རྟོགས་སད་ལྷ་མོའི་སྙན་ངག་གསར་པ་ཁག་གཉིས།

རྟོགས་སད་ལྷ་མོ།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-12-11
 དེ་རིང་གི་ཆེད་དུ།                     
                                    
ཉིན་གང་པོ་འདིར།
ངས་རང་ཉིད་ལ་འཚམ་པའི།
གཏམ་སྣེ་ཞིག་གཏན་ནས་འདྲེན་མ་ཐུབ།

ང་རང་དུས་ཚིགས་འདིའི་ཁ་གཏད་དུ་འགྲེང་དུས།
རྨི་ལམ་ཐན་ཐུན་ཞིག་གི་མགོ་མཇུག་ཚང་མེད་པ་ཚོར་ཡོང་།
དེ་ནི་ལྷུང་ལྷུང་དུ་བཞུར་བའི་སྐྱིད་ཆུ་དང་འབྲེལ་བ་ཡོད་པས་ཨེ་ཡིན།
སྐྱིད་ཆུར་འཁྲེང་བའི་ཁུ་ལོ་དང་འབྲེལ་བ་ཡོད་པས་ཨེ་ཡིན།
དེ་ནི་ས་ལ་ལྷུང་བའི་སྟོན་ལོ་དང་འབྲེལ་བ་ཡོད་པས་ཨེ་ཡིན།
དེ་ནི་བརྩེ་བས་འཁྲུངས་པའི་རྒྱ་སེ་རྐང་གཅིག་དང་འབྲེལ་བ་ཡོད་པས་ཨེ་ཡིན།
དོན་ངོ་མར་དེ་དག་ཅི་ལའང་འབྲེལ་བ་མེད་དེ།
ལོ་ཟླས་ཞིབ་བཏགས་བྱས་མྱོང་བའི་གཏམ་རྒྱུད་དག
སུ་ལའང་གླེང་རིན་མེད་ཅིང་།  སུ་ལའང་འབྲེལ་བ་མེད་པས།
ཡ་ཆུང་གི་ཁོག་ན་སིལ་འབྲས་བཞིན་སྨིན་ཞིང་
མེ་ཏོག་བཞིན་བཞུད་འགྲོ་བའང་ཆོས་ཉིད་ལས་མ་འདས་ཨང་།

ལོ་ཟླའི་ཧམ་ཤེད་ཀྱིས་གཞིབ་ཀྱིན་པ་ནི་
ངའི་ལང་ཚོ་དང་ངའི་རྣམ་ཤེས་ཁོ་ན་ཡིན་པས།
ད་ནི་ངས་རང་གི་སྟོན་ལྗོངས་ལ་མཛེས་སྡུག་ཞིག་ཡེ་ནས་བསྐྲུན་མ་ཐུབ།

དེ་རིང་སྟེ།   ངས་རང་གི་ལོ་ཟླའི་ཁ་དོག་ལ་སེམས་ཤ་གླན་དུས།
རང་དང་འབྲེལ་བ་མེད་པའི་སེམས་ཁྲལ་དག་རིང་དུ་བསྐྱུར་ནས།
རང་ལ་འཚམ་པའི་གཏམ་རྒྱུད་ཅིག་གསར་བཞེངས་བྱ་དགོས་པ་ཚོར་ཡོང་།
                     2020/11/03དེ་རིང་ནི་རང་ལ་མཚོན་ན་དུས་ཚོད་དམིགས་བསལ་ཞིག་ཡིན་པར་འདོད་ཡོད།
             
ལྷ་ཚོགས་ཀྱིས་སྲུང་བའི་བོད་མི།
                                            
ལྷ་སྒྲུང་ལ་དགའ་བའི་བོད་མི་ཚོ།
རྒྱུན་དུ་ནས་འོད་ཟེར་ཁྱད་པར་བ་ཞིག་ལོངས་སུ་སྤྱོད་ཀྱིན་ཡོད།
དེ་ནི་ལྷ་ཚོགས་ཀྱིས་གནང་བའི་བྱིན་བརླབས་དམིགས་བསལ་ཞིག་ཡིན།
འོད་ཟེར་ལ་འདྲེས་པའི་རྣམ་ཤེས་དེ་དག
ཉེ་ས་དང་རྒྱང་ས་གང་དུའང་ཡོད་པས།
ལྷ་ཚོགས་ཀྱིས་སྲུང་ཐུབ་ཀྱིན་ཡོད་ལ།
སྲུང་ཐུབ་ཀྱིན་མེད་པའང་འདྲ།

ལྷ་ཚོགས་ཀྱིས་སྲུང་བའི་བོད་མི་དེ་དག
པོ་ཏ་ལ་དང་ཉེ་སར་ཡོད་ཅིང་།
གཙུག་ལག་ཁང་གི་ཞབས་འོག་ན་ཡོད་པས།
ཁོ་ཚོས་ལྷ་ཚོགས་ཁོ་ནར་ཡིད་ཆེས་ཤིང་།
ལྷ་ཚོགས་ཀྱིས་ཀྱང་ཁོ་ཚོར་དམིགས་ཀྱིས་སྲུང་གིན་ཡོད།

ལྷ་ཚོགས་ཀྱིས་ཡང་ནས་བསྐྱར་དུ།  བདེ་བ་ཅན་གྱི་ཞིང་ཁམས་སྟོན་ཞིང་།
ཡང་ནས་བསྐྱར་དུ།  བདེ་བ་ཅན་གྱི་སྒོ་ཡོལ་ཕྱེ་ནས་ཡོད་ཀྱང་།
ཁོང་ཚོ།  རྟག་པར་བསང་དུད་དང་མར་མེའི་འོད་ཀྱིས།
ཞིང་ཁམས་ཀྱི་ལམ་བུ་མཐོང་གིན་མེད་ལ།
ཞིང་ཁམས་ཀྱི་སྒོ་ཡོལ་ལ་ལག་པས་སྙོབ་ཀྱིན་མེད།
དེ་ལྟར་ཡང་ཁོང་ཚོས་འཁང་ར་གཏན་ནས་མི་བྱེད།
དེ་ནི་ལྷ་ཚོགས་ལ་དད་པའི་སྟོབས་ཀྱིས་ལོས་ཡིན།

ཡིད་ཆེས་དང་དད་པའི་སྟོབས་ཀྱིས་མ་ལྷོད་པའི་དབང་གིས།
ཁོ་ཚོས་རང་གི་བདེ་བ་དང་སྡུག་བསྔལ་ཡོད་ཚད་ལྷ་ཚོགས་ལ་བཅོལ་ཞིང་།
ཚེ་རབས་ནས་ཚེ་རབས།    མི་རབས་ནས་མི་རབས།
འདས་པ་ནས་ད་ལྟ་དང་ད་ལྟ་ནས་མ་འོང་བར།
སྐྱེས་པ་ནས་འཆི་བའི་བར་དང་།
འཆི་བ་ནས་སྐྱེ་བ་གཞན་ཞིག་གི་བར་དུ།
ཁོ་ཚོས་ལྷ་ཚོགས་ལ་དད་པའི་སྟོབས་ཤུགས་ནམ་ཡང་ལྷོད་མ་མྱོང་།

དེ་རིང་། ཁོ་ཚོས་སྔར་བཞིན་ལྷ་ཚོགས་ཕེབས་པར་སྒུག་ཞིང་།
ལྷ་ཚོགས་ཀྱིས་རང་ཉིད་ལ་མཐུ་ནུས་ཁྱད་པར་བ་ཞིག་གནང་བར་སྒུག་ཡོད།
ཁོ་ཚོས་མཐུ་ནུས་དག་རེ་རེ་བཞིན་རང་གི་འཕྲེང་ཐག་ལ་བརྒྱུས་ནས།
སྐྱེ་བ་དུ་མར་ལོངས་སུ་སྤྱད་ན་འདོད་ཡོད།

ལྷ་ཚོགས་ཀྱིས་སྲུང་བའི་མི་དག
ལག་པ་བརྐྱང་བ་ཙམ་གྱིས་རང་གི་འདོད་ཡོན་འཕེལ་ཞིང་།
གཉིད་དང་རྨི་ལམ་དུའང་རང་གི་ལོངས་སྤྱོད་འཕེལ་བར་ཡིད་ཆེས་ཡོད།

ཁོ་ཚོས་ལྷ་ཚོགས་ཁོ་ནར་ཡིད་ཆེས་ཤིང་།
ལྷ་ཚོགས་ཀྱིས་ཀྱང་ཁོ་ཚོ་དམིགས་སུ་སྲུང་གིན་ཡོད་པ་འདྲ།
                 2020/11/07  བོད་ཟླ་༩ཚེས་༢༢ལྷ་བབས་དུས་ཆེན་ལ།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྟོགས་སད་ལྷ་མོའི་སྙན་ངག་གསར་པ་ཁག་གཉིས།

2020-12-11 རྟོགས་སད་ལྷ་མོ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།