གཙང་གི་ཁ་བ།

སྨྱུག་སྨྱོན།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-02-28
                 ཁ་བ་བབས་ན་རི་ཀླུང་སྣུམ།
                 དགེ་བ་བཏང་ན་བར་དོ་ཡང་།
                                                         
ཁ་བ་བབས་བྱུང
རྡོ་བར་གྱུར་བའི་ཕ་ཡུལ་གྱི་རི་ཀླུང
མཚན་མོ་གཅིག་གི་ཡུན་ཐུང་ལ་དཀར་ཞིང་ནེམ
གནམ་རྒན་མོས་ཐུགས་ཀ་ནས་བོར་ག་ལ་སྲིད
ཁ་བ་ནི་ཕ་ཡུལ་གྱི་སྲོག་རྩ་ཡིན་ལ་མིག་ཆུའང་ཡིན
ཞིང་པ་རྒད་པོའི་སེམས་ན་ཁ་བ་རུམ་ཡོད
ཨ་ཕོ་ལུག་རྫིའི་ཁོག་ན་ཁ་བ་ཉར་ཡོད
གྲོང་ཁྱེར་གྱི་གང་སར་ཁ་བ་ཡིད་དུ་འོང
རི་གྲོང་གི་ཁུད་ན་ཁ་བ་སྐྱ་ཞོལ་ཞོལ

རྨི་ལམ་གྱི་གྲོང་ཁྱེར་ན་འཁེན་པའི
རྣམ་ཤེས་འཁྱམ་པོ་ཞིག
འཇིག་རྟེན་ལས་འདས་པའི་གོ་ལར་སྙེག་སྟེ
ཁ་བའི་འཇིག་རྟེན་ལ་ཉན
ཡིད་ནས་བཞུར་བའི་རྣག་ཁྲག་ཡོད་ཚད
ཁ་བར་འཐིམ
མི་མ་ཡིན་གྱི་སྒྱུ་འཕྲུལ་གྱི་ཞིང་ཁམས་དེར
ཨ་མྲྀ་ཏ་གྲོགས་སུ་བསྟེན་ཏེ་ཁ་ཏ་ལྷོད་ཀྱིན
ཁ་སང་གི་རང་ཉིད་ལ་གྲིབ་གཟུགས་མེད་པ་ཚོར

ཁ་བ་བབས་བྱུང
ཁ་བའི་ཡུལ་ལ་ཁ་བ་འབབ་འོས་མོད
ཁ་བ་ལོ་རེ་ནས་ལོ་རེར་ཉུང
གངས་རི་ལོ་རེ་ནས་ལོ་རེར་བྲི
དེ་ཕྱིར ཕ་ཡུལ་ལ་ཁ་བ་རྒྱག་དགོས
གཡག་རྒན་གྱི་འདུན་པ་བཞིན
ཁ་བ་རྭ་རྩེ་ལོངས་པ་རྒྱག་དགོས
ཁ་བ་རྒྱབ་ནས་མི་རྟག་འཆི་བ་ཡོང་ཡང
ཕ་ཡུལ་གྱི་རི་ཀླུང་ནམ་ཡང་ཁ་བས་གཡོག་དགོས

མདང་ནུབ་ཀྱི་ཁ་བས་གཙང་གཞུང་སྦངས
མདང་ནུབ་ཀྱི་ཁ་བས་སྐྱུར་ཁ་དྭངས
སོ་ནམ་ལོ་སར་གྱི་སྐྱུར་རྩི་དང་ར་རི
ཁ་བའི་ཡུལ་ལྗོངས་དང་ཆུ་ཀླུང་གིས
རྒྱང་རིང་རྒྱང་རིང་ལ
ནག་ལོང་ལོང་དུ་བཞུར་གྱིན་འདུག

ཁ་བ་སྟུག་པོའི་རྗེས་ན
གཙང་གི་དྲན་ཤིང་གི
ནགས་ཚལ་དང་ལོ་འདབ
... ...
         ༢༠༢༢/༢/༢༡ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གཙང་གི་ཁ་བ།

2022-02-28 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
                 ཁ་བ་བབས་ན་རི་ཀླུང་སྣུམ།
                 དགེ་བ་བཏང་ན་བར་དོ་ཡང་།
                                                         
ཁ་བ་བབས་བྱུང
རྡོ་བར་གྱུར་བའི་ཕ་ཡུལ་གྱི་རི་ཀླུང
མཚན་མོ་གཅིག་གི་ཡུན་ཐུང་ལ་དཀར་ཞིང་ནེམ
གནམ་རྒན་མོས་ཐུགས་ཀ་ནས་བོར་ག་ལ་སྲིད
ཁ་བ་ནི་ཕ་ཡུལ་གྱི་སྲོག་རྩ་ཡིན་ལ་མིག་ཆུའང་ཡིན
ཞིང་པ་རྒད་པོའི་སེམས་ན་ཁ་བ་རུམ་ཡོད
ཨ་ཕོ་ལུག་རྫིའི་ཁོག་ན་ཁ་བ་ཉར་ཡོད
གྲོང་ཁྱེར་གྱི་གང་སར་ཁ་བ་ཡིད་དུ་འོང
རི་གྲོང་གི་ཁུད་ན་ཁ་བ་སྐྱ་ཞོལ་ཞོལ

རྨི་ལམ་གྱི་གྲོང་ཁྱེར་ན་འཁེན་པའི
རྣམ་ཤེས་འཁྱམ་པོ་ཞིག
འཇིག་རྟེན་ལས་འདས་པའི་གོ་ལར་སྙེག་སྟེ
ཁ་བའི་འཇིག་རྟེན་ལ་ཉན
ཡིད་ནས་བཞུར་བའི་རྣག་ཁྲག་ཡོད་ཚད
ཁ་བར་འཐིམ
མི་མ་ཡིན་གྱི་སྒྱུ་འཕྲུལ་གྱི་ཞིང་ཁམས་དེར
ཨ་མྲྀ་ཏ་གྲོགས་སུ་བསྟེན་ཏེ་ཁ་ཏ་ལྷོད་ཀྱིན
ཁ་སང་གི་རང་ཉིད་ལ་གྲིབ་གཟུགས་མེད་པ་ཚོར

ཁ་བ་བབས་བྱུང
ཁ་བའི་ཡུལ་ལ་ཁ་བ་འབབ་འོས་མོད
ཁ་བ་ལོ་རེ་ནས་ལོ་རེར་ཉུང
གངས་རི་ལོ་རེ་ནས་ལོ་རེར་བྲི
དེ་ཕྱིར ཕ་ཡུལ་ལ་ཁ་བ་རྒྱག་དགོས
གཡག་རྒན་གྱི་འདུན་པ་བཞིན
ཁ་བ་རྭ་རྩེ་ལོངས་པ་རྒྱག་དགོས
ཁ་བ་རྒྱབ་ནས་མི་རྟག་འཆི་བ་ཡོང་ཡང
ཕ་ཡུལ་གྱི་རི་ཀླུང་ནམ་ཡང་ཁ་བས་གཡོག་དགོས

མདང་ནུབ་ཀྱི་ཁ་བས་གཙང་གཞུང་སྦངས
མདང་ནུབ་ཀྱི་ཁ་བས་སྐྱུར་ཁ་དྭངས
སོ་ནམ་ལོ་སར་གྱི་སྐྱུར་རྩི་དང་ར་རི
ཁ་བའི་ཡུལ་ལྗོངས་དང་ཆུ་ཀླུང་གིས
རྒྱང་རིང་རྒྱང་རིང་ལ
ནག་ལོང་ལོང་དུ་བཞུར་གྱིན་འདུག

ཁ་བ་སྟུག་པོའི་རྗེས་ན
གཙང་གི་དྲན་ཤིང་གི
ནགས་ཚལ་དང་ལོ་འདབ
... ...
         ༢༠༢༢/༢/༢༡ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།