གཙུག་ལག་ཁང་གི་སྙན་ངག(ཞར་བཀོད་གསུམ་ཡོད)

བསོད་ནམས་དབང་པོ།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-03-30
ཡུལ་ལུང་མི་གཅིག་པའི་ཆུ་ཕྲན་རེ་རེ
ལྷ་ཡུལ་གྱི་གཙང་པོ་དང་འདྲེས
ཆུ་སྣ་རིང་པོ་ཞིག་གཞོགས་སུ་གྱེས་ཏེ
བྱིན་རླབས་ཀྱི་ཆུ་ཀླུང་དུ་སིམས
དེའི་རྗེས་སུ
སྒོ་གང་ནས་ཐོན་ཀྱང་ཆུ་ཐིགས་རེ་རེའི་སྟེང་དུ་འོད་འཚེར

ཞོགས་པའི་གསེར་མདོག་གི་མཚམས་སྤྲིན་ནི
ཁ་བཏགས་སེར་པོ་ཞིག་དང་འདྲ་བར
བར་སྐོར་གྱི་ནམ་མཁའ་བཀླུབས
དད་པ་འཕེལ་བའི་མི་ཚོགས་ཀྱི་ཕྱག་ཟུང་བཀླུབས
ཇོ་ཤཱཀ་རྣམ་གཉིས་སྔར་བས་བརྗིད་ཅིང་མཁའ་དབྱིངས་སུ་ཡར་འཕགས

ཐག་རིང་ལམ་གྱི་ཁུར་ཙ་སར་ཕོག་ཟིན་པའི་མི་ཚོགས་ནི
ཉི་ཟེར་གྱི་ཀློང་དུ་རྒས་པ་གཞོན་ནུར་སྤྲུལ་བའི་ཆ་བྱད་ཀྱིས་རྫོགས

རྟག་ཏུ་འཁྲུག་པའི་ཉོན་མོངས་ཀྱི་ཚ་བ་བསིལ་བར་གྱུར་ཅིང
སེམས་པ་ཤེལ་དཀར་གྱིས་གྲུབ་པའི་གངས་རི་བཞིན་དཀར་གཙང་གཙང
                           ༢༠༢༡། ༡། ༥།  བར་སྐོར་དུ།
གནམ་སའི་བར་དུ་འཚེར་སྐད་ལྷང་ལྷང་།

ང་རང་འགྲུལ་བཞུད་ཀྱི་ལམ་ཁར་མངལ་སྦྲུམ་ནས་ཡོད
ཁྱེའུ་དེའི་མིང་ལ་ངས་རྒྱང་རིང་ཞེས་བཏགས

རྨི་ལམ་དུ་རྒྱང་རིང་གིས་རྟག་ཏུ་ང་ལ་བསླུ་བྲིད་ཐེབས
གཉིད་ལས་སད་ཐེངས་རེར  ང་རང་འགྲུལ་བཞུད་ཀྱི་ལམ་ཁར་ཡོད

བྱང་ཐང་དང་གྲོང་ཁྱེར་གཏུབས་ནས་སོང་པའི་ཕ་མཐའ
རྒྱང་རིང་མ་རེད  ང་ཡི་རྣམ་ཤེས་རི་ཚོགས་དང་མཚོ་ཆེན་དེ་དག་ལ་འཁྲིལ་ཡོད

རྨི་ལམ་གྱི་རྒྱལ་སར་འགྲུལ་བའི་མེ་འཁོར་མདུན་ཕྱོགས་ཀྱི་གཡང་དུ་མཆོང
སེམས་འདི་རྟ་ཕོ་གཡུལ་ལས་ཤོར་བ་བཞིན་ཕྱིར་ཕྱིར་སྤང་ལྗོངས་གཏུབ
གནམ་སའི་བར་དུ་འཚེར་སྐད་ལྷང་ལྷང
        2021. 3. 26ལ་ཧྲང་ཧེར་འགྲུལ་བའི་ལྕགས་སྒམ་ཨང་བཅུ་གཅིག་པ་རུ།
ང་རྒྱལ།  སྟག་དང་གཟིག

ད་ལྟའི་འཚོ་བ་ནི་རླུང་འཚུབ་ཅིག་དང་འདྲ་བོ་འདུག
སྐད་ཆ་འདི་བཤད་མཁན་ང་མིན་ཡང
སྐད་ཆ་དེ  ང་རང་གིས་བཤད་པ་བཞིན་ངག་ནས་ཤོར
ཕོ་བྲང་གི་མདུན་ཐང་ནས་འགྲོ་དུས
མགོ་བོ་ཡར་དགྱེ་བསམ་པའི་སྣང་བ་ཞིག་གིས
རུས་པའི་རྐང་ནས་མེ་སྟག་མཆེད་པ་བཞིན་དཔུང་འཇུག་བྱས་ཡོང
དེའང་ང་མིན   སྙན་ངག་པ་ཞིག་རེད
ཁོང་གི་ང་རྒྱལ   གནམ་འཕང་བཅད་པའི་རྒོད་པོ་ཞིག་ལྟར
ཆབ་སྲིད་ཀྱི་ཡང་སྟེང་དུ་འཛེགས་ཟིན

    སྙན་ཐུང་འདི་༢༠༢༠ལོའི་ཟླ་༡༠པའི་ནང་དུ་བྲིས་མོད། དེ་རིང་གི་བར་དུ་བཟོ་བཅོས་རྒྱག་རྒྱུ་མ་བྱུང་པའམ་རང་བློར་བབས་པ་ཞིག་འཁྱོངས་མ་ཐུབ་པས་བསྐྱུར། ཡུལ་དབུས་ནས་སྡོད་པའི་མཇུག་མཐའི་མཚན་མོ་འདིར་གློ་རྡེག་རིག་པ་སད་པ་བཞིན་ཇི་ལྟར་བཅོས་དགོས་པ་ཤེས་ཀྱང་། དེ་བཞིན་བཅོས་ཏེ་གྲུབ་པར་བྱས་སོ།།
 
སྣང་བ་འཐིབས་པའི་ཉིན་ཞག་དེ་དག

ཐག་རིང་ཐག་རིང་ཞིག
མངོན་དང་ལྐོག་གྱུར་རེས་མོས

མཚམས་རེར་རི་ཆུའི་ཕར་ཕར
མཚམས་རེར་སེམས་པའི་ཚུར་ཚུར

ལག་པ་བསྲིངས་པས་ཟིན་ཀྱང
འཛིན་པའི་དུས་ལས་འདའ་བ

དགའ་སྐྱོ་གང་ཡང་མིན་མིན
དགྲ་གཉེན་གང་ཞིག་ཡིན་ཡིན

སྡོད་པའི་གནས་དེ་མ་ཡིན་པ
སོང་པའི་ཡུལ་དེ་ཡང་མ་ངེས་པ

“རྒོད་པོ་དང་ནམ་མཁའ”
གཞིས་པ་དང་བྱེས་པ
           ༢༡། ༣། ༢༠༢༡།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གཙུག་ལག་ཁང་གི་སྙན་ངག(ཞར་བཀོད་གསུམ་ཡོད)

2021-03-30 བསོད་ནམས་དབང་པོ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།