ཨང་རྟགས་སུམ་ཅུ་པ་བརྗེད་ག་ལ་སྲིད།

དུར་མིག(དཀར་མཛེས) 琼迈文学网 2024-03-01
ཉིན་འདི་དག་གི་འགྲུལ་བཞུད་སྐྱོ་གདུང་ནང་དུ་དཀྲིས་བཞག
རྐང་ལམ་ཕྲ་མོའི་ནང་གི་ཆག་ཀྲུམ
མལ་ཁྲིའི་སྟེང་དུ་སྐྱོ་བ་ཚད་མེད་ཅིག་སྤུངས
མཚན་དཀྱིལ་ཀྱི་དུས་ཚོད་བརྒལ་དུས
ཤེལ་སྒོའི་ཕྱི་ནང་མཚམས་སུ་ཨ་ཚ་ཟེར་མཁན་དག་འཇམ་ཅག་གེར་སོང
 
ཕྱི་རོལ་གྱི་ལམ་གློག་རྣམས་གཟིམ་པའི་ཚེ་ན
སྒེའུ་ཁུང་ནང་གི་ནམ་མཁའ་འཁྱག་པ་བཞིན
ང་ཡང་འཁྱག་པས་བསྡམས
 
ཆུ་ཐིགས་པ་གཅིག
ཉག་ཕྲ་བའི་མིད་པ་རེ་རེའི་འོག་ཏུ་རྒྱ་མཚོ་འཁྱིལ
མུན་ནག་གིས་སེམས་པ་གཅིར་ན
ངས་རང་ཉིད་བརྗེད་དེ་སྒོ་བསྟེན་ཁང་གི་སྐས་ཐེམ་ནས་ཡར་འཛེག་པ་དྲན
 
ཁུ་སིམ་མེར་དྲན་པ་འཁྱག་པའི་སྡོད་མི་ཚུགས་པར་རྨ་ཁར་བལྟས
སྐབས་དེར་ཤེས་མི་འདོད་པའི་རྐང་ལམ་ནང་དུ་ཕྱིར་དྲན་གྱི་གོམ་པ་བརྒྱབ
ཕྱིར་དྲན་ཀློང་གི་འཁྱག་སིབ་སིབ
ཁ་མི་གྲག་པའི་དགུན་ཁ་རྡོ་བ་ལྟར་འཁྱག་བཞིན་འདུག
 
མིག་གཉིས་བཙུམས་ཏེ་ལོ་སར་དྲན
ལོ་སར་ཉི་ཤུ་ལྷག་ཅིག་ཕྱིར་འོང་མེད་པར་སྐོར་བ་བརྒྱབ་ནས་བུད་སོང
ད་ལོའི་ལོ་སར་བརྗེད་དཀའ་བའི་གནས་སུ་ལྷུང
 
ཚེ་སྲོག་གི་སྐུད་པ་འབྲེལ་སའི་ཁང་མིག་དོག་པོར
མ་དྲིན་མོ་ཆེས་སྙུང་གཞི་ཕྱོགས་གཅིག་ཏུ་བརྒྱུས
 
སེམས་པ་གཉོམ་པོ་ཞིག་ལ་སེམས་གཅོང་ཡོང་རུང
སྐྱོ་དྲགས་པའི་མིག་མཐར་མིག་ཆུ་མ་ཐོན
           ༢༠༢༤.༢.༢༥

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨང་རྟགས་སུམ་ཅུ་པ་བརྗེད་ག་ལ་སྲིད།

2024-03-01 དུར་མིག(དཀར་མཛེས) ཀློག་གྲངས། མཆན ཡོད།
ཉིན་འདི་དག་གི་འགྲུལ་བཞུད་སྐྱོ་གདུང་ནང་དུ་དཀྲིས་བཞག
རྐང་ལམ་ཕྲ་མོའི་ནང་གི་ཆག་ཀྲུམ
མལ་ཁྲིའི་སྟེང་དུ་སྐྱོ་བ་ཚད་མེད་ཅིག་སྤུངས
མཚན་དཀྱིལ་ཀྱི་དུས་ཚོད་བརྒལ་དུས
ཤེལ་སྒོའི་ཕྱི་ནང་མཚམས་སུ་ཨ་ཚ་ཟེར་མཁན་དག་འཇམ་ཅག་གེར་སོང
 
ཕྱི་རོལ་གྱི་ལམ་གློག་རྣམས་གཟིམ་པའི་ཚེ་ན
སྒེའུ་ཁུང་ནང་གི་ནམ་མཁའ་འཁྱག་པ་བཞིན
ང་ཡང་འཁྱག་པས་བསྡམས
 
ཆུ་ཐིགས་པ་གཅིག
ཉག་ཕྲ་བའི་མིད་པ་རེ་རེའི་འོག་ཏུ་རྒྱ་མཚོ་འཁྱིལ
མུན་ནག་གིས་སེམས་པ་གཅིར་ན
ངས་རང་ཉིད་བརྗེད་དེ་སྒོ་བསྟེན་ཁང་གི་སྐས་ཐེམ་ནས་ཡར་འཛེག་པ་དྲན
 
ཁུ་སིམ་མེར་དྲན་པ་འཁྱག་པའི་སྡོད་མི་ཚུགས་པར་རྨ་ཁར་བལྟས
སྐབས་དེར་ཤེས་མི་འདོད་པའི་རྐང་ལམ་ནང་དུ་ཕྱིར་དྲན་གྱི་གོམ་པ་བརྒྱབ
ཕྱིར་དྲན་ཀློང་གི་འཁྱག་སིབ་སིབ
ཁ་མི་གྲག་པའི་དགུན་ཁ་རྡོ་བ་ལྟར་འཁྱག་བཞིན་འདུག
 
མིག་གཉིས་བཙུམས་ཏེ་ལོ་སར་དྲན
ལོ་སར་ཉི་ཤུ་ལྷག་ཅིག་ཕྱིར་འོང་མེད་པར་སྐོར་བ་བརྒྱབ་ནས་བུད་སོང
ད་ལོའི་ལོ་སར་བརྗེད་དཀའ་བའི་གནས་སུ་ལྷུང
 
ཚེ་སྲོག་གི་སྐུད་པ་འབྲེལ་སའི་ཁང་མིག་དོག་པོར
མ་དྲིན་མོ་ཆེས་སྙུང་གཞི་ཕྱོགས་གཅིག་ཏུ་བརྒྱུས
 
སེམས་པ་གཉོམ་པོ་ཞིག་ལ་སེམས་གཅོང་ཡོང་རུང
སྐྱོ་དྲགས་པའི་མིག་མཐར་མིག་ཆུ་མ་ཐོན
           ༢༠༢༤.༢.༢༥

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།