ཀྱེ། ཉི་མ་ལྷ་ས།

ཅོ་བྱང་སྐར།(ཁྲིན་ཏུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-08-19
ཁྱེད་ཀྱི་ལྷུན་ཆགས་ཀྱི་གཟི་བྱིན་ལས་འཚེར་བའི་འོད་ཀྱི་ཟེགས་མ་དེས།
ངའི་རྣམ་ཤེས་ཀྱི་གད་རྒྱངས་ལ་ང་རོ་ཡི་རྒྱུད་དྲུག་བསྩལ་ལ།
ཁྱེད་ཀྱི་གཡོ་ལྷད་མེད་པའི་རང་བྱོན་གྱི་དངོས་གྲུབ་ཀྱིས།
ང་ལ་ཚེ་སྲོག་གི་གསོན་ཤུགས་གསར་པ་གནང་སྦྱིན་མཛད།
 
ཐོག་འབྲུག་གློག་གསུམ་ཀྱི་ང་རོ་ཆེ་བའི་ཁ་སང་དེ་རིང་།
གཏི་མུག་དང་ལེ་ལོ་ཡི་ཁ་ཕོ་མཐོ་བའི་ཁ་སང་དེ་རིང་།
ཁྱེད་ཀྱི་སྣོད་བཅུད་ལ་སྲིན་འབུ་ཡི་སུམ་འཛུལ་བྱས་འདུག་ཟེར།
ངས་ནམ་ཡང་ཁྱེད་ནི་རྣོ་བ་མདུང་གིས་མི་ཕུབ་པའི་གོ་འཁྲབ་དེ་རུ་བཀུར་ཡོད།
ཁྱེད་ཀྱི་སྐུ་ལུས་རི་རབ་ཀྱི་ཕུང་བོ་ཇི་སྲིད་བར་ཏུ་བརྟན་ཤིང་བརྗིད་པའི་སྨོན་ལམ།
 
ཅོལ་ཆུང་ང་ལ་བསོད་ནམས་ཀྱི་མཐུ་སྟོབས་སྦྱིན་པའི་ལྷ་ས་ལགས།
ཁྱེད་ཀྱི་མཁའ་དབྱིངས་སུ་རྒྱུ་བའི་སྤྲིན་དཀར་དང་།
ཁྱེད་ཀྱི་ཟུངས་ཁྲག་དང་འདྲེས་པའི་ཆུ་མོ།
གཞན་ལ་ངོམ་ཆོག་ཆོག་གི་རི་ཆུ་སྔོ་ལྗང་གི་གཞིས་མལ་དག་གཙང་དེར།
ནག་ནོག་གི་དྲི་མས་སྦགས་བཞིན་འདུག་པས་རིག་པ་སྒྲིམ་སྒྲིམ་གནང་ཤིག་ཨང་།
 
ཙག་བསེར་བུའི་ཁ་དབུགས་ཀྱིས་བཏུམས་པའི་དགུན་གཞུང་རིང་མོ་དེར།
སྤྱང་མོའི་ངུར་སྒྲ་དང་སྒོ་ཁྱིའི་ཟུག་སྐད།
ཡང་ན་ཡུམ་ཆེན་ལགས་ཀྱི་སྒྲོལ་མའི་ཁ་ཏོན་གྱི་དབྱངས་རྟ།
ས་ཆེན་པོའི་ཡང་སྟེང་ན་སྒྱུ་འཕྲུལ་གྱི་གར་ལ་རོལ་བ་ལྟ་བུའི།
འཕྲིན་ལམ་ན་རླུང་བཞིན་རྒྱུ་བཞིན་པ་འདི་ཁྱེད་དང་ང་ལ་ཚོད་ལྟ་ཐེངས་ཤིག །
 
ལག་ཟུང་གི་སོར་བཅུ་ལྷན་དུ་སྦྲེལ་རན་པའི་དུས་དེ་རིང་།
རིག་ཚན་གྱི་སྟོབས་ཤུགས་རྩལ་དུ་སྦྲུམ་རན་པའི་དུས་དེ་རིང་།
ང་རྒྱལ་དང་ཁེངས་དྲེགས་རྦད་དེ་ཞུ་རན་པའི་དུས་དེ་རིང་།
ཁྱེད་ཀྱིས་རྟབ་ཟིང་གི་འུར་ལ་མི་སྐུལ་བར་གོས་དཀར་ཕོ་ཉའི་ངག་ལ་ཉན་རན་འདུག །
རིག་དཔྱོད་ཀྱི་རྣམ་ཤེས་བཟུང་ནས་དེང་རབས་ཀྱི་ལམ་ཆེན་དུ་གོམ་འགྲོས་བརྟན་པོར་སྤོ་རོགས།
 
ཁྱེད་ཀྱིས་ཉི་ཟླའི་རྣ་ལུང་མཐོ་རུ་བཏེགས་ནས་འཇིག་རྟེན་ཁམས་གསུམ་སྤྱན་ཟུང་གིས་འཚོས་ལ།
སྐར་ཚོགས་ཁྲི་འབུམ་བྱམས་ཀྱིས་བསྐྱངས་ཏེ་མེ་ཏོག་སྣ་བརྒྱར་སྦྲང་ཆར་བསྩལ་མྱོང་།
སེམས་ནང་གི་ཉི་མ་ལྷ་ས།
འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ནང་སེམས་ཀྱི་མུན་པར་ཡང་གསལ་གྱི་སྐྱ་རེངས་བསྩལ་དགོས།
ཁྱེད་ཀྱི་མཐའ་སྐོར་ཏུ་རུབ་པའི་སྤྲིན་ནག་གི་དེ་མི་འགྱངས་སང་ཉིན་ཕར་མཐར་སྤྲོད་ཐུབ་པར་སྨོན།
 
གཙང་ཆབ་སྔོན་མོ་གྲོགས་སུ་བཀུར་ནས་གསེར་མིག་ཉ་མོར་ཟུངས་ཁྲག་གནང་དགོས།
རླུང་ཆེན་དམར་པོའི་ཁ་གནོན་མཛད་ནས་འགྲོ་དྲུག་ཀུན་གྱི་དད་གནས་འཁྱོངས་དགོས།
ངའི་སེམས་ནང་གི་ཉི་མ་ལྷ་ས།
ཞི་བདེའི་སྤྱོད་བཟང་དར་སྤེལ་མཛད་ནས་འཛམ་གླིང་ཞི་བདེའི་ལམ་དུ་ཁྲིད་དགོས།
མི་དགོས་སྲིན་འབུའི་སུམ་འཛུལ་གཏོར་ནས་འཛམ་གླིང་ཡོངས་སུ་བདེ་བ་འདྲེན་དགོས།
 
ལོ་རྒྱུས་ཤོག་ལྷེ་དལ་གྱིས་ཕྱེ་ནས་སྔོན་ཐོན་རིག་པར་ཁས་ལེན་བྱ་དགོས།
ད་ལྟའི་གནས་བབས་བློ་རུ་གོམས་ནས་དང་བླངས་རུ་མིའི་ངག་སྒོར་ཉན་དགོས།
མ་འོངས་མདུན་ལམ་རིག་པས་དཔྱོད་དེ་མཐུན་པའི་ཨ་ལོང་དམ་དུ་སྦྲེལ་དགོས།
སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག་ནས་ཁྱེད་དང་ང་ཡིས་མདུན་ལྗོངས་ཡངས་པོར།
མི་འགྱངས་ཉི་ཟླའི་འོད་སྣང་ཁྲོད་ནས་གཟི་བྱིན་སྔར་བཞིན་ཕྱོགས་བཞིར་འཕྲོ་ངེས།
          2022ལོའི་ཟླ་8ཚེས་18ཉིན་སྤོས་ལྡན་གྲོང་ནས་གྲུབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀྱེ། ཉི་མ་ལྷ་ས།

2022-08-19 ཅོ་བྱང་སྐར།(ཁྲིན་ཏུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།