འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

སྨྱུག་སྨྱོན།(ལྷ་ས) 琼迈文学网 2022-09-03

དུས་ཚིགས་རལ་པ་འདིའི་གཟེབ་ཀྱི་སྤྲོག་མ་ནས
གཏིང་ཟབ་པའི་མཚན་མོ་རེ་རེ་བཀླགས་ཏེ
ཁེར་རྐྱང་གྱོན་པའི་རི་རྩེའི་ཐོ་ཡོར་བཞིན
ཡ་ཆུང་འཁྱག་པོ་འདི་ཁྱོད་ལ་གཏད

རྡོ་བའི་ལྷས་མར་ས་སྦོལ་གྱིས་གཡོས་པའི་ཁང་རྙིང
ལྗོན་ཤིང་གཡུ་ལོའི་འོག་གི་རྟ་དྲེལ་གྱི་ཡོ་ལང
རེས་གསལ་རེས་མོག་ཏུ་གྲགས་པའི་ཆང་ཁང་གི་དགོད་སྒྲས
ཁྱོད་ཀྱི་བྱད་གཟུགས་གཡེར་བོ་དེ་ལིང་ལིང་འདྲུད་འོང

འཕྱིང་བ་སྟག་རྩེའི་ཕོ་བྲང་གི་ཡང་སྟེང་ནས
ཁ་བའི་འདབ་མར་ཁེན་པའི་རྒྱ་སེ་ཁྱོད
རུས་རྐང་གི་རྟིང་སོར་ཇི་ལྟར་གསུབ་ཀྱང
གློག་ཞགས་ཀྱི་འཁྱུག་སྟངས་སུ་ལམ་ལམ་འབར

འཕྱོངས་རྒྱས་ཀྱི་རི་ཟོམ་གྱིས་ཁྱོད་ལ་འབོད་ཀྱིན་འདུག
དེའུ་འབུར་ནང་གཟིམས་པའི་བཙན་པོའི་རྣམ་ཤེས་དག་གིས
ཁྱོད་དང་ཁྱོད་ཀྱི་ཆང་ཕོར་ལ་ཡས་སྒྲོན་བཏབ
ཁྱོད་དང་ཁྱོད་ཀྱིས་བླངས་པའི་ཁྲུང་གླུ་རེ་རེ་ནི
རྩྭ་རྩེའི་ཟིལ་པའི་སྟེང་གི་ཁྲག་ཐིགས*རེ་རེ་དང
མཚན་མོའི་ཁུ་སིམ་དཀྲོགས་པའི་རྨི་ལམ་རེ་རེའོ

རྒྱང་རིང་ནས་བལྟས་ན འཚེར་སྐད་ལྷང་ངེ་བའི
འཕྱོངས་རྒྱས་ཀྱི་རི་བོ་དང་གཙང་པོ
འཕྱོངས་རྒྱས་ཀྱི་ཁང་ཞིང་དང་བར་སྣང
ཁྱོད་སྟེ ཟླ་བ་སྒྲོལ་མ་མ་ཡིན་ནམ

འཕྱོངས་རྒྱས་ཟླ་བ་སྒྲོལ་མ
སེམས་ཉིད་ཕྱེ་མར་འཐག་མཁན
ཟླ་བ་སྒྲོལ་མ་འདྲ་བ
རིན་ཆེན་སྒང་ན་ཡོག་རེད
      ༢༠༢༢/༨/༣༡

མཆན།
*སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱི་ཚིག་གཡར་བ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

2022-09-03 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།

དུས་ཚིགས་རལ་པ་འདིའི་གཟེབ་ཀྱི་སྤྲོག་མ་ནས
གཏིང་ཟབ་པའི་མཚན་མོ་རེ་རེ་བཀླགས་ཏེ
ཁེར་རྐྱང་གྱོན་པའི་རི་རྩེའི་ཐོ་ཡོར་བཞིན
ཡ་ཆུང་འཁྱག་པོ་འདི་ཁྱོད་ལ་གཏད

རྡོ་བའི་ལྷས་མར་ས་སྦོལ་གྱིས་གཡོས་པའི་ཁང་རྙིང
ལྗོན་ཤིང་གཡུ་ལོའི་འོག་གི་རྟ་དྲེལ་གྱི་ཡོ་ལང
རེས་གསལ་རེས་མོག་ཏུ་གྲགས་པའི་ཆང་ཁང་གི་དགོད་སྒྲས
ཁྱོད་ཀྱི་བྱད་གཟུགས་གཡེར་བོ་དེ་ལིང་ལིང་འདྲུད་འོང

འཕྱིང་བ་སྟག་རྩེའི་ཕོ་བྲང་གི་ཡང་སྟེང་ནས
ཁ་བའི་འདབ་མར་ཁེན་པའི་རྒྱ་སེ་ཁྱོད
རུས་རྐང་གི་རྟིང་སོར་ཇི་ལྟར་གསུབ་ཀྱང
གློག་ཞགས་ཀྱི་འཁྱུག་སྟངས་སུ་ལམ་ལམ་འབར

འཕྱོངས་རྒྱས་ཀྱི་རི་ཟོམ་གྱིས་ཁྱོད་ལ་འབོད་ཀྱིན་འདུག
དེའུ་འབུར་ནང་གཟིམས་པའི་བཙན་པོའི་རྣམ་ཤེས་དག་གིས
ཁྱོད་དང་ཁྱོད་ཀྱི་ཆང་ཕོར་ལ་ཡས་སྒྲོན་བཏབ
ཁྱོད་དང་ཁྱོད་ཀྱིས་བླངས་པའི་ཁྲུང་གླུ་རེ་རེ་ནི
རྩྭ་རྩེའི་ཟིལ་པའི་སྟེང་གི་ཁྲག་ཐིགས*རེ་རེ་དང
མཚན་མོའི་ཁུ་སིམ་དཀྲོགས་པའི་རྨི་ལམ་རེ་རེའོ

རྒྱང་རིང་ནས་བལྟས་ན འཚེར་སྐད་ལྷང་ངེ་བའི
འཕྱོངས་རྒྱས་ཀྱི་རི་བོ་དང་གཙང་པོ
འཕྱོངས་རྒྱས་ཀྱི་ཁང་ཞིང་དང་བར་སྣང
ཁྱོད་སྟེ ཟླ་བ་སྒྲོལ་མ་མ་ཡིན་ནམ

འཕྱོངས་རྒྱས་ཟླ་བ་སྒྲོལ་མ
སེམས་ཉིད་ཕྱེ་མར་འཐག་མཁན
ཟླ་བ་སྒྲོལ་མ་འདྲ་བ
རིན་ཆེན་སྒང་ན་ཡོག་རེད
      ༢༠༢༢/༨/༣༡

མཆན།
*སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱི་ཚིག་གཡར་བ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།