བདག་གི་མགོན། ཁྱེད་རང་འདི་ལྟར་བཞུད།

རྡེའུ་དཀར་ནག(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-20
དད་གུས་ཀྱི་དབྱངས་རྟ་ཞིག་གིས
ཉིན་མཚན་དབྱེར་མེད་དུ་བདག་སེམས་ཀྱི་རྒྱུད་སྐུད་དཀྲོལ
དུས་གསུམ་ཀུན་ཏུ་བདག་གི་མི་ཚེའི་ལམ་སྣ་དྲངས

དེ་རིང   སྟོན་མགོའི་ལོ་མ་སེར་པོ་དེ
གློ་བུར་གློ་བུར་དུ་སུ་ཞིག་གི་སེམས་པ་དང་ལྷན་དུ
ས་རུ་ལྷུང་སོང་ཟེར་བ་ཨེ་བདེན་ནམ         
                       
སར་ཟགས་པའི་སྒྲ་དེ་ཇི་འདྲའི་རྣ་བར་གཟན་པ་ལ
སྟོན་རླུང་དང་ཆར་ཆུ་མེད་པའི་དུས་སྐབས་འདིར
ངས  མིག་ཆུ་སྙིམ་པ་གང་བཅུས་ནས་ཁྱེད་ཀྱི་ཞབས་རྗེས་བཙལ

གནམ་གྱི་ཀ་བ  གཙུག་གི་ནོར་བུ
སྔར་བཞིན་བཟོད་ཐབས་བྲལ་ཨང
དུས་རབས་ཀྱི་དེད་དཔོན་ཁེར་རྐྱང   
སྙིགས་དུས་ཀྱི་སྐྱབས་མགོན་གཅིག་པུ

གྲོང་ཁྱེར་གྱི་མི་ཚོགས་རྒོད་ས་འདིར
ངས་ནི་མིག་ཀོང་མཆི་མས་བརླན་ཞོར
མར་མེ་རྐོང་བུ་གང་གི་ཞལ་ཕྱེས་ཏེ
ཁྱེད་ལ་མྱ་ངན་ཞུ་བཞིན་ཡོད  ཁྱེད་ལ་བསྔོ་སྨོན་ཞུ་བཞིན་ཡོད

རེ་སྨོན་གྱིས་ཕྱུར་བུར་གཏམས་པའི་གངས་དཀར་གྱི་འདབ་མ
སྟོང་བསམ་དང་འཕྲུལ་སྣང་ལས་འདས་པའི་རྨི་ལམ་གྱི་དག་ཞིང

ད་ལྟ   མི་ཚོགས་ཀྱི་མིག་ཆུའི་འཇིངས་སུ
ངས   ཁྱེད་རང་ཕེབས་ཤུལ་གྱི་ཞབས་རྗེས་ལ་ལག་སྙོབ་ཡང་ཡང་བྱས  
ངས  ཁྱེད་རང་ཕེབས་ཤུལ་གྱི་རང་གི་བྲང་གཞུང་ལ་སྦར་འདྲད་ཡང་ཡང་བཏང

ཚངས་སྲས་ངག་གིས་ང་ལ་བྱིལ་བྱིལ་ཡང་མོར་གཏོང་སྐབས
ཕ་རོལ་གྱི་ཕ་རོལ་ཏེ      དྲན་ངོགས་ན་རྒྱུ་བའི་གཙང་ཆུ་སྔོན་མོ
གློ་བུར་དུ་བསྐམས་ཤིང    མར་མེའི་འོད་སྣང་ལ་འཁྱིལ་བའི
འཁྱག་ཤུར་ཤུར་གྱི་སེམས་པ་དེ   སྟོན་རླུང་གིས་རྨེག་མེད་དུ་བཏང་སོང

དེ་ནས་བཟུང    ཚེ་སྲོག་ལ་རྣམ་ཤེས་བྲལ
དེ་ནས་བཟུང    མི་ཚེ་ལ་འོད་སྣང་དབེན
ཡིན་ནའང         བདག་གི་མ་འོངས་པའི་ལམ་ཁར
ཁྱེད་ཀྱི་བྱིན་རླབས་ཀྱི་བདུད་རྩི་གང་སར་འཁྱིལ་ངེས
ཁྱེད་ཀྱི་ལམ་སྟོན་གྱི་ཉི་འོད་གང་སར་འཕྲོ་ངེས

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བདག་གི་མགོན། ཁྱེད་རང་འདི་ལྟར་བཞུད།

2021-12-20 རྡེའུ་དཀར་ནག(པེ་ཅིང) ཀློག་གྲངས། མཆན ཡོད།
དད་གུས་ཀྱི་དབྱངས་རྟ་ཞིག་གིས
ཉིན་མཚན་དབྱེར་མེད་དུ་བདག་སེམས་ཀྱི་རྒྱུད་སྐུད་དཀྲོལ
དུས་གསུམ་ཀུན་ཏུ་བདག་གི་མི་ཚེའི་ལམ་སྣ་དྲངས

དེ་རིང   སྟོན་མགོའི་ལོ་མ་སེར་པོ་དེ
གློ་བུར་གློ་བུར་དུ་སུ་ཞིག་གི་སེམས་པ་དང་ལྷན་དུ
ས་རུ་ལྷུང་སོང་ཟེར་བ་ཨེ་བདེན་ནམ         
                       
སར་ཟགས་པའི་སྒྲ་དེ་ཇི་འདྲའི་རྣ་བར་གཟན་པ་ལ
སྟོན་རླུང་དང་ཆར་ཆུ་མེད་པའི་དུས་སྐབས་འདིར
ངས  མིག་ཆུ་སྙིམ་པ་གང་བཅུས་ནས་ཁྱེད་ཀྱི་ཞབས་རྗེས་བཙལ

གནམ་གྱི་ཀ་བ  གཙུག་གི་ནོར་བུ
སྔར་བཞིན་བཟོད་ཐབས་བྲལ་ཨང
དུས་རབས་ཀྱི་དེད་དཔོན་ཁེར་རྐྱང   
སྙིགས་དུས་ཀྱི་སྐྱབས་མགོན་གཅིག་པུ

གྲོང་ཁྱེར་གྱི་མི་ཚོགས་རྒོད་ས་འདིར
ངས་ནི་མིག་ཀོང་མཆི་མས་བརླན་ཞོར
མར་མེ་རྐོང་བུ་གང་གི་ཞལ་ཕྱེས་ཏེ
ཁྱེད་ལ་མྱ་ངན་ཞུ་བཞིན་ཡོད  ཁྱེད་ལ་བསྔོ་སྨོན་ཞུ་བཞིན་ཡོད

རེ་སྨོན་གྱིས་ཕྱུར་བུར་གཏམས་པའི་གངས་དཀར་གྱི་འདབ་མ
སྟོང་བསམ་དང་འཕྲུལ་སྣང་ལས་འདས་པའི་རྨི་ལམ་གྱི་དག་ཞིང

ད་ལྟ   མི་ཚོགས་ཀྱི་མིག་ཆུའི་འཇིངས་སུ
ངས   ཁྱེད་རང་ཕེབས་ཤུལ་གྱི་ཞབས་རྗེས་ལ་ལག་སྙོབ་ཡང་ཡང་བྱས  
ངས  ཁྱེད་རང་ཕེབས་ཤུལ་གྱི་རང་གི་བྲང་གཞུང་ལ་སྦར་འདྲད་ཡང་ཡང་བཏང

ཚངས་སྲས་ངག་གིས་ང་ལ་བྱིལ་བྱིལ་ཡང་མོར་གཏོང་སྐབས
ཕ་རོལ་གྱི་ཕ་རོལ་ཏེ      དྲན་ངོགས་ན་རྒྱུ་བའི་གཙང་ཆུ་སྔོན་མོ
གློ་བུར་དུ་བསྐམས་ཤིང    མར་མེའི་འོད་སྣང་ལ་འཁྱིལ་བའི
འཁྱག་ཤུར་ཤུར་གྱི་སེམས་པ་དེ   སྟོན་རླུང་གིས་རྨེག་མེད་དུ་བཏང་སོང

དེ་ནས་བཟུང    ཚེ་སྲོག་ལ་རྣམ་ཤེས་བྲལ
དེ་ནས་བཟུང    མི་ཚེ་ལ་འོད་སྣང་དབེན
ཡིན་ནའང         བདག་གི་མ་འོངས་པའི་ལམ་ཁར
ཁྱེད་ཀྱི་བྱིན་རླབས་ཀྱི་བདུད་རྩི་གང་སར་འཁྱིལ་ངེས
ཁྱེད་ཀྱི་ལམ་སྟོན་གྱི་ཉི་འོད་གང་སར་འཕྲོ་ངེས

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།