ཕ་ཡུལ་གྱི་ལྟེང་ཀ་དང་ཁེར་རྐྱང་།

ཕ་ཡུལ་ཁ་ཐག་རིང་ཡང
རྒྱ་མཚོ་འཁྲིས་སུ་འཁྱིལ
ང་ལ  ཉི་ཟེར་ཉི་ཟེར་གྱིས་ཚེས་བྱུང

མི་ཚེ་ད་ཚོད་ཅིག་ལ
འཁྱག་ལུང་གི་སྟོན་ཁ་རྒྱང་རིང་ན་ཡོད་ཀྱང
ང་ལ  ཕ་ཡུ་ཕ་ཡུལ་གྱིས་མངོན་བྱུང

ལོ་འདིའི  མི་དེ་དག་གི་ཞལ་རས་ལས
ང་ལ  སྙིང་ཉེ་བའི་ཁ་བ་འབབ་བཞིན་འདུག

སྐད་ཅིག་ཏུ་འགྱུར་བའི་གོ་རིམ་ཁྲོད
རླུང་ལྡང་འགོ་བརྩམས་ཤིང  ཆུ་བཞུར་འགོ་ཚུགས
སྐྲ་ལོ་སངས་པའི་ང་རང
འགྲུལ་བཞུད་ཀྱི་ལོ་ཟླ་འདི་ནས་རྫོགས་ནའང
རྒྱབ་གཟུགས་དེ་དག  ད་དུང
བློས་གཏོང་བྲལ་བའི་མེ་ལོང་ངོས་ཀྱི་ཕྱེ་མ་ལེབ

ངས་འཆི་བ་དང་ལང་ཚོ་ངོ་ཤེས་པ་ནས་བཟུང
རྒྱུ་མཚན་མེད་ཀྱང  སྐད་ཆ་ཁ་ཤས་དང་ལེན་བྱས
དུས་དེ་ནས་བརྩམས་ཏེ
སྤྱི་དཔོན་ལ་ངོ་ཆེན་ཞུ་བའི་ཚུལ་འཆོས་བསླབས

ང་ལ་ཞིབ་ཚགས་དང་གཟབ་ནན་མེད་པའི་རྒྱུ་རྐྱེན་གྱིས
མེ་ལོང་དུ་ཤར་བ་དེ་དག་རྡུལ་གྱི་གཟུགས་རིས་དང་སྤྲིན་ནག་གི་ཚོམས

མེ་མདའ་ཁུར་བའི་རྔོན་པ་དེའི
ལམ་ཕྱེད་སྡིག་སྒྲིབ་ཀྱིས་གྲུབ་ཀྱང
བྲག་ཅ་ལས་ཡང་ཡང་དུ་ཐོས་པ་དེ་དག
ཤྭ་ཕོ་བྲོས་པའི་རྡོག་སྒྲ་དང་ནམ་མཁའ་འདར་བའི་དབྱངས

ཁོ་བོས  མནོ་བསམ་ཡང་ཡང་གཞིགས་ཀྱང
དུར་ཁྲོད་ཀྱི་མཁར་རྫོང་སྟུག་པོ་འདི་ནས
མཚར་སྡུག་གི་སྒྱུ་རྩལ་ལྡན་པའི་སྐད་ཆ་ཞིག་མ་རྙེད

ང་རང ཕ་ཡུལ་དང་རྒྱང་བསྐྱེད་པ་ནས་བཟུང
ཆུང་དུས་ཀྱི་རྣམ་འགྱུར་དང་དགོད་སྒྲ་བོར་ཡང
ཉི་ནུབ་ཀྱི་མཛེས་པ་དང་ཁེར་རྐྱང་རྙེད་པར་གྱུར

རང་བྱུང་གིས་བརྡོལ་བའི་ལྗོན་པ་འདི་གས
ང་ལ་ཀུ་རེ་དང་ཡོལ་བ་འཐེན་ཀྱང
ངའི་མིག་ལ་དྲབ་དྲ་ཕྱེད་ཀྱིས་གཡོགས་པ་ལྟར
གང་དུ་བལྟས་ཀྱང་མོག་མོག་པོར་གྱུར
དེ་ནི་ངང་གིས་བརྡོལ་བ་མིན་ཏེ
ཨུ་ཚུགས་ཀྱིས་བརྡོལ་བའི་ཟེགས་མའོ
      08/ 15/ ཉིན་མོར་བརྩམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕ་ཡུལ་གྱི་ལྟེང་ཀ་དང་ཁེར་རྐྱང་།

2021-08-24 སད་མི།(ལྷ་ཐོག) ཀློག་གྲངས། མཆན ཡོད།
ཕ་ཡུལ་ཁ་ཐག་རིང་ཡང
རྒྱ་མཚོ་འཁྲིས་སུ་འཁྱིལ
ང་ལ  ཉི་ཟེར་ཉི་ཟེར་གྱིས་ཚེས་བྱུང

མི་ཚེ་ད་ཚོད་ཅིག་ལ
འཁྱག་ལུང་གི་སྟོན་ཁ་རྒྱང་རིང་ན་ཡོད་ཀྱང
ང་ལ  ཕ་ཡུ་ཕ་ཡུལ་གྱིས་མངོན་བྱུང

ལོ་འདིའི  མི་དེ་དག་གི་ཞལ་རས་ལས
ང་ལ  སྙིང་ཉེ་བའི་ཁ་བ་འབབ་བཞིན་འདུག

སྐད་ཅིག་ཏུ་འགྱུར་བའི་གོ་རིམ་ཁྲོད
རླུང་ལྡང་འགོ་བརྩམས་ཤིང  ཆུ་བཞུར་འགོ་ཚུགས
སྐྲ་ལོ་སངས་པའི་ང་རང
འགྲུལ་བཞུད་ཀྱི་ལོ་ཟླ་འདི་ནས་རྫོགས་ནའང
རྒྱབ་གཟུགས་དེ་དག  ད་དུང
བློས་གཏོང་བྲལ་བའི་མེ་ལོང་ངོས་ཀྱི་ཕྱེ་མ་ལེབ

ངས་འཆི་བ་དང་ལང་ཚོ་ངོ་ཤེས་པ་ནས་བཟུང
རྒྱུ་མཚན་མེད་ཀྱང  སྐད་ཆ་ཁ་ཤས་དང་ལེན་བྱས
དུས་དེ་ནས་བརྩམས་ཏེ
སྤྱི་དཔོན་ལ་ངོ་ཆེན་ཞུ་བའི་ཚུལ་འཆོས་བསླབས

ང་ལ་ཞིབ་ཚགས་དང་གཟབ་ནན་མེད་པའི་རྒྱུ་རྐྱེན་གྱིས
མེ་ལོང་དུ་ཤར་བ་དེ་དག་རྡུལ་གྱི་གཟུགས་རིས་དང་སྤྲིན་ནག་གི་ཚོམས

མེ་མདའ་ཁུར་བའི་རྔོན་པ་དེའི
ལམ་ཕྱེད་སྡིག་སྒྲིབ་ཀྱིས་གྲུབ་ཀྱང
བྲག་ཅ་ལས་ཡང་ཡང་དུ་ཐོས་པ་དེ་དག
ཤྭ་ཕོ་བྲོས་པའི་རྡོག་སྒྲ་དང་ནམ་མཁའ་འདར་བའི་དབྱངས

ཁོ་བོས  མནོ་བསམ་ཡང་ཡང་གཞིགས་ཀྱང
དུར་ཁྲོད་ཀྱི་མཁར་རྫོང་སྟུག་པོ་འདི་ནས
མཚར་སྡུག་གི་སྒྱུ་རྩལ་ལྡན་པའི་སྐད་ཆ་ཞིག་མ་རྙེད

ང་རང ཕ་ཡུལ་དང་རྒྱང་བསྐྱེད་པ་ནས་བཟུང
ཆུང་དུས་ཀྱི་རྣམ་འགྱུར་དང་དགོད་སྒྲ་བོར་ཡང
ཉི་ནུབ་ཀྱི་མཛེས་པ་དང་ཁེར་རྐྱང་རྙེད་པར་གྱུར

རང་བྱུང་གིས་བརྡོལ་བའི་ལྗོན་པ་འདི་གས
ང་ལ་ཀུ་རེ་དང་ཡོལ་བ་འཐེན་ཀྱང
ངའི་མིག་ལ་དྲབ་དྲ་ཕྱེད་ཀྱིས་གཡོགས་པ་ལྟར
གང་དུ་བལྟས་ཀྱང་མོག་མོག་པོར་གྱུར
དེ་ནི་ངང་གིས་བརྡོལ་བ་མིན་ཏེ
ཨུ་ཚུགས་ཀྱིས་བརྡོལ་བའི་ཟེགས་མའོ
      08/ 15/ ཉིན་མོར་བརྩམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།