ན་རོའི་སྙན་ངག་གསར་པ། རོ་རྒན་དངོས་གྲུབ་རྒྱ་མཚོ་ལ་སྤྲིངས་པའི་ཞུ་འཕྲིན་གཉིས་པ།

རོ་རྒན་རོ་རྒན་ཀྱེ། ཞུ་འཕྲིན་དང་པོ་འབྱོར་ལ་ཨེ་བྱུང་།
གཏམ་ལ་གློ་ལུ་བཅུག་པ་ཐོས་ལ་ཨེ་བྱུང་།
ཁྱེད་ཀྱི་གཤོག་པ་སྒྲུང་གི་ཚིག་རྒྱན་ལས་སྐྱེས་པར་བསམ་ན།
ང་ཡིས་ངག་གི་ཐན་པ་སྐོམ་པའི་ཟོལ་གྱིས་མིད་པའང་འགྲིག་འདུག་སྙམ།
ད་ལྟ། གཟུགས་ལས་གོམ་གང་འཁྱར་ན་ཁྱེད་ས་མཐོང་དུས་འདིར།
ཚིག་གི་གཏེར་དུ་མེད་པའི། བསིལ་བ་ཚལ་ལ་ཐོར་བའི།
གངས་རི་མཐོང་བྱེད་ཀྱི་ཀེང་རུས་མ་ལུས།
ང་ལ་རེ་རེ་བཞིན་བསྟན་རོགས།
 
ད་དུང་ཡང་དལ་ཅག་གེར་ཡོད་པ་ནི། ང་རང་ཡིན།
མི་མགོ་དམའ་བའི་དུས་འདིར། རི་མགོ་མཐོན་པོ་ཆུ་ལོག་ཅིག་ཡིན་ན་སྙམ།
ཕྲན་ང་བུ་ལོན་དང་མཉམ་དུ་རིངས་པར་བསྣུབ་ན་བསམས།
སྐྱེས་པ་ནས་ཁོང་པར་བསགས་པའི་དབུགས་ཀྱི་ཁྲབ་རྨོག་འདི་གཅིག་པུ།
རང་གི་ལྷ་ལའང་ཕུལ་མ་ཐུབ་པར་ལུས་ཀྱང་།
ནམ་ཞིག སྤྲིན་པ་ས་བཀྲ་འཁུར་བ་ཅན་དེ་ལྷོད་ཀྱིས་ལྡིང་འོང་དུས།
མགོ་བོ་ཡར་ལ་དགྱེ་བཏུབ་པ་ཙམ་གྱིས་ཆོག
 
རོ་རྒན་ཀྱེ། སླད་མར་ཡང་སྒྲུང་གི་གསེབ་ནས་ང་ལ་ཞལ་ཙམ་བསྟན་རོགས།
ཕྲན་ངར་རྩམ་དྲི་བྲོ་བའི་ནས་ཀྱི་སོག་མ་ཞིག་ལས་མེད་ཀྱང་།
སྲོག་གི་ཁུ་བ་ཧུབ་གང་གིས།
ཁྱེད་ལ་རྦད་གཞས་ཟ་ཟི་ཞིག་གྱེར་ཐུབ་པར་སྨོན།
 
                                    ༢༠༡༧ ༩ ༡༥

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་རོའི་སྙན་ངག་གསར་པ། རོ་རྒན་དངོས་གྲུབ་རྒྱ་མཚོ་ལ་སྤྲིངས་པའི་ཞུ་འཕྲིན་གཉིས་པ།

2017-09-23 ན་རོ།(ལྷ་ས) ཀློག་གྲངས། མཆན ཡོད།

རོ་རྒན་རོ་རྒན་ཀྱེ། ཞུ་འཕྲིན་དང་པོ་འབྱོར་ལ་ཨེ་བྱུང་།
གཏམ་ལ་གློ་ལུ་བཅུག་པ་ཐོས་ལ་ཨེ་བྱུང་།
ཁྱེད་ཀྱི་གཤོག་པ་སྒྲུང་གི་ཚིག་རྒྱན་ལས་སྐྱེས་པར་བསམ་ན།
ང་ཡིས་ངག་གི་ཐན་པ་སྐོམ་པའི་ཟོལ་གྱིས་མིད་པའང་འགྲིག་འདུག་སྙམ།
ད་ལྟ། གཟུགས་ལས་གོམ་གང་འཁྱར་ན་ཁྱེད་ས་མཐོང་དུས་འདིར།
ཚིག་གི་གཏེར་དུ་མེད་པའི། བསིལ་བ་ཚལ་ལ་ཐོར་བའི།
གངས་རི་མཐོང་བྱེད་ཀྱི་ཀེང་རུས་མ་ལུས།
ང་ལ་རེ་རེ་བཞིན་བསྟན་རོགས།
 
ད་དུང་ཡང་དལ་ཅག་གེར་ཡོད་པ་ནི། ང་རང་ཡིན།
མི་མགོ་དམའ་བའི་དུས་འདིར། རི་མགོ་མཐོན་པོ་ཆུ་ལོག་ཅིག་ཡིན་ན་སྙམ།
ཕྲན་ང་བུ་ལོན་དང་མཉམ་དུ་རིངས་པར་བསྣུབ་ན་བསམས།
སྐྱེས་པ་ནས་ཁོང་པར་བསགས་པའི་དབུགས་ཀྱི་ཁྲབ་རྨོག་འདི་གཅིག་པུ།
རང་གི་ལྷ་ལའང་ཕུལ་མ་ཐུབ་པར་ལུས་ཀྱང་།
ནམ་ཞིག སྤྲིན་པ་ས་བཀྲ་འཁུར་བ་ཅན་དེ་ལྷོད་ཀྱིས་ལྡིང་འོང་དུས།
མགོ་བོ་ཡར་ལ་དགྱེ་བཏུབ་པ་ཙམ་གྱིས་ཆོག
 
རོ་རྒན་ཀྱེ། སླད་མར་ཡང་སྒྲུང་གི་གསེབ་ནས་ང་ལ་ཞལ་ཙམ་བསྟན་རོགས།
ཕྲན་ངར་རྩམ་དྲི་བྲོ་བའི་ནས་ཀྱི་སོག་མ་ཞིག་ལས་མེད་ཀྱང་།
སྲོག་གི་ཁུ་བ་ཧུབ་གང་གིས།
ཁྱེད་ལ་རྦད་གཞས་ཟ་ཟི་ཞིག་གྱེར་ཐུབ་པར་སྨོན།
 
                                    ༢༠༡༧ ༩ ༡༥

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།