སེམས་པ་ལྡོམ་པོ།(ཞར་བཀོད་གཉིས་ཡོད)

མཐོང་གྲོལ།(ནག་ཆུ) 琼迈文学网 2024-02-03
མི་ནི་མང་ཡང་།
ང་རང་གཅིག་པུ་ཡིན།

ཡོམ་ཡོམ་དུ་འགུལ་བའི་མི་ཚོགས་ཁྲོད།
ངས་རང་ཉིད་བོར་ལ་ཁད་དུ་བྱེད་འདུག
བསམ་བློ་ནན་གྱིས་བཏང་།
སེམས་པ་གཅིག་པུ་སྡུག་ཡུས་ཀྱིས་འདར་བྱུང་།
ངས་ད་དུང་ལམ་ལ་རྡོག་པས་བརྫིས།
རྡོག་སྒྲ་གཅིག་རེ་གཅིག་རེ་སེམས་ཀྱི་ཚོར་བྱུང་།

དངོས་གནས་ཨེ་ཡིན།
ངས་ད་ལྟ་ཅི་ཞིག་ཚོར་བྱུང་།
ལག་པས་བསྙབས་རུང་སེམས་པས་སྙོབ་མི་ཐུབ་པ་དེ་ཚོར་བྱུང་།

འཁོར་བ།

རྒྱང་ནས་བལྟས་ན།
བཀོད་པ་ཤིན་ཏུ་བཟང་པའི་ཁང་བཟང་ཞིག
དགྲ་མེད་གནོད་མེད་ཀྱིས་བཞེངས་འདུག་པ་མཐོང་ཡང་།
ནང་དུ་འཛུལ་ཚེ་སེམས་པའི་རི་མོ་བཞིན།
ལག་པས་བཟུང་དུ་མེད་པའི་ཆོས་ཉིད་བསྟན།

ལན་རེར།
ཆུང་མའི་ཡི་ཆད་ཀྱི་ཞལ་རས་བུ་ཡུག་འཚུབ་མ།
སྐྱེས་པ་ཚོ་ནི་རང་དབང་གི་ནང་དུ་བློ་ཁ་གཏོད་གང་ཐུབ་བྱ་བར་ཅུང་ཟད་འཕྱི་དྲག་སྣང་ཤར།

སངས་རྒྱས་ས་ནས་རྙེད་པའི་དངོས་གྲུབ་ལྟ་བུའི་ནོམ་པ་དག
རས་ཁུག་ནང་དུ་བཏུམས་ཏེ་ཡང་ཡང་རང་ལ་ཉར་ཡང་།
དེ་ལ་ནི་རེ་དོགས་ཀྱི་ཆ་རྐྱེན་ཅུང་ཟད་འཛོམས།

བདེ་སྐྱིད་ཀྱི་འཇིག་རྟེན་ཞིག་དཀའ་ཐུབ་ཀྱིས་བསྐྲུན།
སྡུག་བསྔལ་གྱི་འཇིག་རྟེན་ཞིག་རང་བཞིན་གྱིས་གྲུབ།
འཆི་བའི་ཆོས་ཉིད་དྲན་ཡང་།
ངས་བདེ་སྐྱིད་ཅིག་རྙེད་མ་སོང་བའི་འཁང་རས།
ཡང་ཡང་འཁོར་བའི་གཏིང་མཐར་སྙད།

མདུན་ལ་ཐོབ་པ་དག་ནི་རིན་ཐང་གི་ཡོན་ཏན་ཉམས།
རྒྱབ་ཏུ་ཐོབ་ངེས་ཀྱི་འདོད་པ་སྟོབས་ཀྱིས་འཕྱོར་ཡང་།
དེ་ལ་ནི་སྐད་ཅིག་མའི་ཡོན་ཏན་ལས་ཐར་མི་འདུག

ཆོག་ཤེས་ཀྱི་མདུན་དུ་སླེབས་ཚེ།
ཏག་ཏག་བར་ཆད་ཀྱི་ཀློང་དུ་ལྷུང་བའི་
འཛིང་རེས་འཐབ་རེས་ཀྱི་འཁོར་བ།

བཟོད་སྒོམ་ཅུང་ཟད་བྱས་ཀྱང་།
ང་རྒྱལ་གྱི་གློ་སྙིང་ལ་འཆི་བ་མེད་པ།
སྡུག་བསྔལ་གྱི་འཁོར་བ།
          
  མཐོང་སྣང་།

རོལ་དབྱངས་འཇམ་བུ་ཞིག
རྣ་གཏིང་དུ་སིམ་སིམ་གྱིས་ལྷུང་།
བར་ཐག་གིས་སྟུང་བའི་ལམ་བུ་དེ།
མིག་ལམ་དུ་མངོན་ཆུང་ངང་རྒྱུ་ཞིང་བདག་ལ་ཕྱོགས།
རྨི་ལམ་ཞིག་རྨི་བཞིན་པ་འདྲ་ཡང་།
སད་འདོད་ཀྱི་མེ་ལྕེ་ཆར་བས་བྲན་ཏེ་རློན་པར་བཏང་།

སྐད་ཆ་ཕྱོགས་གཉིས་སུ་སོང་སྟེ།
སྙི་དྲག་པའི་སེམས་པ་ཡང་ཕྱེད་ཀ་གཉིས་ལ་གས།
དབུབས་འབྱིན་རྔུབ་ཙམ་ཡང་གཏོང་མི་བྲ་བའི།
མི་རབས་གསར་པ།
ཚེ་སྲོག་གི་ཆེས་དྭངས་མ་དེ་ཚོ།
སྨུག་ལོང་དུ་གཡོ་བའི་ལྒང་བུ་ཞིག་དང་འདྲ་བར།
ངེས་མེད་དུ་ཡང་ཡང་སྤུར་རྗེས།
མཐའ་མཇུག་རང་ལའང་གསལ་ཆ་མེད་པའི་གནས་ཤིག་ཏུ།
དབུགས་མལ་ཙམ་ཡང་གསོ་ལོང་མེད་པར་འགད་འགྲོ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེམས་པ་ལྡོམ་པོ།(ཞར་བཀོད་གཉིས་ཡོད)

2024-02-03 མཐོང་གྲོལ།(ནག་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།