ངལ་རྫིའི་སྙན་ངག་གསར་པ་ཁག་བཞི།

  བརྩམས་ཆོས་ཉེར་དགུ་བ།
                 
བདག་གིས་ནུབ་རླུང་སྤར་གང་ནམ་མཁའ་ལས་གཞབ་ནས
ལུས་ལ་གྱོན།
དེ་ལ་ཁེར་རྐྱང་ཟེར།
བདག་གིས་བྱ་སྐད་ཐོག་མ་གྲག་པ་སྐལ་བ་ཡ་ཐོག་གི
ཐེམ་སྐས་ལ་བྲིས།
དེ་ལ་འཁོར་བ་ཟེར།
བདག་གིས་གཡང་གཟར་ལས་ལྷུང་བའི་གྲིབ་མ་ཕྱེད་ཀ
མེ་ལོང་དུ་བཅུག།
དེ་ལ་འོ་དོད་ཟེར།
བདག་གིས་མེ་ཏོག་ལས་བཏོན་པའི་གསེར་ནག་གིས
བུད་མེད་ཀྱི་ལན་བུར་རྨ་ཁ་བཏབ།
དེ་ལ་འཆི་བ་ཟེར།
བདག་གིས་ཁ་སང་གི་ལོ་ཏོག་གཏམ་རྒྱུད་དུ་འཐག་ནས་
ས་སྟེང་དུ་གཏོར།
དེ་ལ་འཚོ་བ་ཟེར།
བདག་གིས་དུས་ཚིགས་རེ་རེའི་གཙང་བོའི་ལྷམ་ཆུང་ཕུད་དེ
དྲན་པར་བཅུག།
དེ་ལ་ལོ་ཟླ་ཟེར།
བདག་གིས་ནོར་ནག་ཁྱུ་གཅིག་གི་ཕ་ཡུལ་སྐྱི་པགས་ལ་བྲིས་ནས
གནམ་སའི་མཚམས་ལ་བཞག
དེ་ལ་སྙན་ངག་ཟེར།
                                       2019-11-14ཉིན།
                   མི་མ་ཡིན།

ང་ནི་གནམ་གྱི་གནམ་ཡིན།
ས་ཡི་ས་ཡིན།
ང་ནི་བདག་གི་བདག་ཡིན།
གཞན་གྱི་གཞན་ཡིན།

ང་ནི་དུག་གི་དུག་ཡིན།
སྨན་གྱི་སྨན་ཡིན།
ང་ནི་གངས་རིའི་གངས་རི་ཡིན།
དབུས་ཀྱི་དབུས་ཡིན།

ང་ནི་མེ་ཡིན།ཆུ་མིན།
ང་ནི་ཆུ་ཡིན།རླུང་མིན།
ང་ནི་གཟུགས་བརྙན་ཡིན།
ཁེར་རྐྱང་གི་ཁེར་རྐྱང་ཡིན།

ང་ནི་འོད་ཀྱི་འོད་ཡིན།
མུན་པའི་མུན་པའང་ཡིན།
ང་ནི་ཚིག་གི་ཚིག་སྟེ།
ཡི་གེའི་མུན་པ་ཡིན།

ང་ནི་ཁ་སང་གི་ཁ་སང་ཡིན།
འདས་པ་མིན།མ་འདས་པ་མིན།
ང་ནི་ཐིག་ལེའི་ཐིག་ལེ་ཡིན།
སྟོང་བ་མིན།ཐར་བ་མིན།

ང་ནི་སྐད་ཆའི་སྐད་ཆ་ཡིན།
ཁེང་ལོག་གི་ཁེང་ལོག་ཡིན།
ང་ནི་རླུང་གི་རླུང་ཡིན།
དམིགས་མེད་ཀྱི་དམིགས་མེད་ཡིན།

ང་ནི་རྩྭ་ཡི་རྩེ་མོ་ཡིན།
གློག་ཞགས་ཀྱི་གཞན་དབང་ཡིན།
ང་ནི་ལྷ་ཡི་བླ་ཡིན།
མི་ཡི་མི་མ་ཡིན་ཡིན།
                                     2019.10.5
  ཁྱོད་ཚོ་ནི་རུས་རྒྱུད་བོར་བའི་རྨ་ཁ་ཡིན་སྲིད།

ཁྱོད་ཚོའི་ཉིན་མོ་ནི་མེས་པོའི་ཞལ་ཆེམས་ཡིན།
རི་བོ་དང་སྤང་གཤོང་དུ་མ་བརྒལ་རྗེས།
ཁྱོད་ཚོའི་ཆོས་ལུགས་ནི་རང་ཉིད་ཀྱི་མངོན་མཐོ་ཡིན།

ཁྱོད་ཚོའི་ཟློས་གར་ནི་མི་ཡུལ་ལ་བྲིས་པའི་ན་ཟུག་ཡིན།
བསམ་མེད་འགས་ཨུ་ཚུགས་མཐར་གཏུགས་པས།
ཁྱོད་ཚོའི་ཡུལ་གྲུ་ནི་རྨ་ཁ་ལ་བསྣན་པའི་རྨ་ཁ་ཡིན།

ཁྱོད་ཚོའི་ཕྱི་རོལ་ན་རང་ཉིད་གཞན་ཞིག་ཡོད་མི་སྲིད།
མངོན་སུམ་ཐ་དག་ཕྱིར་བསྐྲད་རྗེས་ཀྱི་ཁྱོད་ཚོ་ནི།
སྒྱིད་ལུག་དང་སྐྲག་སྣང་ལ་གོམས་པའི་སྤྲེའུ་རུ་གྱུར།

ཁྱོད་ཚོའི་དུས་རབས་ནི་ནད་ཡམས་བསྒོས་པའི་མར་མེ་ཡིན།
ཡན་ལག་ཁྲི་སྟོང་ལ་དབང་བསྒྱུར་བའི་དབེན་སིམ་དང་།
འཕྲུལ་ཆས་ཀྱི་མ་ལག་འགའ་ལ་ཡིད་ཆེས་པའི་ཉེར་ལེན་ཡིན།

ཁྱོད་ཚོའི་འཛུམ་མདངས་ནི་ཉི་ནུབ་ལ་བཞག་པའི་དྲན་པ་ཡིན།
མཚན་མོའི་ཟླ་བ་སྤྲིན་གྱི་ཕག་ན་དམིགས་མེད་རྒྱུ་དུས།
ཁྱོད་ཚོའི་རིན་ཐང་ནི་རིན་མེད་ཀྱི་ཧབ་ཐོབ་ཡིན།

ཁྱོད་ཚོའི་ནང་མི་ནི་བཙོན་མ་ལྟ་བུའི་རང་དབང་ཡིན།
ལེགས་བཤད་དང་ཁ་ཏོན་རིམ་གྲོ་ལྟར་བགྱིས་ནའང་།
ཁྱོད་ཚོའི་མཛའ་བཤེས་ལ་ལྐོག་གཡོ་ལན་གསུམ་ཡོད།
                                        2019-8-20
              ཁ་བ། ཡང་ན་རྗེས་དྲན།
                   
ཁ་བ།
གནམ་རིམ་པ་བཅུ་གསུམ་གྱི།
བླ་ནས་བླ་རུ།
ཕོ་བྲང་དཀར་ནག་གི་འདུ་བྱེད་ལས།
སོ་སོར་ཕྱེ་བའི།
རྨི་ལྟས་ཀྱི་ཆུ་ཤེལ།
ཡེ་ནས་གྲུབ་པའི་རང་གཤིས་ཀྱི།
མངོན་སྟངས་དང་བཅས།
དམའ་ས་ནས་དམའ་སར་འཕུར་བའི།
གཤོག་རླབས་ཡངས་ཤིང་གཡོ།

ཁ་བ།
གཏིང་མཐའ་མི་དཔོག་པའི་མུན་པའི་རྔམ་བརྗིད་ལ།
རྟག་ནས་རྟག་ཏུ།
ཅོ་འདྲི་ཞིང་མནར་མེད་ཀྱི།
མཐའ་རུ་ལྷུང་བའི་སྐད་ཅིག་མ་དེ་དག།
དགུན་གྱི་མྱ་ངན་འཕྱོ་བའི་ཐང་ཆེན་དུ།
རུས་གོག་སྤར་བ་གང་གི་ཤོང་ཚད་དང་ཉེ་ཞིང་།
མི་ཆོས་ཀྱི་གནད་ཀ་བསྟར་དུ་སྒྲིག་བཞིན།
བདེན་པ་དཔང་དུ་འཇོག་པའི་ལག་ལེན་ཁྲོད།
སེམས་ལ་སེམས་ཀྱི་དུས་ཚིགས་ཤར།
ངོ་གདོང་དང་ངོ་གདོང་འཕྲད།

ཁ་བ།
སྐྱིད་སྡུག་གི་སྐྱེས་རབས་རྫོགས་ཤུལ་ན།
མུ་ནས་མུ་རུ།
ཤེས་བཞིན་གྱིས་བར་སྣང་དང་།
བཀྱེད་དེ་འགྲོ་བཞིན་པའི་ནམ་མཁའི་སྙེ་མ་རེ་རེ།
ལྡོག་ཏུ་མེད་པའི་འཁོར་ལོ་ཤུགས་ཀྱིས་འཁོར།
གཉུག་མའི་འོད་གསལ་རྡུལ་ཐོག་རྡུལ་དུ་བརྩེགས།
གཞན་དབང་ལ་གཞན་ཕན་གྱི་སྒོ་མོ་ཡངས།
སེམས་བྱུང་གི་གཅོང་རོང་ཐོལ་དེ་བརྒལ།
མི་སེམས་ཀྱི་སྦྱོར་བ་རྩུབ་པའི་སོས་ཀ་དེར །
ཁ་དོག་ཁོ་ནས་ངང་གིས་འབབ་པ་ནི།
རང་བཞིན་ལྷད་མེད་ཅིག།

ཁ་བ།
མཇུག་མཐའི་ཁེར་རྐྱང་ངག་ལ་སྒྲོན་པའི་ཐབ་ཚང་དུ།
གཏིང་ནས་གཏིང་དུ།
རྨི་ལམ་ཟབ་མོར་མཆིག་རྡོ་སྐོར་བ་ལྟར།
ཀུན་བཏགས་ཀྱི་ཉམས་འགྱུར་སྣ་དགུ།
ནག་ནོག་གི་དྲི་མས་མ་གོས་པའི་ཡིད་ངོགས་སུ།
ལྟ་བ་ཕྱོགས་ཁྱབ་ཉི་འོད་ལྟར་འཛུམ།
དཀར་ཕྱོགས་ཀྱི་ལྷ་དང་ལྷ་ཡི་དབང་བོ་དག།
བདེན་པའི་གཞུ་ལ་དྲང་བོའི་མདའ་ལྟར་ཉལ།
རླུང་ལ་ཁ་ཕྱོགས་མེད་པ་ནས།
ཁ་བའི་ལྗིད་ཚད།
གངས་རི་ཁོ་ནས་རྟོགས།
                              2019-1-28

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངལ་རྫིའི་སྙན་ངག་གསར་པ་ཁག་བཞི།

2019-12-11 ངལ་རྫི།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།