སྐད་ཅིག་མ་དེར།(ཞར་བཀོད་གསུམ་ཡོད)

ཐོ་ཡོར།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-08-27

འུར་ཟིང་ལས་སྐྱེས་པའི་ཆགས་པས
མགོ་ཐོག་གི་སྤྲིན་པར་ཡང་བཙན་གཡེམ་བྱས

སྒེའུ་ཁུང་ཕྱི་རོལ་གྱི་ཉི་མ་ཡང་སྙིང་སུ་ཡི་བདས
མུན་པ་ཕྱོགས་གཉིས་སུ་ཆད
སུ་ཞིག་ལ་གདོང་ཐུག་རྒྱག་འགྲོ་ཨང་སྙམ་པའི་ཚོར་བ་ཉམས་འདུག

གནོང་འགྱོད་ཀྱིས་མནར་བའི་རྩིབས་མ་བསྐྱོར་ནས
བར་ཐག་གིས་ཆོད་པའི་ཟློས་གར་གླེང
དེའི་རྗེས་སུ་ཡུན་རིང་བོར་ག་ཞའི་གསེང་ནས་ལུས

མཚམས་ཤིག་ལ་ཆེས་འཇིགས་སུ་རུང་བའི་དོན་ཞིག་དང་འཕྲད
ལྐོག་གྱུར་དང་མངོན་སུམ་གཉིས་དབྱེར་མི་ཕྱེད་པར་གྱུར
ཡིད་ཀྱི་ཤེས་པ་ལྷག་མར་སོང

མིག་གིས་མཐོང་ཐུབ་པ་དག་གིས་སུན་པོ་བཟོས
མིག་ཟུང་བཙུམས་ཏེ་ཡུན་རིང་བསྡད་ཀྱང
དྲན་འོང་བ་དག་ནི ཉིན་མཚན་གང་གི་དུས་སུ་བྱུང་བ་ཆ་མ་འཚལ

“རྨོངས་པའི་ར་བ་འདི་བརྒལ་མ་ཐུབ་ཚེ
བཟུང་བ་མེད་པའི་རྡུལ་ཆ་མེད་དུ་འགྱུར་སྲིད”
ཞེད་སྣང་ཆེན་པོས་ལབ

ཁོག་པའི་ནང་གི་མ་རིག་པ
སེམས་ངོའི་གཡའ
སྐྱེ་བ་སྔ་མས་བསགས་པའི་ལས
རྒྱུས་མེད་ནས་རྒྱུས་ཡོད་དུ་གྱུར

ཕྱི་རོལ་དུ་འགྲོ་སྙིང་སྐྱེས་དུས་གཏམ་རྒྱུད་ཀྱི་མཇུག་རྫོགས
                     2019-8-2
ཕྱི་དྲོ་ཧྲིལ་པོར།

འདས་ཟིན་པའི་རང་གི་བྱ་སྤྱོད་ཀྱིས
ད་ལྟའི་ང་ལ་འགྱོད་པ་སྐྱེས་བཅུག་མ་སོང་ཡང
སྐྱོ་སྣང་བན་བུན་ཞིག་གིས་ཕྱི་དྲོ་འདས
གཞས་པ་དེའི་གཞས་དེར་ཐེངས་མང་པོར་ཉན་རྗེས
གཞས་པའི་མིང་ཤེས་དགོས་དོན་རྩ་བ་ནས་མི་འདུག་བསམ
མདུན་ཅོག་སྟེང་ནས་ཡུན་རིང་ལ་གཉིད་པའི་དེབ་དེའི་ཁ་ཕྱེས
དེའི་ནང་གི་ཚིག་འབྲུ་དག་ཧ་ཅང་སྒྱིད་ལུག་གིས
ངའི་མིག་ཀོང་བརྒྱུད་ནས་ཡིད་ཤེས་ཀྱི་སྒོ་དྲུང་དུ་དལ་བྲེལ་མེད་པར་བསྐྱོད
སྐྱོ་སྣང་གི་སྨུག་ལོང་དེའི་རྐྱེན་གྱིས་ཡིན་ནམ
ལམ་སེང་དམིགས་ས་དེར་མ་ཐོན
དེ་ལྟར་བཤད་ན་འང་མི་འཚམས་པ་ཞིག་ལ
ཁོ་ཚོའི་འགུལ་བསྐྱོད་སུས་ཀྱང་མཐོང་མྱོང་མེད
དེབ་ཀྱི་ཁ་བསུམས་ཏེ སྙིང་བོས་སྟོང་པ་དེ་དག
ཨུ་ཚུགས་ཀྱིས་དྲན་པའི་ནང་ནས་ཕར་བདས
ཤུལ་དུ་ལུས་པའི་ཁུག་མ་སྟོང་བ་ལྟ་བུའི་དྲན་པར
འདས་ཟིན་པའི་རྣམ་ཤེས་ཀྱི་ཆོབ་ཚ་བའི་འཕར་ལྡིང
རྒས་དུས་ཀྱི་རང་ལ་ཡོད་པར་རྟོག་བཟོ་བྱས
                        2019-8-6
 
བགྲེས་པོ་ཞིག

ཚོགས་གྲོལ་ནས་ཆུ་ཚོད་གཅིག་ཙམ་སོང
འདུ་ཁང་ནང་དུ་ཆུ་ཚོད་གཅིག་གི་སྔོན་དུ་མི་སྟོང་ཕྲག་འགའ་འདུས་མྱོང་བའི་བདེན་དཔང་ཅི་ཡང་ལྷག་མི་འདུག
འདུ་བྲལ་གྱི་རླུང་བུ་གདོང་ལ་འཁྱག་སིབ་སིབ་ཏུ་གཡུག་བྱུང

བགྲེས་པོ་ཞིག་མདུན་ཁང་གི་རྡོ་འཁྱགས་སྟེང་ནས་ཡར་བཞེང་གིན་འདུག
ལག་པ་གཉིས་དང་པུས་མོ་གཉིས་སར་བཙུགས་ནས་ཡར་བཞེང་གིན་འདུག
འདུ་ཁང་གི་སྒོ་ཐེམ་ནས་འདྲེད་ཤོར་བ་མིན་འགྲོ
ཚེ་ཡི་རི་རྩེ་ནས་མར་འགྲིལ་བའང་ཡིན་སྲིད
མདུན་བསྐྱོད་ཀྱི་མཐའ་མ་ལོན་ནས་སྐྱོ་ཞིང་དུབ་སྟེ
ཕྱིར་ལོག་པའི་ལམ་ནས་འདྲེད་ཤོར་བའང་ཡིན་སྲིད
མཐའ་འཁོར་དུ་མི་གཅིག་ཀྱང་མི་འདུག
ཁོང་ཚོར་ཡང་ཅི་ཁག
མདུན་བསྐྱོད་ཀྱི་ལམ་ནས་ཁ་ཕྱིར་འཁོར་ཁོམ་མ་བྱུང་བ་ཡིན་སྲིད

ལག་པའི་ཚིགས་བལྟབས་ནས་ཡར་བཞེང་ཐུབ་མ་སོང
ཁོང་གིས་ཕྱོགས་བཞིར་གཟིགས་ཏེ་རེ་འབོད་ཞུ་གི་མི་འདུག
ཁོང་རེ་ཞིག་འཇིམ་སྐུ་ཞིག་ལྟར་གྲགས་འགུལ་མེད་པར་གྱུར
མཆན་འོག་ལ་ལག་པ་བརྒྱབ་ནས་ཡར་བསྐྱོར་ཏེ
ཁྱེད་ཀྱི་གྲྭ་ཤག་གང་ན་ཡོད་ཅེས་དྲིས

ཁོང་གིས་འདུ་ཁང་དང་གྲྭ་ཤག་བར་དུ་ངལ་བདུན་གསོས
དུས་ཚོད་ཀྱི་འགྲོས་ཀྱང་ཇེ་དལ་དུ་བཏང
ཐགས་ཐོགས་མེད་པའི་ངག
འགྲོས་མྱུར་བའི་གོམ་སྟབས
སྙིང་གི་འཕར་ལྡིང་སོགས་ཀྱང་ཇེ་དལ་དུ་བཏང

ཕྱིར་ལོག་པའི་ལམ་དུ
ངས་རང་ཉིད་རང་དང་གཞན་གང་གི་དུས་ཚོད་ལ་གཏོགས་སྙམ

མི་ཚེའི་དགུན་ཁར་སླེབས་པའི་མིག་མདངས་དེས
དར་ཅིག་མདུན་ཕྱོགས་རབ་རིབ་ཏུ་བཏང

སླར་ཡང་འགྲོས་མྱུར་བའི་དུས་ཚོད་ཀྱི་འུར་ཟིང་གོམས་པར་གྱུར
                                             2019-8-7
མཚན་གུང་སྙན་ངག་བྲིས་པ།

ངས་སྙན་ངག་ཅིག་བྲིས་ཏེ
ནད་དུ་འགྱུར་བཞིན་པའི ཞེད་སྣང་དེ་ཉམས་དམས་སུ་བཏང
གཉིད་སྣང་ཕྲན་བུ་དང་བཅས
ཡར་ལངས་གྲབས་བྱེད་སྐབས
འཇིག་རྟེན་འདིའི་ནང་གི་ཆུ་ཐམས་ཅད
དུས་གཅིག་ལ་རགས་ལས་ཤོར་བ་ལྟ་བུའི
ཚོར་བས་མར་མནན་བྱུང
མི་མངོན་པའི་འདུ་ཤེས་སྣ་ཚོགས
མཚན་སྨག་གིས་བདས་པ་དང་འདྲ
མགོ་ཡར་དགྱེ་དབང་མི་སྟེར
དུས་ཚོད་ནམ་ཕྱེད་དུ་སླེབས་ཡོད་སྲིད
བཏང་སྙོམས་ངང་ཡུད་ཙམ་བསྡད་ཀྱང
དེས་གང་ཡང་མ་ནུས
དབུགས་བསྡམས་པའི་ཅ་ལག་གི་ཚོགས
གྲིབ་མས་ཁྱུར་མིད་བཏང
བརླན་གཤེར་གྱིས་གྲུབ་པའི་རྨི་ལམ
ཁ་དོག་བོར་བའི་སྡུག་བསྔལ་གྱིས་མནར་ཏེ
དུས་ཚོད་ཀྱི་ཕྱི་ལ་འཁྱམས
སྐད་ཆས་ཕྱེ་མར་གཏོང་སྲིད་པའི་དུས་ཚོད
ཀླད་པ་སྟོང་པའི་ཕུགས་སུ་གནས
བསྐྱར་ཅིང་བཟློས་པའི་ཐ་སྙད་དག
ཟུངས་ཟད་དེ་འགུལ་མེད་དུ་གནས
མགོ་ནང་གི་ཟིང་ཆ་སྣ་ཚོགས་ཀྱིས
མཚན་མོའི་དུས་ཚོད་སྲ་མོའི་གཟུགས་སུ་བཟོས
སང་ཉིན་གྱི་ཞོགས་པར འཁྲུལ་སྣང་གི་བ་མོ་ཆགས་ཡོད་ངེས
                                 2019-8-7                      
རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཅིག་མ་དེར།(ཞར་བཀོད་གསུམ་ཡོད)

2019-08-27 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།