སྡོད་མི་ཚུགས་པའི་དུས་སུ། (ཞར་བཀོད་གཅིག་ཡོད)

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-26
བདག་གིས་མིག་ཟུང་བཙུམས་ཐེངས་ཤིག་ལ
ཁྱོད་ཉིད་སླེབ་འོང་སྙམ་པའི་འདུན་པ་དེས
སྐྱེ་འཆིའི་བར་གྱི་བདེ་བ་ཁོ་ན་གླེང
ནམ་ཟླ་སྟོན་ལ་སླེབས་བྱུང་དུས་ནི་སྐར་མདའི་ཡུད་ཙམ

བདག་གི་སྨྲ་བའང་གཅོད་ནུས་པའི་ཚིག་རྩུབ་དག
ཐོད་ལ་ལེན་དོན་རེ་བ་སྤར་མོ་གང་གི་ཕྱིར
ཁྱོད་ཀྱིས་གཏམ་རྒྱུད་ཀྱི་ཞོགས་པ་མེ་ལ་བསྲེགས་རྗེས
ཐལ་བ་སྙིམ་པ་གང་ང་ཡི་པང་ལ་གཏོར
ཡིད་སེམས་ཨ་ཐང་ཆད་སོང་འཇིག་རྟེན་སྒྱུ་མའི་སྣང་བ

ཉིན་གང་བོར་ཡི་མུག་པའི་སྐྱོ་གདུང་དག་ཆུ་རུ་བཀྲུས་རྗེས
ཁྱོད་ཀྱིས་བདག་གི་སེམས་ལ་རུས་པ་བསྩལ་ཨེ་ཡོང་སྙམ
རྒྱང་རིང་གི་གཙང་པོ་སྔར་བཞིན་དལ་ཅག་གེར
མུན་པའི་སྙིང་ཁམས་སུ་བཞུར་གྱིན་འདུག

བདག་གིས་ཁོ་ཧྥེ་ཕོར་གང་ཧུབ་ཀྱིས་མིད་ནས
མཐོང་སྣང་ཞིག་ལ་སྟོང་ལྷང་ལྷང་གི་སྲང་ལམ་བཞེངས་དུས
གྲང་ངར་ལྟ་བུའི་མིག་ཟུང་གཉོམ་པོ་དེས
ཁྱོད་དང་ཁོ་ཚོ་མཉམ་དུ་བསྲེས་ཐབས་མ་བྱུང
ཉིན་ཞིག་ལ་ང་རང་སོང་ཚར་རྗེས
ཤུལ་དུ་ལུས་པ་འདུ་འབྲལ་འཁོར་བའི་ཆོས་ཉིད།
           2020. 8. 28
                    དྲན་པར་ལུས་པའི་ནམ་མཁའ།

ས་གཞིའི་ལྗིད་ཚད་ཀྱིས་མར་མནན་པ་འདྲ་བའི
དྲན་གདུང་གི་ནམ་མཁའ་སྟོང་པ་འདི་འདོར་ཐབས་བྲལ

ཁྱོད་ཀྱི་མིང་ཡིག་གསལ་བའི་རྒྱུ་སྐར་་དག
ང་ཡི་དྲན་པ་ཉེར་བཞག་གི་ མཚོ་ཀློང་དུ་ཡང་ཡང་ལྕེབས
སེམས་བསྐྱེད་ལྟ་བུའི་སེམས་ཁྲལ་དེས
ཁྱོད་ལ་བརྗོད་འོས་པའི་གཏམ་རྒྱུད་དག་བརྗེད་པར་གྱུར

ཁྲོམ་སྲང་གི་མི་རྣམས་རང་རང་གི་སེམས་དོན་ལ་གཡེང་ནས
འགྲོ་སའི་ལམ་དེ་ནོངས་པར་གྱུར་ན་ཡང
རང་ཁྱིམ་གྱི་ལྡོག་ལམ་མ་ཤོར་བ་ཇི་བཞིན
བདག་གི་རྨི་ལམ་ལས་ཁྱོད་ཉིད་རྒྱང་རིང་དུ་ཕྱིན་ན་ཡང
མངོན་སུམ་གྱི་མིག་ཟུང་ལས་ཡལ་བར་མ་གྱུར

འགྲོས་དལ་བའི་ཉིན་ཞག་རེ་རེ
རླུང་དང་བསྡེབས་ནས་ག་ལེར་བཞུད་སོང
སྒྲ་དང་གཟུགས་ཀྱི་མཛེས་པ
ལག་པས་བསྙབས་ནས་འཐམ་ས་ཞིག་མི་འདུག
ཞི་བའི་དབྱིངས་སུ་ཐིམ་པ་བཞིན་སྐད་ཅིག་གིས་འཇིག་འགྲོ་ངེས

སྐྱེ་བ་སྔོན་མའི་ལས་ཉོན་དག་གཅིག་ཏུ་བསྡུས་ཡོང་ནས
ངས་ཁྱོད་ལ་མིག་ཟུང་ནག་པོ་ཞིག་བྲིས
དེ་ཉིད་བཙུམས་རྗེས
མི་ཚོགས་ཀྱི་དྲན་གདུང་འཁུར་བའི་ནམ་མཁའ་སྟོང་པར་ལུས་འདུག
                        2020. 7. 28

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྡོད་མི་ཚུགས་པའི་དུས་སུ། (ཞར་བཀོད་གཅིག་ཡོད)

2021-06-26 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།
བདག་གིས་མིག་ཟུང་བཙུམས་ཐེངས་ཤིག་ལ
ཁྱོད་ཉིད་སླེབ་འོང་སྙམ་པའི་འདུན་པ་དེས
སྐྱེ་འཆིའི་བར་གྱི་བདེ་བ་ཁོ་ན་གླེང
ནམ་ཟླ་སྟོན་ལ་སླེབས་བྱུང་དུས་ནི་སྐར་མདའི་ཡུད་ཙམ

བདག་གི་སྨྲ་བའང་གཅོད་ནུས་པའི་ཚིག་རྩུབ་དག
ཐོད་ལ་ལེན་དོན་རེ་བ་སྤར་མོ་གང་གི་ཕྱིར
ཁྱོད་ཀྱིས་གཏམ་རྒྱུད་ཀྱི་ཞོགས་པ་མེ་ལ་བསྲེགས་རྗེས
ཐལ་བ་སྙིམ་པ་གང་ང་ཡི་པང་ལ་གཏོར
ཡིད་སེམས་ཨ་ཐང་ཆད་སོང་འཇིག་རྟེན་སྒྱུ་མའི་སྣང་བ

ཉིན་གང་བོར་ཡི་མུག་པའི་སྐྱོ་གདུང་དག་ཆུ་རུ་བཀྲུས་རྗེས
ཁྱོད་ཀྱིས་བདག་གི་སེམས་ལ་རུས་པ་བསྩལ་ཨེ་ཡོང་སྙམ
རྒྱང་རིང་གི་གཙང་པོ་སྔར་བཞིན་དལ་ཅག་གེར
མུན་པའི་སྙིང་ཁམས་སུ་བཞུར་གྱིན་འདུག

བདག་གིས་ཁོ་ཧྥེ་ཕོར་གང་ཧུབ་ཀྱིས་མིད་ནས
མཐོང་སྣང་ཞིག་ལ་སྟོང་ལྷང་ལྷང་གི་སྲང་ལམ་བཞེངས་དུས
གྲང་ངར་ལྟ་བུའི་མིག་ཟུང་གཉོམ་པོ་དེས
ཁྱོད་དང་ཁོ་ཚོ་མཉམ་དུ་བསྲེས་ཐབས་མ་བྱུང
ཉིན་ཞིག་ལ་ང་རང་སོང་ཚར་རྗེས
ཤུལ་དུ་ལུས་པ་འདུ་འབྲལ་འཁོར་བའི་ཆོས་ཉིད།
           2020. 8. 28
                    དྲན་པར་ལུས་པའི་ནམ་མཁའ།

ས་གཞིའི་ལྗིད་ཚད་ཀྱིས་མར་མནན་པ་འདྲ་བའི
དྲན་གདུང་གི་ནམ་མཁའ་སྟོང་པ་འདི་འདོར་ཐབས་བྲལ

ཁྱོད་ཀྱི་མིང་ཡིག་གསལ་བའི་རྒྱུ་སྐར་་དག
ང་ཡི་དྲན་པ་ཉེར་བཞག་གི་ མཚོ་ཀློང་དུ་ཡང་ཡང་ལྕེབས
སེམས་བསྐྱེད་ལྟ་བུའི་སེམས་ཁྲལ་དེས
ཁྱོད་ལ་བརྗོད་འོས་པའི་གཏམ་རྒྱུད་དག་བརྗེད་པར་གྱུར

ཁྲོམ་སྲང་གི་མི་རྣམས་རང་རང་གི་སེམས་དོན་ལ་གཡེང་ནས
འགྲོ་སའི་ལམ་དེ་ནོངས་པར་གྱུར་ན་ཡང
རང་ཁྱིམ་གྱི་ལྡོག་ལམ་མ་ཤོར་བ་ཇི་བཞིན
བདག་གི་རྨི་ལམ་ལས་ཁྱོད་ཉིད་རྒྱང་རིང་དུ་ཕྱིན་ན་ཡང
མངོན་སུམ་གྱི་མིག་ཟུང་ལས་ཡལ་བར་མ་གྱུར

འགྲོས་དལ་བའི་ཉིན་ཞག་རེ་རེ
རླུང་དང་བསྡེབས་ནས་ག་ལེར་བཞུད་སོང
སྒྲ་དང་གཟུགས་ཀྱི་མཛེས་པ
ལག་པས་བསྙབས་ནས་འཐམ་ས་ཞིག་མི་འདུག
ཞི་བའི་དབྱིངས་སུ་ཐིམ་པ་བཞིན་སྐད་ཅིག་གིས་འཇིག་འགྲོ་ངེས

སྐྱེ་བ་སྔོན་མའི་ལས་ཉོན་དག་གཅིག་ཏུ་བསྡུས་ཡོང་ནས
ངས་ཁྱོད་ལ་མིག་ཟུང་ནག་པོ་ཞིག་བྲིས
དེ་ཉིད་བཙུམས་རྗེས
མི་ཚོགས་ཀྱི་དྲན་གདུང་འཁུར་བའི་ནམ་མཁའ་སྟོང་པར་ལུས་འདུག
                        2020. 7. 28

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།