མི་དང་མཚན་མོ།


ཟླ་བ་མེད་པའི་ལུང་བའི་མི་ལགས
སུ་ཞིག་གིས་ལག་པ་བསྲིངས་ཏེ་ཁྱོད་ཀྱི་བྲང་ཁར་སྙབ
སུ་ཞིག་གིས་རྐང་པ་བཀྱག་སྟེ་ཁྱོད་ཀྱི་ཉེ་སར་བཅར
གཡུལ་ལས་གཏོང་སྐབས་སྙེ་མ་ས་རུ་རྡུང
འབྲུ་རིགས་བརྔོས་ནས་བྱེ་སྡེ་རླུང་ལ་བསྐུར

ཟླ་བ་མེད་པའི་ལུང་བའི་མི་ལགས
སུ་ཞིག་གི་སྙན་ངག་གྱེར་ནས་ཁྱོད་ཀྱི་མགོ་བོ་དཀྲོགས
སུ་ཞིག་གི་ཨ་རག་རྔུབ་ནས་ཁྱོད་ཀྱིས་མགྲིན་པ་བརྣངས
ལོ་མ་བཞིན་དུ་མི་གསལ་བའི་ནམ་མཁའི་ལོ་མ
སྡོང་བུ་བཞིན་དུ་མི་དྲང་བའི་ནམ་མཁའི་སྡོང་བོ

ཟླ་བ་མེད་པའི་ལུང་བའི་མི་ལགས   
སྐབས་དེར
ཟླ་བ་ལུང་བའི་སྲིབ་ངོས་ན
སྤྲིན་དམར་ལག་པས་སེད་མཁན་ག་ཚོད་ཡོད།
   
                        2017:5:25


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་དང་མཚན་མོ།

2017-05-27 འུག་པ། ཀློག་གྲངས། མཆན ཡོད།


ཟླ་བ་མེད་པའི་ལུང་བའི་མི་ལགས
སུ་ཞིག་གིས་ལག་པ་བསྲིངས་ཏེ་ཁྱོད་ཀྱི་བྲང་ཁར་སྙབ
སུ་ཞིག་གིས་རྐང་པ་བཀྱག་སྟེ་ཁྱོད་ཀྱི་ཉེ་སར་བཅར
གཡུལ་ལས་གཏོང་སྐབས་སྙེ་མ་ས་རུ་རྡུང
འབྲུ་རིགས་བརྔོས་ནས་བྱེ་སྡེ་རླུང་ལ་བསྐུར

ཟླ་བ་མེད་པའི་ལུང་བའི་མི་ལགས
སུ་ཞིག་གི་སྙན་ངག་གྱེར་ནས་ཁྱོད་ཀྱི་མགོ་བོ་དཀྲོགས
སུ་ཞིག་གི་ཨ་རག་རྔུབ་ནས་ཁྱོད་ཀྱིས་མགྲིན་པ་བརྣངས
ལོ་མ་བཞིན་དུ་མི་གསལ་བའི་ནམ་མཁའི་ལོ་མ
སྡོང་བུ་བཞིན་དུ་མི་དྲང་བའི་ནམ་མཁའི་སྡོང་བོ

ཟླ་བ་མེད་པའི་ལུང་བའི་མི་ལགས   
སྐབས་དེར
ཟླ་བ་ལུང་བའི་སྲིབ་ངོས་ན
སྤྲིན་དམར་ལག་པས་སེད་མཁན་ག་ཚོད་ཡོད།
   
                        2017:5:25


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།