འགྲུལ་བཞུད་དང་ཁེར་རྐྱང་གིས་བཏེགས་པའི་དགུ་ཚིགས།

ཚེ་རིང་དབང་རྒྱལ།(རྨ་ལྷོ་སོག་རྫོང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-03-08
                          ——བོད་ཀྱི་དེང་རབས་རྩོམ་རིག་གི་གདོང་ལེན་པ་ཞིག་ལ།
                                                                          
༡.བསླུ་བྲིད།

ཁྱེད་ཀྱིས   “ནུབ་ཕྱོགས་ཀྱི་གནམ་སའི་མཚམས་ནས”བསླུ་བྲིད་ཀྱི་རང་གཟུགས་མཐོང
བསླུ་བྲིད་ལས་ཕྱིར་བཟློག་ཐབས་མ་རྙེད

བསླུ་བྲིད་ཀྱིས་འདས་སོང་འཁྱེར  དུས་ཚོད་འཁྱེར  འདུན་པ་འཁྱེར
སྤོབས་པ་དང་རྣམ་ཤེས་འཁྱེར   

བསླུ་བྲིད་ཀྱིས་ན་ཟུག་འཇོག  ཁེར་རྐྱང་འཇོག  བར་ཐག་འཇོག
“ལྐོག་གྱུར་དང་ལྷུན་ཆགས གབ་ཚིག”འཇོག

འཇགས་ཐབས་མེད་ལ  མདུན་དུ་འཁྲིད་པའི་བསླུ་བྲིད
བཟོད་ཐབས་མེད་པའམ་སྒུག་བཟོད་མེད་པའི་འདོད་འདུན

དེ་ལྟར   མི་ལོ་བཅུ་གྲངས་ཤིག་གི་རྗེས་སུ  
ཁྱེད་ཀྱི“དུས་ཚོད  མིག་གསུམ་པ   རྐང་གླིང  
ཡུལ་ལྗོངས  ས་ནག་གི་སྔ་རོལ  ཚིག་རོ་དང་ཆག་རོ”སོགས་ཁོ་ཚོའི་མགྲིན་པ་དང་ཁོག་པ་རུ་སྐྱེ་མགོ་བརྩམ་ལ    དེ་ཚོའི་ལུས་ཁམས་ལ་ཟས་བཅུད་བཞིན་སྨིན

དེ་མིན   ཁྱེད་ཀྱིས“ཡིད་བརྙན”གྱི་ར་བ་ཞིག་བཟོས་ལ
དེའི་ནང་དུ“རྟེའུ་དཀར་པོ”ཞིག་འཁྱུག་བྱུང་བ་དང      “མགར་བ་ལྗང་བུ”ཟེར་བ་ཞིག་ཀྱང་རྟོག་པར་ཤར
དེར་མཐུད    “སེམས་ཁྲལ་རིགས་ཤིག”ངང་གིས་སྐྱེས་དུས  
“སྨྲ་བ་ཉུང་ནས་ཉུང་དུ་ཕྱིན”མོད    ཁྱེད་ནི་ཁྱེད་རང་སྟེ  “དུས་རབས་ཀྱི་སྒྲོག་གུ་དཀྲོལ་བའི་ཁེར་རྐྱང་གི་མི”དེ་དྲན་མཁན

༢.སྟོང་བསམ།

“འགོ་ཁུངས”ཅིག་འཚོལ་ཕྱིར་ཡིན་ནམ   གང་ལྟར
 “སྟོང་བསམ”ཅིག་གིས་ཁྱེད་རང་མདུན་ནས་མདུན་ལ་འཁྲིད་བཞིན་འདུག

ཡང་ན  ཁྱེད་ཀྱི་དྲན་པའི་སྦུབས་ན  “གསེར་གྱི་བུམ་པ་ལས་བདུད་རྩི་བཞིན་ཟེགས་པའི
དངུལ་གྱི་ལྟེང་ཀ་ལས་ཆུ་མོ་བཞིན་རྡོལ་བའི་ཁྱེའུ”ཞིག་ལུས་འདུག་ལ
“བདག་མོའམ་སེང་རས་ཅན་གྱི་བག་མ་”གང་དེས  ཁྱེད་རང་མཐོ་ནས་མཐོ་རུ་ཁྲིད་པས
“སྒྲོན་མེ་དཀར་པོའི་”ཚོགས་ལ་ཉེ་ནས་ཉེ་རུ་བཅར་བྱུང་བ་འདྲ་མོད
ཁྱེད་སྔར་བཞིན  འདོད་པ་ཞིག  བསླུ་བྲིད་ཅིག  སྟོང་བསམ་ཅིག་གིས་མུ་མཐུད་དུ་མདུན་ནས་མདུན་ལ་འཁྲིད་བཞིན་འདུག་པས

ཡང་སྙིང་ཁྱེད་ཀྱི་དམིགས་ས་དེ་ག་རེ་ཡིན་པ   ང་དང་ཁོ་ཚོས་ཤེས་ཐབས་བྲལ
༣.གཟི།

ཁོ་ཚོས“ཇི་ལྟ་ཇི་སྙེད་ཀྱི་མིག ཆུ་འགོ མེ་ལོང”དེ་མཐོང་གིན་མིན་འདུག
“དངོས་པོ་དང་དངོས་པོར་ཉེ་བར་བཅར་དུས་ཀྱི་བདེན་རྫུན་དང   དངོས་པོ་དང་དངོས་པོའི་ཁྱད་ཆོས་ཁོ་ན་ཤུལ་དུ་ལུས་པ”དེའང་མཐོང་ས་མ་རེད
དེར་མ་ཟད“དོན་སྙིང་ཆེས་ཐོག་མ་”དེའང་མྱང་ཐུབ་གིན་མི་འདུག

ཡིན་ཡང “ མུ་མཐའ་བྲལ་ཞིང་རྟེན་གཞི་མེད་པ་དེའི་ངོགས་སུ  ནམ་མཁས་ཅི་མི་སྙམ་པར་ཤུལ་དུ་བཞག་པའི་སྔོ་བསངས་དེའི་འོག་ཏུ”
ཁྱེད   ཁེར་རྐྱང་དང་སྐོམ་པའི་འགྲུལ་བཞུད་ཅིག་ལ་འགྲོགས་ཡོད་པ་དང
སྐབས་སྐབས་སུ  “འདབ་ཆགས་མགོ་ཐོག་ནས་འཕུར་འགྲོ”
༤.འགྲུལ་བཞུད།

ཁྱེད་ཀྱིས  “གྲུ་གཟིངས་ཆེན་པོ་དེའི་ནང་ནས  ཡང་ན་ཆེས་དམའ་སའི་ཁྲོན་པ་ལྟ་བུའི་གཏིང་ནས”
“གཡོ་སྐྱོམ་བྱེད་པའི་སྤྲིན་པ་དམར་པོ་དང     ཆག་གས་སུ་འགྲོ་བཞིན་པ་ཁ་ཤས
ད་དུང  འཕུར་གྱིན་པའི་དཀྲོག་གཏམ་དང་ཡིན་མདོག་མདོག་གི་བཟོ་སྐྲུན་ཁ་ཤས”མཐོང་གིན་འདུག

དེ་མིན   ཇི་ལྟར་སོང་ཡང རང་ཉིད་ཀྱི་དམིགས་སར་སླེབས་གིན་མེད་པའི་དོགས་འདྲི་ཞིག
ཞེད་སྣང་ཞིག  ཐེ་ཚོམ་ཞིག་འོང་གིན་གདའ

ཡིན་ཡང    ཁོ་ཚོས་ཆེས་དམའ་སའི་ཁྲོམ་པ་ལྟ་བུའི་གཏིང་ནས
ཉི་འོད་མཐོང་གིན་འདུག   དམིགས་ས་མཐོང་གིན་འདུག
བག་ཕེབས་སོས་དལ་བྱུང་གིན་འདུག
༥.ཁེར་རྐྱང་།

ཁྱེད་ཀྱིས་གཟུགས་ཡོད་མེད་ཀྱི་ལག་པ  གཟེབ  རྙི  འཁྲབ་སྟོན
གཏུབ་གྲི  མེ་མདའ  ལྕགས་རི་མཐོང་གིན་འདུག

དེ་མིན ཁེར་རྐྱང་ཡོད་ཚད་ཀྱི་བསྡུས་གཟུགས
ལྐོག་གྱུར་དང་གསང་བ་འཇུག་སའི་སྣོད་ཆེན་པོ
ཡང་ན   ན་ཟུག་ཐམས་ཅད་ཀྱི་ཁ་ཆེན་པོ་སྟེ
“ང་ཡི་བོད”ཟེར་བ་ཞིག་ཀྱང་མཐོང་གིན་འདུག

ད་དུང  “རྒྱ་མེན་གྱི་མེ་ཏོག  རང་ཉིད་སྲེག་གིན་པའི་དཔལ་འབར
ཨེ་ཤར་ཡའི་སྤྱི་གཙུག་གི་ཉི་མའི་དཀྱིལ་འཁོར་དང་དེའི་འོད་ཟེར་གྱི་ཨ་ལོང་དག”མཐོང་གིན་འདུག

ཡིན་ཡང  ཁོ་ཚོས
“བརྩེ་དུང  དུས་ཚོད   བླ་སྲོག”བཏང་བཞག་ནས
“ནང་མ་སྤྲོ་ཁང”དུ    གཞས་གཏོང   བྲོ་འཁྲབ
བརྩེ་དུང་གླེང    དུས་ཚོད་གླེང    བླ་སྲོག་གླེང

                           ༢༠༢༡/༡/༢༣-༢༦

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འགྲུལ་བཞུད་དང་ཁེར་རྐྱང་གིས་བཏེགས་པའི་དགུ་ཚིགས།

2021-03-08 ཚེ་རིང་དབང་རྒྱལ།(རྨ་ལྷོ་སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།