སྒྲུང་།(ཞར་བཀོད་གཅིག་ཡོད)

ཁྱོད་ཀྱི་ལང་ཚོ་སྒུལ་མཁན་རླུང་བུ་མ་རེད
རིང་ལ་ཐུང་བའི་ལོ་ཟླ་རེད 
མངར་ལ་སྐྱུར་བའི་འཚོ་བ་རེད  

ཁྱོད་ཀྱི་གཉེར་མ་འབྲི་མཁན་ལྷ་ཚོགས་མ་རེད
སྐྱེ་འཆིས་དྲུད་པའི་ཆོས་ཉིད་རེད  
བློས་བསླངས་ཁྲོད་ཀྱི་སྐར་མ་རེད  

ཁྱོད་ཀྱི་སེམས་པ་དྲན་མཁན་ཆར་ཆུ་མ་རེད 
བརྩེ་བ་སྦྲུམ་པའི་མེ་ཏོག་རེད 
ཁྲེལ་གཞུང་དམ་ཚིག་སྐྱོར་མཁན་རེད 
འཁོར་བ།

གྲལ་མི་འགྲིག་པའི་འཁོར་བ 
མིག་ཆུའི་ལམ་ཆེན
དགའ་བའི་ལམ་ཆུང
ཝེ
དྲི་མས་གཡོགས་པའི་འཚོ་བ་གཅེར་བུ་ལ
མཆུ་སྒྲོས་སྦྱར་བའི་སྙིང་པོ་ཅི
        5 11 2020

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲུང་།(ཞར་བཀོད་གཅིག་ཡོད)

2021-09-11 ཚངས་ཐིག(རྫ་ཆུ་ཁ) ཀློག་གྲངས། མཆན ཡོད།
ཁྱོད་ཀྱི་ལང་ཚོ་སྒུལ་མཁན་རླུང་བུ་མ་རེད
རིང་ལ་ཐུང་བའི་ལོ་ཟླ་རེད 
མངར་ལ་སྐྱུར་བའི་འཚོ་བ་རེད  

ཁྱོད་ཀྱི་གཉེར་མ་འབྲི་མཁན་ལྷ་ཚོགས་མ་རེད
སྐྱེ་འཆིས་དྲུད་པའི་ཆོས་ཉིད་རེད  
བློས་བསླངས་ཁྲོད་ཀྱི་སྐར་མ་རེད  

ཁྱོད་ཀྱི་སེམས་པ་དྲན་མཁན་ཆར་ཆུ་མ་རེད 
བརྩེ་བ་སྦྲུམ་པའི་མེ་ཏོག་རེད 
ཁྲེལ་གཞུང་དམ་ཚིག་སྐྱོར་མཁན་རེད 
འཁོར་བ།

གྲལ་མི་འགྲིག་པའི་འཁོར་བ 
མིག་ཆུའི་ལམ་ཆེན
དགའ་བའི་ལམ་ཆུང
ཝེ
དྲི་མས་གཡོགས་པའི་འཚོ་བ་གཅེར་བུ་ལ
མཆུ་སྒྲོས་སྦྱར་བའི་སྙིང་པོ་ཅི
        5 11 2020

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།