ཁྱོད་ཀྱིས་སྔོན་ཆད་ལྟར་ངའི་མིང་ནས་འབོད་རོགས།

ཧྲེང་བུ།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-29

                                                                                    ---གྲོགསHBལགས་རྐྱེན་ལམ་དུ་ཤོར་བར་བྲིས།

དུས་ཚོད་ཀྱི་མལ་ཁྲི
ཁྱོད་ཀྱི་ཨ་མའི་སྙིང་ཆུང་བཞིན
བར་སྣང་ནས་ཡོམ་ཡོམ་འདར་དུས
ཚེ་སྲོག་ནི་ཅི་འདྲའི་ཡང་བ་ལ

སང་ཉིན་ལ་མུན་པ་འཐིབ་པའི་མཚན་མོ་འདིར
མལ་ཁྲི་འདིའི་མ་ཐེག་པ་ཁྱོད་རང་མ་ཡིན་ཏེ
ཁྱོད་ཀྱི་རྨི་ལམ་རབ་ཏུ་ལྕི་བས་སོ

ཁྲག་ནི   བྱིས་དུས་ཀྱི་དགོད་སྒྲ་རེ་རེ་བཞིན
ཆེས་མཇུག་མཐའི་ནད་ཁྲིར་ག་ལེར་འཛག་དུས
མི་ཚེ་ནི་ཅི་འདྲའི་ཐུང་བ་ལ

ཨེམ་ཆི་ཞིག་གིས་ལག་པ་གཡུག་གཡུག་བྱེད་པའི་ངང་ཚུལ་གྱིས
ང་རང་ཁྱིམ་ལ་མ་ཡོང་ཟེར་བ་བཞིན
ཕྱི་དྲོ་གཅིག་ལ་རབ་ཁ་ཞིག་ནས་ཧྲེང་ངེར་སྡོད་དུ་བཅུག

གྲོགས་པོ   འདི་ནི་སྐྱེ་འཆིའི་རབ་ཁ་ཡིན་པའི་དབང་དུ་བྱས་ན
འུ་གཉིས་ད་དུང་འདི་ནས་ཐེངས་ཤིག་འཕྲད་ཡོང

དེ་དུས   ཁྱོད་ཀྱིས་སྔོན་ཆད་ལྟར
ངའི་མིང་ནས་འབོད་རོགས
                  ༢.༦.༢༠༢༡མཚན་མོར། 

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁྱོད་ཀྱིས་སྔོན་ཆད་ལྟར་ངའི་མིང་ནས་འབོད་རོགས།

2021-06-29 ཧྲེང་བུ།(མགོ་ལོག) ཀློག་གྲངས། མཆན ཡོད།

                                                                                    ---གྲོགསHBལགས་རྐྱེན་ལམ་དུ་ཤོར་བར་བྲིས།

དུས་ཚོད་ཀྱི་མལ་ཁྲི
ཁྱོད་ཀྱི་ཨ་མའི་སྙིང་ཆུང་བཞིན
བར་སྣང་ནས་ཡོམ་ཡོམ་འདར་དུས
ཚེ་སྲོག་ནི་ཅི་འདྲའི་ཡང་བ་ལ

སང་ཉིན་ལ་མུན་པ་འཐིབ་པའི་མཚན་མོ་འདིར
མལ་ཁྲི་འདིའི་མ་ཐེག་པ་ཁྱོད་རང་མ་ཡིན་ཏེ
ཁྱོད་ཀྱི་རྨི་ལམ་རབ་ཏུ་ལྕི་བས་སོ

ཁྲག་ནི   བྱིས་དུས་ཀྱི་དགོད་སྒྲ་རེ་རེ་བཞིན
ཆེས་མཇུག་མཐའི་ནད་ཁྲིར་ག་ལེར་འཛག་དུས
མི་ཚེ་ནི་ཅི་འདྲའི་ཐུང་བ་ལ

ཨེམ་ཆི་ཞིག་གིས་ལག་པ་གཡུག་གཡུག་བྱེད་པའི་ངང་ཚུལ་གྱིས
ང་རང་ཁྱིམ་ལ་མ་ཡོང་ཟེར་བ་བཞིན
ཕྱི་དྲོ་གཅིག་ལ་རབ་ཁ་ཞིག་ནས་ཧྲེང་ངེར་སྡོད་དུ་བཅུག

གྲོགས་པོ   འདི་ནི་སྐྱེ་འཆིའི་རབ་ཁ་ཡིན་པའི་དབང་དུ་བྱས་ན
འུ་གཉིས་ད་དུང་འདི་ནས་ཐེངས་ཤིག་འཕྲད་ཡོང

དེ་དུས   ཁྱོད་ཀྱིས་སྔོན་ཆད་ལྟར
ངའི་མིང་ནས་འབོད་རོགས
                  ༢.༦.༢༠༢༡མཚན་མོར། 

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།