དུར་ཁྲོད།(ཞར་བཀོད་གཅིག་ཡོད)

གྲོལ།(འཇོ་མདའ) 琼迈文学网 2022-12-21
ཡིད་གདུང་གིས་སྐྱོ་གླུ་འཐེན་བཞིན
རབ་རིབ་ནས་མག་མོག་ཏུ་གྱུར་བའི་དགོང་མོར
སྔངས་སྐྲག་གི་འབྲོག་ས་དེ་རུ
ཁྱོད་ལ་རྣོ་དབལ་གྱི་མཆུ་ཏོས་སྒུག་ཡོད

དྲི་ངད་འཐུལ་འཐུལ་གྱི
ཡུལ་གྱར་བའི་རྐང་གླིང་སྨུག་པོས
རལ་གྲིའི་སོ་ཁ་བཞིན
བྱ་རྒོད་ཀྱི་མཆུ་ཏོ་བརྡར་བཞིན་འདུག

བརྩེ་དུང་ལྷད་མེད་པ་ཞིག་ཡིན་ཀྱང
བྱི་ལ་དང   གྲོག་མ་མིག་མེད
བྱ་གླག་གི་སྒྲོ་གུར་འོག་ཏུ
མི་རྟག་གི་མཚོ་མོས་བསྐྱོམས་འདུག

དུས་ཚོད་ཀྱི་མདེའུ་རྩེ་ནས
དལ་ཅག་གེར་བཞུར་འགྲོ་བའི
ང་དང་ཁྱོད   ཡང་ན་གཞན

ང་ཚོས་བཙལ་བཙལ་བའི
སྐྱེ་བ་འདིའི་རྨི་ལམ་དུར་ཁྲོད་ན་ལུས་ཡོད་དམ

༢༠༢༡ལོའི་ལོ་མཇུག

ཚེ་སྲོག་གི་གཏིང་དུ་སྒོམ་པའི
ས་མཐའི་མུ་གེ་ལགས
ངས་ཁྱོད་ཀྱི་མིག་ཟུང་ལ་ཅེར་ནས
ཡུལ་དུས་ག་ཙམ་ཞིག་འགྲོ་བཞིན་འདུག

ཁྱོད་ཀྱི་མིག་མཐའ་རུ་འཁྱིལ་བའི
དགུན་ཟླ་བཅུ་གཉིས་པའི་མཚན་མོ
བརྒལ་མི་ཚར་བའི་ལོ་ཟླ་ཧྲིལ་པོ་ཞིག་མིན་ནམ

ཝེ   སྙིང་དུ་སྡུག་པའི་མེ་ཏོག་ལགས
སྐྱེ་བ་འདིས་བཙལ་བའི་ཐ་སྙད་བརྩེགས་ཀྱང
ད་དུང  མཚོན་མི་ཐུབ་པར་འདུག་ན

སྐྱེ་བ་གཞུག་མའང་ཁྱོད་ཀྱི་དོན་དུ
སྙན་ངག་གི་མེ་ཏོག་བཞད་ཆོག་པར་ཞུ
            2021.12.30མཚན་མོར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དུར་ཁྲོད།(ཞར་བཀོད་གཅིག་ཡོད)

2022-12-21 གྲོལ།(འཇོ་མདའ) ཀློག་གྲངས། མཆན ཡོད།
ཡིད་གདུང་གིས་སྐྱོ་གླུ་འཐེན་བཞིན
རབ་རིབ་ནས་མག་མོག་ཏུ་གྱུར་བའི་དགོང་མོར
སྔངས་སྐྲག་གི་འབྲོག་ས་དེ་རུ
ཁྱོད་ལ་རྣོ་དབལ་གྱི་མཆུ་ཏོས་སྒུག་ཡོད

དྲི་ངད་འཐུལ་འཐུལ་གྱི
ཡུལ་གྱར་བའི་རྐང་གླིང་སྨུག་པོས
རལ་གྲིའི་སོ་ཁ་བཞིན
བྱ་རྒོད་ཀྱི་མཆུ་ཏོ་བརྡར་བཞིན་འདུག

བརྩེ་དུང་ལྷད་མེད་པ་ཞིག་ཡིན་ཀྱང
བྱི་ལ་དང   གྲོག་མ་མིག་མེད
བྱ་གླག་གི་སྒྲོ་གུར་འོག་ཏུ
མི་རྟག་གི་མཚོ་མོས་བསྐྱོམས་འདུག

དུས་ཚོད་ཀྱི་མདེའུ་རྩེ་ནས
དལ་ཅག་གེར་བཞུར་འགྲོ་བའི
ང་དང་ཁྱོད   ཡང་ན་གཞན

ང་ཚོས་བཙལ་བཙལ་བའི
སྐྱེ་བ་འདིའི་རྨི་ལམ་དུར་ཁྲོད་ན་ལུས་ཡོད་དམ

༢༠༢༡ལོའི་ལོ་མཇུག

ཚེ་སྲོག་གི་གཏིང་དུ་སྒོམ་པའི
ས་མཐའི་མུ་གེ་ལགས
ངས་ཁྱོད་ཀྱི་མིག་ཟུང་ལ་ཅེར་ནས
ཡུལ་དུས་ག་ཙམ་ཞིག་འགྲོ་བཞིན་འདུག

ཁྱོད་ཀྱི་མིག་མཐའ་རུ་འཁྱིལ་བའི
དགུན་ཟླ་བཅུ་གཉིས་པའི་མཚན་མོ
བརྒལ་མི་ཚར་བའི་ལོ་ཟླ་ཧྲིལ་པོ་ཞིག་མིན་ནམ

ཝེ   སྙིང་དུ་སྡུག་པའི་མེ་ཏོག་ལགས
སྐྱེ་བ་འདིས་བཙལ་བའི་ཐ་སྙད་བརྩེགས་ཀྱང
ད་དུང  མཚོན་མི་ཐུབ་པར་འདུག་ན

སྐྱེ་བ་གཞུག་མའང་ཁྱོད་ཀྱི་དོན་དུ
སྙན་ངག་གི་མེ་ཏོག་བཞད་ཆོག་པར་ཞུ
            2021.12.30མཚན་མོར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།