རྫོང་རྒྱབ་ཀླུ་ཁང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

སྨྱུག་སྨྱོན།(ལྷ་ས) 琼迈文学网 2023-05-30
རྫོང་རྒྱབ་ཀླུ་ཁང
ལོ་རྒྱུས་ཀྱི་གཙང་པོ་རབ་མེད་དེ
རེས་གསལ་རེས་མོག་ཏུ་གཤར་ཐེངས་རེར
ཁྱོད་ཀྱི་ཁ་དོག་དང་དབྱིབས་གཟུགས་ལ་བྱི་དོར་ག་ཚོད་བྱས་བྱུང

རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཁྱོད་བཞེངས་བ་ནི
སྟེས་དབང་དང་བྱུང་རྒྱལ་ཙམ་ག་ལ་ཡིན
ཁྱོད་ཕོ་བྲང་གི་རྒྱབ་ངོས་སུ་འཕོས་པ་ནས
མི་རབས་ནས་མི་རབས་ཀྱི་རྐང་རྗེས་དང་གླུ་དབྱངས་སུ་ཐིམ
རྐང་རྗེས་དང་གླུ་དབྱངས་རེ་རེ་ནི
ཕོ་བྲང་གི་རྒྱབ་གཟུགས་ལ་སྦྱིན་པའི་དབུགས་དབྱུང་རེ་རེ་སྟེ
ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གློ་སྙིང་འབྱོ་ས

ཀླུ་ཁང་གི་ཆུ་རྫིང་ནང་གི་ངང་ངུར་དེ་དག
ཚངས་དབྱངས་རྒྱ་མཚོའི་རྣམ་ཤེས་འཁྱམ་པོ་དེ་ཡིན་ནམ
ཁྱོད་ཅག་གིས་དབྱར་དགུན་སྟོན་དཔྱིད་དུ
ཕོ་་བྲང་དང་ཀླུ་ཁང་གི་དབྲག་ནས་ཅི་ཞིག་ལ་ཁ་ཏ་གློད
ས་ཆེན་དང་བར་སྣང་ལ་འཛེར་རྒྱུ་ཅི་ཞིག་བྱུང་ངམ

སྲོས་དང་ཐོ་རེངས་ཀྱི་དྲན་པ་རབ་རིབ
ཉིན་དང་སྲིབ་ཀྱི་འཆར་སྒོ་བན་བུན
ཕང་ལོར་སྣལ་མ་ལྷོ་བཞུད་ཀྱི་ཆུ་འཛིན་བཞིན
དཀྲི་ཞིང་འཁྲིགས་ཏེ་འདར་ཡོམ་ཡོམ་བྱས་བྱུང་ངམ

སྔ་དྲོའི་ཆར་ཟིམ་མ་ཡལ
ཉིན་གུང་སྦྲང་ཆར་འབབ་ལུགས་ལ་བསམ་ན
ཐུགས་རྗེ་ལ་དེ་བས་ཆེ་བ་མེད་མོད
ཐག་རིང་ལི་ཐང་ལ་འཕུར་བའི་ཁྲུང་ཁྲུང་དཀར་མོ་དེ་དྲན་ཚེ
མིག་སྔའི་ཀླུ་ཁང་འདི་ཡང་ནང་སེམས་ཀྱི་ལྷན་ཐབས་སུ
ཅང་ཅང་དུ་འགྲེང

རྫོང་རྒྱབ་ཀླུ་ཁང
ཁྱོད་ནི་ཕོ་བྲང་དམར་པོའི་གྲིབ་གཟུགས་བཤོ་ས་སྟེ
མཐོང་དཀོན་པའི་སྐྱེད་ཚལ་འདིའི་ལྟེང་ཀའི་ཀླུ་ཁང་ཁྲ་མོ
འདས་ད་མ་འོངས་ཀྱི་ཕང་བར སྣང་སྲིད་ཕྱི་ནང་གི
མི་སེམས་གྲངས་མེད་བརླན་པའི་མཐོ་རིས་ཀྱི་གཤེར་ཁུ

རྫོང་རྒྱབ་ཀླུ་ཁང
ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་བླ་སྲོག་གི་ཐོ་ཡོར
                ༢༠༢༣/༥/༢༩དགོང་དྲོ་ལྷ་སར་སྦྱར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྫོང་རྒྱབ་ཀླུ་ཁང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

2023-05-30 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
རྫོང་རྒྱབ་ཀླུ་ཁང
ལོ་རྒྱུས་ཀྱི་གཙང་པོ་རབ་མེད་དེ
རེས་གསལ་རེས་མོག་ཏུ་གཤར་ཐེངས་རེར
ཁྱོད་ཀྱི་ཁ་དོག་དང་དབྱིབས་གཟུགས་ལ་བྱི་དོར་ག་ཚོད་བྱས་བྱུང

རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཁྱོད་བཞེངས་བ་ནི
སྟེས་དབང་དང་བྱུང་རྒྱལ་ཙམ་ག་ལ་ཡིན
ཁྱོད་ཕོ་བྲང་གི་རྒྱབ་ངོས་སུ་འཕོས་པ་ནས
མི་རབས་ནས་མི་རབས་ཀྱི་རྐང་རྗེས་དང་གླུ་དབྱངས་སུ་ཐིམ
རྐང་རྗེས་དང་གླུ་དབྱངས་རེ་རེ་ནི
ཕོ་བྲང་གི་རྒྱབ་གཟུགས་ལ་སྦྱིན་པའི་དབུགས་དབྱུང་རེ་རེ་སྟེ
ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གློ་སྙིང་འབྱོ་ས

ཀླུ་ཁང་གི་ཆུ་རྫིང་ནང་གི་ངང་ངུར་དེ་དག
ཚངས་དབྱངས་རྒྱ་མཚོའི་རྣམ་ཤེས་འཁྱམ་པོ་དེ་ཡིན་ནམ
ཁྱོད་ཅག་གིས་དབྱར་དགུན་སྟོན་དཔྱིད་དུ
ཕོ་་བྲང་དང་ཀླུ་ཁང་གི་དབྲག་ནས་ཅི་ཞིག་ལ་ཁ་ཏ་གློད
ས་ཆེན་དང་བར་སྣང་ལ་འཛེར་རྒྱུ་ཅི་ཞིག་བྱུང་ངམ

སྲོས་དང་ཐོ་རེངས་ཀྱི་དྲན་པ་རབ་རིབ
ཉིན་དང་སྲིབ་ཀྱི་འཆར་སྒོ་བན་བུན
ཕང་ལོར་སྣལ་མ་ལྷོ་བཞུད་ཀྱི་ཆུ་འཛིན་བཞིན
དཀྲི་ཞིང་འཁྲིགས་ཏེ་འདར་ཡོམ་ཡོམ་བྱས་བྱུང་ངམ

སྔ་དྲོའི་ཆར་ཟིམ་མ་ཡལ
ཉིན་གུང་སྦྲང་ཆར་འབབ་ལུགས་ལ་བསམ་ན
ཐུགས་རྗེ་ལ་དེ་བས་ཆེ་བ་མེད་མོད
ཐག་རིང་ལི་ཐང་ལ་འཕུར་བའི་ཁྲུང་ཁྲུང་དཀར་མོ་དེ་དྲན་ཚེ
མིག་སྔའི་ཀླུ་ཁང་འདི་ཡང་ནང་སེམས་ཀྱི་ལྷན་ཐབས་སུ
ཅང་ཅང་དུ་འགྲེང

རྫོང་རྒྱབ་ཀླུ་ཁང
ཁྱོད་ནི་ཕོ་བྲང་དམར་པོའི་གྲིབ་གཟུགས་བཤོ་ས་སྟེ
མཐོང་དཀོན་པའི་སྐྱེད་ཚལ་འདིའི་ལྟེང་ཀའི་ཀླུ་ཁང་ཁྲ་མོ
འདས་ད་མ་འོངས་ཀྱི་ཕང་བར སྣང་སྲིད་ཕྱི་ནང་གི
མི་སེམས་གྲངས་མེད་བརླན་པའི་མཐོ་རིས་ཀྱི་གཤེར་ཁུ

རྫོང་རྒྱབ་ཀླུ་ཁང
ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་བླ་སྲོག་གི་ཐོ་ཡོར
                ༢༠༢༣/༥/༢༩དགོང་དྲོ་ལྷ་སར་སྦྱར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།