དེ་དག (ཞར་བཀོད་གཅིག་ཡོད)

ཐོ་ཡོར།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-09-14


ལོ་ཕྱེད་ཅིག་ལ་སྙན་ངག་མ་བྲིས་ཀྱང
ཐ་སྙད་དེ་དག་གིས་ང་རང་ཡོངས་སུ་དོར་མི་འདུག
ཁྲག་རྒྱུན་དུ་གནས་བཅས་པ་དེ་དག
ཁེར་བུར་སྡོད་ཅིང་དེ་དག་གི་ང་རྒྱལ་གྱིས
སུ་ལའང་རྨ་ཁ་གཏོད་མི་སྲིད
དེ་དག་གཞན་སུ་ཡིས་ཀྱང་སྒྲུན་དུ་མེད

ཇི་སྲིད་སྨྱོ་འབོག་དང་མདེའུ་ཡིས་ཐིམ་སྒྲིལ་བྱས་ཀྱང
 “ འདུན་པ་ཚེར་མའི་རྩེ་མོ་ལྟར „

གསང་བའི་ཕོ་བྲང་རྡིབ་པའི་ལུང་བསྟན་ནི
རྟ་ཁ་བསྒགས་ཏེ་སྡོད་པའི་སེམས་བྱུང་གི་ང་རྒྱལ་ཉམས་པའོ

ཉིན་གང་གི་འཕྲོ་འདུ་རྒོད་པའི་སྟོང་བསམ་གྱིས
དུས་ཚོད་ལ་འང་སྣང་བ་མི་གཏོང
གྲངས་ཀའི་འདུ་འཕྲོད་ཀྱིས་སུན་སྣང་བསྐྱེད་པར
འགྲེལ་བཤད་སྡུག་ཅག་ཅིག་བརྒྱབ་ཀྱང
རྨོངས་པའི་རྒྱུ་རུ་མི་འགྱུར་གྲང
དེ་དག་འཇིག་པའི་གོ་རིམ་ཞེས་པའི་ནགས་ཚལ་དུ་ཡོད
དེ་དག་མངོན་སུམ་ཞེས་པའི་རྩིག་པའི་ནང་དུ་ཡོད

                                                        ༢༤་༨་༢༠༢༠


ནཱ་ལ།

འཁྱོག་པོར་གྱུར་བའི་དུས་རབས་འདིའི་ས་སྲོད་ནི
དུས་ཚོད་ལས་ཀྱང་རྒྱུན་རིང་བ་ཞིག་རེད
རྒྱ་ཡན་དུ་བཏང་བའི་ཞོགས་པ་ནས
ངས་རྒྱང་རིང་ལ་འགྲོ་བའི་སྟ་གོན་བྱས་ཚར་ཡང
རྣམ་ཀུན་རྡོ་བཅལ་བཏིངས་བའི་ཁྲོམ་ལམ་དུ
འགྲུལ་བཞུད་ཀྱིས་བསླུས་པའི་རྐང་པ་མ་གཏོགས
དུས་ཚོད་ཚིག་བཞིན་པ་མཐོང་མི་ཐུབ་པས
རང་གི་གྲིབ་མར་ཡང་བལྟ་མ་ཕོད་པར་བསྡད
ངས་སྐབས་འགར་ཁྱེད་ཀྱང་ང་དང་འདྲ་བར་ལྷག་ཡོད་པ་ཤེས།

                                                    ༡༩་༣་༢༠༢༠
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་དག (ཞར་བཀོད་གཅིག་ཡོད)

2020-09-14 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།


ལོ་ཕྱེད་ཅིག་ལ་སྙན་ངག་མ་བྲིས་ཀྱང
ཐ་སྙད་དེ་དག་གིས་ང་རང་ཡོངས་སུ་དོར་མི་འདུག
ཁྲག་རྒྱུན་དུ་གནས་བཅས་པ་དེ་དག
ཁེར་བུར་སྡོད་ཅིང་དེ་དག་གི་ང་རྒྱལ་གྱིས
སུ་ལའང་རྨ་ཁ་གཏོད་མི་སྲིད
དེ་དག་གཞན་སུ་ཡིས་ཀྱང་སྒྲུན་དུ་མེད

ཇི་སྲིད་སྨྱོ་འབོག་དང་མདེའུ་ཡིས་ཐིམ་སྒྲིལ་བྱས་ཀྱང
 “ འདུན་པ་ཚེར་མའི་རྩེ་མོ་ལྟར „

གསང་བའི་ཕོ་བྲང་རྡིབ་པའི་ལུང་བསྟན་ནི
རྟ་ཁ་བསྒགས་ཏེ་སྡོད་པའི་སེམས་བྱུང་གི་ང་རྒྱལ་ཉམས་པའོ

ཉིན་གང་གི་འཕྲོ་འདུ་རྒོད་པའི་སྟོང་བསམ་གྱིས
དུས་ཚོད་ལ་འང་སྣང་བ་མི་གཏོང
གྲངས་ཀའི་འདུ་འཕྲོད་ཀྱིས་སུན་སྣང་བསྐྱེད་པར
འགྲེལ་བཤད་སྡུག་ཅག་ཅིག་བརྒྱབ་ཀྱང
རྨོངས་པའི་རྒྱུ་རུ་མི་འགྱུར་གྲང
དེ་དག་འཇིག་པའི་གོ་རིམ་ཞེས་པའི་ནགས་ཚལ་དུ་ཡོད
དེ་དག་མངོན་སུམ་ཞེས་པའི་རྩིག་པའི་ནང་དུ་ཡོད

                                                        ༢༤་༨་༢༠༢༠


ནཱ་ལ།

འཁྱོག་པོར་གྱུར་བའི་དུས་རབས་འདིའི་ས་སྲོད་ནི
དུས་ཚོད་ལས་ཀྱང་རྒྱུན་རིང་བ་ཞིག་རེད
རྒྱ་ཡན་དུ་བཏང་བའི་ཞོགས་པ་ནས
ངས་རྒྱང་རིང་ལ་འགྲོ་བའི་སྟ་གོན་བྱས་ཚར་ཡང
རྣམ་ཀུན་རྡོ་བཅལ་བཏིངས་བའི་ཁྲོམ་ལམ་དུ
འགྲུལ་བཞུད་ཀྱིས་བསླུས་པའི་རྐང་པ་མ་གཏོགས
དུས་ཚོད་ཚིག་བཞིན་པ་མཐོང་མི་ཐུབ་པས
རང་གི་གྲིབ་མར་ཡང་བལྟ་མ་ཕོད་པར་བསྡད
ངས་སྐབས་འགར་ཁྱེད་ཀྱང་ང་དང་འདྲ་བར་ལྷག་ཡོད་པ་ཤེས།

                                                    ༡༩་༣་༢༠༢༠
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།