་ལྕེབས་པའི་ངང་ཚུལ།

ཁ་སང་མཚན་མོར
འབུ་ཞིག་འཕུར་འོང་སྟེ་གློག་ཞུ་དང་རྡུང་ག་གཞུས་རྗེས
དཔེ་ཆའི་ངོས་སུ་ལྷུང་སོང
དོ་ནུབ་ཀྱི་མཚན་མོར
འབུ་ཞིག་འཕུར་འོང་སྟེ་གློག་ཞུ་ལ་ལྡིང་སྐོར་ལན་འགར་བརྒྱབ་ཏེ
རྡུང་ག་གཞུས་རྗེས་དཔེ་ཆའི་ངོས་སུ་ལྷུང་སོང
སང་ཉིན་མཚན་མོར
ཞག་སྒྲོན་ཞིག་བཀར་ཏེ་བསྡད་ན 
དཔེ་ཆའི་ངོས་སུ་ཅི་ཞིག་ལྷུང་སྲིད

                                                2016.8.8ཉིན།

                                རྫི་གླུ།

སྤྲིན་དཀར་ལ་མདུད་པ་རྒྱག་ཤེས་པའི
ས་ནག་སྟེང་མཆོད་མེ་བསྒྲོན་ཤེས་པའི
ཆར་ཆུ་ཡིས་སྦྲ་གུར་ཕུབ་ཤེས་པའི
བྲག་ཅའི་མགྲིན་པ་གཤགས་ཤེས་པའི
རྣམ་ཤེས་བྱེ་ཚན་མང་དུ་ཕྱེས་རྗེས་ཀྱི་ཤུལ་ཏུ་ལྷག་པའི་རྫི་གླུའི་ནང་དུ
ལྷས་འདབས་སུ་ལྡང་བའི་སེར་ཆེན་མེ་ཏོག་གི་བསུང་ངད་འདྲེས་འདུག

                                                  2016/7/2ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངོ་མི་ཤེས་པའི་མི་ཞིག་གི་གྲིབ་མར་བསྐུར་བའི་མཐའ་མའི་འཕྲིན།(ཞར་བཀོད་གཉིས་ཡོད)

2017-05-06 རླུང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།