ཉི་མས་བོར་བའི་ནམ་མཁའ།

ཟླ་བ་ཁྲི་སྐྱིད།(ཧྲན་ཏུང) 琼迈文学网 2023-09-25
གཅེས་སུ་ཆེ་བ་གང་ལ།
སྣང་འཇོག་བྱས་དྲགས་ཏེ།
ཚེ་གཅིག་གི་མངའ་ཐང་ཡོད་ཚད་མེད་པར་གྱུར་སོང་རུང་།
ང་ལ་འགྱོད་པ་ཅི་ཞིག་འདུག  

རྟ་ཕོའི་འཚེར་སྐད་ཁྲོད་ཀྱི་ང་རྒྱལ་དེ།
རང་གི་གྲིབ་གཟུགས་ཀྱི་ནང་དུ་ལྕིབས་ས་མེད་པར་ཤེས་པས།
སྒྲོག་གིས་བཅིངས་ཏེ་སེམས་ཀྱི་རྩྭ་ཐང་བཅད་ཀྱང་།
ས་ཆེན་གྱིས་འཐེག་དཀའ་བའི་ང་རྒྱལ་དེས་སུ་ལ་འབྲད།

བསིལ་འཇམ་གྱིས་བྱིལ་བྱིལ་བྱེད་པའི།
ཡལ་གའི་སྟེང་གི་བྱིའུ།
གཤོག་པ་རྒྱང་ལ་མ་རྐྱོང་།
ང་ཡི་གམ་དུ་ལོག་ཤོག
   ༢༠༢༣ ༧ ༡༧ རང་ཤག་ནས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉི་མས་བོར་བའི་ནམ་མཁའ།

2023-09-25 ཟླ་བ་ཁྲི་སྐྱིད།(ཧྲན་ཏུང) ཀློག་གྲངས། མཆན ཡོད།
གཅེས་སུ་ཆེ་བ་གང་ལ།
སྣང་འཇོག་བྱས་དྲགས་ཏེ།
ཚེ་གཅིག་གི་མངའ་ཐང་ཡོད་ཚད་མེད་པར་གྱུར་སོང་རུང་།
ང་ལ་འགྱོད་པ་ཅི་ཞིག་འདུག  

རྟ་ཕོའི་འཚེར་སྐད་ཁྲོད་ཀྱི་ང་རྒྱལ་དེ།
རང་གི་གྲིབ་གཟུགས་ཀྱི་ནང་དུ་ལྕིབས་ས་མེད་པར་ཤེས་པས།
སྒྲོག་གིས་བཅིངས་ཏེ་སེམས་ཀྱི་རྩྭ་ཐང་བཅད་ཀྱང་།
ས་ཆེན་གྱིས་འཐེག་དཀའ་བའི་ང་རྒྱལ་དེས་སུ་ལ་འབྲད།

བསིལ་འཇམ་གྱིས་བྱིལ་བྱིལ་བྱེད་པའི།
ཡལ་གའི་སྟེང་གི་བྱིའུ།
གཤོག་པ་རྒྱང་ལ་མ་རྐྱོང་།
ང་ཡི་གམ་དུ་ལོག་ཤོག
   ༢༠༢༣ ༧ ༡༧ རང་ཤག་ནས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།