མཁའ་འགྲོ།

ཧྲེང་བུ།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-09

མཁའ་འགྲོ   ལོ་ངོ་བརྒྱ་དང་བརྒྱད་འགོར་སོང
ད་ལྟ  བརྩེ་དུང་ཡང་བཟོ་ལས་བཞིན་དེང་རབས་ཅན་དུ་གྱུར་ཡོད
ཁྱོད་རང   གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས
གནམ་གྲུར་བསྡད་དེ་ཕེབས་ཡོང་ཚེ
སྔོན་གྱི་རྩེད་ར་ན་གནམ་ཐང་ཡོད་པ་རེད
 
མཁའ་འགྲོ   མ་གསང་དྲང་མོར་བཤད་ན་ང་རྒས་སོང
ང་རང   མཚན་མོ་གཅིག་ལ་དེ་ལྟར་རྒས་སོང
མི་རྟག་པའི་ཆོ་འཕྲུལ་སྟོན་མཁན་དེ
ང་ཚོའི་རྫོང་ཐོག་ལ་སླེབས་ནས
ང་ལ་མེ་ལོང་དཀར་པོ་ཞིག་བསྟན
 
མཁའ་འགྲོ   ངེད་ཚང་རྫོང་མཁར་ལ་གནས་སྤར
ལུག་ཁྱུ་བཙོང་ནས་ཐོག་ཁང་སྒེའུ་ཁུང་མེད་པ་ཞིག་ཉོས
ཁང་བ་དེའི་བརྗེད་ཆུ་ལྟ་བུའི་མཁའ་དབུགས་བརྔུབས་ཏེ
ངས་རང་ཉིད་བརྗེད་དུ་བཅུག   ཁྱོད་ཀྱང་བརྗེད་དུ་བཅུག
 
མཁའ་འགྲོ   སྲང་གོག་ཞིག་ནས་གཉིད་ལས་སད་དུས
ངའི་སྐེ་ན་ཁྱོད་ཀྱིས་བསླེས་པའི་མེ་ཏོག་གི་སྐེ་རྒྱན་མི་འདུག
ངས་སྐེ་རྒྱན་བོར་སོང  ངས་བརྩེ་དུང་ཡང་བོར་སོང
དེ་ནས   ངས་བརྩེ་དུང་འཚོང་མཁན་ཞིག་ནས
མིས་བཟོས་མེ་ཏོག་གི་སྐེ་རྒྱན་ཞིག་ཉོས
 
མཁའ་འགྲོ   ང་རང་ཟླ་འོད་མེད་པའི་མཚན་མོ་ཞིག་གི
ཁ་གཏད་དུ་ཀྲོང་ངེར་ལངས་ཏེ
དཀོན་མཆོག་ལ་གསོལ་བ་འདེབས་དུས
ཨ་མས་བསླབས་པའི་ཚིག་བཞི་དེ་དྲན་མ་བྱུང
ཡང  ཨ་མས་གསུང་པའི་ཚིག་གཞན་ཞིག་དྲན་བྱུང
 
མཁའ་འགྲོ   སྟེང་གི་ནམ་མཁའ་འདི
གློག་རྡུལ་རོལ་རྩེད་ཀྱི་སྒྲས་འགེངས་དུས
ང   རང་ཉིད་ལ་བྲོས་པ་བཞིན 
ཆུང་དུས་ཀྱི་རྩེད་རར་བྲོས་ཀྱང
དེ་རུ་ལྕགས་དྲས་བསྐོར་ཏེ་ཐར་ཐབས་མ་བྱུང
 
མཁའ་འགྲོ    ང་རང་ཤི་སོང་བ་ཡིན་ནམ
མཚེར་ཤུལ་དེ་དུར་ཁྲོད་ཅིག་ཏུ་གྱུར་ཏེ
ངའི་རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི
ཁྲོ་བོ་དང་ཁྲོ་མོའི་ལྷ་ཚོགས་ཐམས་འོད་དུ་ཞི་ནས
དུར་ཁྲོད་ཀྱི་ནམ་མཁར་ཐིམ་གྱིན་པར་འཕྲུལ
 
མཁའ་འགྲོ   ཁྱོད་རང་སླར་ཡང་ཡིད་ལ་འཁོར་དུས་ནི
སྦྲང་མ་ཤི་བོ་ཞིག་གི་བེམ་རོ་རླུང་གིས་དེད་ནས
རྒྱང་ལ་འཁུར་གྱིན་པའི་སྟོན་མཇུག་ཅིག་རེད
ང་རང  ནད་ཁྲི་རྗེས་མར་ལྷུང་ཡོད
 
མཁའ་འགྲོ   ལོ་ངོ་བརྒྱ་དང་བརྒྱད་འགོར་སོང
དེ་རིང   ངས་ཁྱོད་ལ་འབྲེལ་བ་ཞིག་བཟོ་འདོད་ཀྱང
ཁྱོད་ཀྱི་ཁ་པར་ཨང་གྲངས་བརྗེད་ཟིན
ད་ལྟ   ཁྱོད་ཀྱིས་ཨང་གྲངས་བརྗེས་ཡོད་ཀྱང་སྲིད
 
མཁའ་འགྲོ    མཁའ་འགྲོ
ང་གཉིས་ལ་འབྲེལ་ཐག་གཏན་དུ་ཆད་སོང་བ་ཡིན་ནམ
ངས་ཁྱོད་འཕྲིན་ཡིག་ཐ་མ་འདི་འབྲི་བཞིན་ཡོད
         ༧/༡༠/༢༠༢༡ལྷོ་ཁར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཁའ་འགྲོ།

2021-10-09 ཧྲེང་བུ།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།