ཚ་འཁྲུལ།(ཞར་བཀོད་གཉིས་ཡོད)

ཐ་སྐར།(མགོ་ལོག) 琼迈文学网 2023-04-27
གཉིད་དུ་ཡུར་བའི་མཚན་མོར
དར་མའི་ལུས་པོ་འདི་ཉིད
གཞི་ནས་ཡུན་རིང་བཀག་སྡོམ་བྱས་པའི་ནད་དང་འདྲེས་པར་གྱུར
སྐད་ཅིག་ཕྱུང་འདོད་ཀྱང
མགྲིན་པའི་སྦུབས་སུ་ལུས་ཀྱི་སྙིགས་མ་ཐ་དག་འཚངས་འདུག་པ་འདྲ
དབུགས་ཡང་མོ་ཞིག་ལེན་པར་ཡང་ཤིན་ཏུ་དཀའ་སྣང་སྐྱེ
ལུས་སྟེང་ནས་ཐོན་པའི་རྔུལ་ཆུ་གྲང་མོས
མཚན་གྱི་ཁུ་སིམ་དང་འདོད་འདུན་གྱི་རི་མོ་བསྒུལ་ཞིང
GWPལགས་དྲན་པའི་རྨི་ལམ་གྱི་སྟེང་དུ་བྱེ་མ་ཚ་བོ་ཇི་སྙེད་པ་ཞིག་སྤུངས
ཤ་རུས་གསེང་གི་བདེ་བ་ཁབ་རྩེ་ཡིས་བྲུས་པ་བཞིན
རབ་ཏུ་འཁྱག་པ་དང་ཤིན་ཏུ་ཚ་བའི་གློག་དམར
གཟུགས་པོའི་ཕྱི་ནང་ཀུན་ཏུ་ཡང་ནས་ཡང་དུ་འཁྱུག
ཁོ་ཚོས་བསྲན་ཚུགས་པ་ལས་དྲག་སྐྱེས་འབྱུང་ངེས་ལབ་འོང་མོད
ང་ལ་བཟོད་བསྲན་ནུས་པ་ཡེ་ནས་མི་འདུག་སྟེ
ལུ་གུ་རྒྱུད་ཀྱི་རྣམ་རྟོག་གི་འཕྲོ་འདུ་ཡང་ཡུད་ཙམ་ལ་ཁེགས
ནམ་ལངས་ཚེ
ནད་ཀྱིས་བསྣད་པས་ཉོབ་ཐིབས་སེའི་ལུས་པོར
ཟས་དང་སྨན་གྱི་ལྷན་པ་རེ་བརྒྱབ་ན
འཇིགས་ཡེར་བའི་སྣང་བ་ལས་སད་ངེས་སྙམ
ཞིབ་ཏུ་འདང་བརྒྱབ་ན
ནད་ཀྱིས་ང་ཚོ་ནམ་ཡང་ཇེ་ལྷོད་དུ་བཏང་མ་མྱོང་བ་འདྲ་དྲན་སོང

ལྡེ་མིག་མེད་པའི་མི།

ལྡེ་མིག་མེད་ནའང
ཁོ་མོ་ཁང་པའི་ནང་དུ་ལོག་ཅིང་ཡུན་རིང་བསྡད
ངས་ཀྱང་སྐད་ཅོར་གང་ཡང་མ་བྱས

ཁང་པ་ནི་ཤེད་ཤུགས་ཀྱིས་ཁེངས་པའི་མདེའུ་ཞིག་སྟེ
མི་ཚེའི་གོ་རིམ་ཆ་ཚང་ཞིག་སྐད་ཅིག་ལ་འདིང་སྐྲུན་བྱས

འགྲུལ་བཞུད་ཀྱིས་ཕྱིས་པའི་རྡོ་གཅལ་དུ
ང་རང་ཀུན་ནས་མ་དོར་བའི་ཉམས་ཀྱིས
བརྩེ་བའི་རྡོག་ཁྲེས་ཁུར་བའི་ངོ་གདོང་རེ་ཚུར་ཕྱོགས་ཀྱང
ཞེད་སྣང་སྐྱེས་པ་བཞིན
དུངས་བའི་བཟོ་ལྟ་ཁོག་ཏུ་མིད་དགོས་བྱུང

གཏིང་མཐའ་བྲལ་བའི་མུན་པའི་ཡུལ་ནས
ལྡེ་མིག་མེད་པའི་ཁོང་མོ་ལས་སུ་ལའང
རང་ཉིད་སྟོན་ཐུབ་མི་འདུག
      2022/11/13
ཆར་བ།

སྤྲིན་པ་མཐུག་པོ་དེ་སིལ་བུར་འཐོར་ནས
འཛིན་མའི་འཚར་ལོངས་ལ་བསྣུན་པའི་ཆར་ཐིགས་གྲངས་མེད
སྐམ་ཐན་གྱི་རྨ་ཁའི་ནང་དུ
ཤག་ཤག་འཛར

ཆར་བ
མི་འགྱང་བར
རྩྭ་ལྗང་རེ་རེ་ལས་ཁྱོད་ཀྱི་མཛད་པ་དྲན་ཤིང་དུ་བརྩེང
རྣང་ཞིང་གི་གྲུ་ཟུར་རེ་རེར་ཁྱོད་ཀྱི་བྱིན་རླབས་ཀྱི་ངོ་མཚར་བསྐྲུན་ངེས

ཡོད་ཚད་ཆར་གྱིས་བྲན་དུས
ཇི་འདྲའི་དག་པ་ལ

ཆར་བར་བསྙེན་པའི་གོ་རིམ་ཁྲོད
ངའི་བྲང་ཁོག་ཧྲིལ་བོ་བརླན་གྱིས་བཟུང་ཞིང
བར་ཐག་ཉེ་སར་འགྲེང་བའི
ལྷོད་ཆགས་ཀྱི་བུ་མོ་འདིའི་མིང་ལ་དཔྱིད་ཀ་འབོད་དམ
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚ་འཁྲུལ།(ཞར་བཀོད་གཉིས་ཡོད)

2023-04-27 ཐ་སྐར།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།