སྤྲིན་པ་ལྗིད་པོ།(ཞར་བཀོད་གཅིག་ཡོད)

ཐོ་ཡོར།(དཀར་མཛེས) 琼迈文学网 2022-11-12
གློག་ཞགས་དང་ཉེ་བའི་ཚོར་བ་དེ་དང་ཐག་རིང་དུ་ཕྱིན
གདོང་ལ་འབྲུ་ཚུགས་སུ་བལྟས་ཀྱང
མེ་ལོང་གི་གཏིང་མི་མཐོང་བ་ལྟར
རྣམ་རྟོག་གི་འཕྲོ་ཆད་ཅེ་ན
ཕུང་པོ་ནི་ཡིད་ཡི་མུག་གི་སྣང་བས་ནམ་མཁར་ཡར་འདེགས་པ་ཚོར
དམིགས་པ་གཅིག་ལ་གཏད་ནས་སྡོད་མི་ཚུགས་པ་མ་གཏོགས
ཁེར་རྐྱང་གི་སྣང་བ་རིགས་ཤིག་གཅིག་གིས་དེ་མུར
མ་འོང་འོངས་པའི་དུས་ཀྱི་ནང་དུ་འཆི་བ་ནི
མི་རྣམས་ལྷན་ཅིག་ཏུ་འདུས་པའི་སྐབས་ཀྱི་དྲན་པ་ལས་བྱུང་ཞིང
སྐད་ཅོར་ཇེ་ཆེར་སོང་བ་དང་བསྟུན་སོ་སོའི་མཁོ་མེད་ཀྱི་སྣང་བས་ར་སྤྲོད་པ་ནི
འདི་རུ་ལྷག་པ་ནི་རྣམ་ཤེས་ཀྱིས་བསྐྱུར་བའི་ཕུང་པོའི་ཚོགས་སོ་ཞེས་བརྗོད་པ་མཐོང
སྒྲ་སྐད་དེ་དང་མི་རྣམས་ཀྱི་བར་དུ་རྡུལ་ཕྲན་གཅིག་ཀྱང་མི་ཤོང་ཞིང
དེ་ལྟ་བུའི་སྐྱོ་གར་གྱི་སྤྲིན་པ་དུས་ཡུན་ཅི་ཙམ་ན་འཐོར་འགྲོ
                         ༢༠༢༢་༡༡་༡་ཉིན་བྲིས།

སྐབས་ཤིག་རིང་ལ།
                      

ལུས་ངག་གི་སྒོ་བསྡམས་ནས་བསྡད་པའི་རྐྱེན་གྱིས་བྱས་སམ
ང་རྒྱལ་ཆག་པའི་སྐྱེ་བོ་འགའ་མཐོང

ཁོ་རང་ཚོ་ས་ཕྱོགས་གཞན་དུ་འགྲོ་མཁན་ཡིན་འདུག
བཤུལ་ལམ་ལ་བྱི་དོར་བྱེད་རྒྱུ་ནི་བརྗེད

འཇིག་རྟེན་དུ་འཚོ་བའི་སྙིང་བོ་ནི
མནལ་ལམ་བདེ་བ་ཙམ་མོ
སེམས་ཁོང་དུ་ཆུད་པའི་རིང་ལ

དུས་གཞན་ཞིག་ཏུ
རྣལ་དུ་བབས་པའི་སེམས་པ་འདི
རྨོངས་པ་གཞན་ཞིག་གིས་ཁྲིད་ནས
ཁྱོད་དང་ལེ་བར་གཅིག་ལས་མེད་པའི་སར་ལྷགས་ཀྱང་སྲིད
               ༢༠༢༢་༧
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྤྲིན་པ་ལྗིད་པོ།(ཞར་བཀོད་གཅིག་ཡོད)

2022-11-12 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།
གློག་ཞགས་དང་ཉེ་བའི་ཚོར་བ་དེ་དང་ཐག་རིང་དུ་ཕྱིན
གདོང་ལ་འབྲུ་ཚུགས་སུ་བལྟས་ཀྱང
མེ་ལོང་གི་གཏིང་མི་མཐོང་བ་ལྟར
རྣམ་རྟོག་གི་འཕྲོ་ཆད་ཅེ་ན
ཕུང་པོ་ནི་ཡིད་ཡི་མུག་གི་སྣང་བས་ནམ་མཁར་ཡར་འདེགས་པ་ཚོར
དམིགས་པ་གཅིག་ལ་གཏད་ནས་སྡོད་མི་ཚུགས་པ་མ་གཏོགས
ཁེར་རྐྱང་གི་སྣང་བ་རིགས་ཤིག་གཅིག་གིས་དེ་མུར
མ་འོང་འོངས་པའི་དུས་ཀྱི་ནང་དུ་འཆི་བ་ནི
མི་རྣམས་ལྷན་ཅིག་ཏུ་འདུས་པའི་སྐབས་ཀྱི་དྲན་པ་ལས་བྱུང་ཞིང
སྐད་ཅོར་ཇེ་ཆེར་སོང་བ་དང་བསྟུན་སོ་སོའི་མཁོ་མེད་ཀྱི་སྣང་བས་ར་སྤྲོད་པ་ནི
འདི་རུ་ལྷག་པ་ནི་རྣམ་ཤེས་ཀྱིས་བསྐྱུར་བའི་ཕུང་པོའི་ཚོགས་སོ་ཞེས་བརྗོད་པ་མཐོང
སྒྲ་སྐད་དེ་དང་མི་རྣམས་ཀྱི་བར་དུ་རྡུལ་ཕྲན་གཅིག་ཀྱང་མི་ཤོང་ཞིང
དེ་ལྟ་བུའི་སྐྱོ་གར་གྱི་སྤྲིན་པ་དུས་ཡུན་ཅི་ཙམ་ན་འཐོར་འགྲོ
                         ༢༠༢༢་༡༡་༡་ཉིན་བྲིས།

སྐབས་ཤིག་རིང་ལ།
                      

ལུས་ངག་གི་སྒོ་བསྡམས་ནས་བསྡད་པའི་རྐྱེན་གྱིས་བྱས་སམ
ང་རྒྱལ་ཆག་པའི་སྐྱེ་བོ་འགའ་མཐོང

ཁོ་རང་ཚོ་ས་ཕྱོགས་གཞན་དུ་འགྲོ་མཁན་ཡིན་འདུག
བཤུལ་ལམ་ལ་བྱི་དོར་བྱེད་རྒྱུ་ནི་བརྗེད

འཇིག་རྟེན་དུ་འཚོ་བའི་སྙིང་བོ་ནི
མནལ་ལམ་བདེ་བ་ཙམ་མོ
སེམས་ཁོང་དུ་ཆུད་པའི་རིང་ལ

དུས་གཞན་ཞིག་ཏུ
རྣལ་དུ་བབས་པའི་སེམས་པ་འདི
རྨོངས་པ་གཞན་ཞིག་གིས་ཁྲིད་ནས
ཁྱོད་དང་ལེ་བར་གཅིག་ལས་མེད་པའི་སར་ལྷགས་ཀྱང་སྲིད
               ༢༠༢༢་༧
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།