སྐྱེ་བཞིན་པ་དང་འགུལ་གྱིན་པ་དང་འགྲོ་བཞིན་པ་དག་ནི་འགྱུར་གིན་པའོ།།

མགར་དམག(མཛོད་དགེ) 琼迈文学网 2024-06-10
ཆར་བ་ཐེངས་གཅིག་འབབ་མི་ཐུབ་པ་སྤྲིན་པའི་ཤེལ་སྒོ་ཆག་པ་ཡིན་ནམ
གཡུ་ཡི་རྩྭ་རྐང་རེ་ལ་རེ་ཆད་ཀྱི་འཁུན་སྒྲ་འཇགས་ཤིང
བྷོར་ཧེ་སིའི࿂ཚ་འཁྲུལ་ཡང་རྨང་ནས་འཇོམ་པའི་གནམ་ས་གཉིས་ནི་འཐམ་ཞིང་འཁྱུད
མེ་ཏོག་དག་གིས་རང་རང་གི་འཇོ་སྒེག་ཁྱེར་ཏེ་ཆུ་མིག་གི་འགྲམ་དུ་འགྲོ
རླུང་བུའི་ལག་ཟུང་གིས་བྱིལ་བྱིལ་གནང་ས་དེ་ཧྥན་གོ་࿂ཡི་ཁེར་སྡུག་མིན་པར
མཐོངས་སུ་གཤོག་འགྱུར་ལ་བྲེལ་བའི་བྱེའུ་ཆུང་གཅིག་གི་མཐའ་མེད་པའི་ང་རྒྱལ་གྱི་རྒྱ་ཁྱོན་རེད་འདུག

དུས་རབས་གཅིག་འོན་ལྐུགས་གྱུར་བས་དབྱར་གྱི་འཕྱོར་སྒེག་དང་བསུད་ངད་ཚོར་ཐབས་མ་བྱུང
མཐོ་རིམ་ན་འགྲོ་བའི་སྲོག་ཆགས་དག་ཀྱང་བརྗེད་ངེས་ཀྱིས་མནར་རྐྱེན་ཁ་ཕྱོགས་དང་དམིགས་པ་འཐོར་བར་གྱུར

མཚམས་སྤྲིན་གྱིས་ལྕགས་རི་འདིའི་སྒོ་མོ་ཡོངས་སུ་གཏན་པ་འདྲ་བའི་ཕྱི་དྲོ་རེ་རེ་ལ
ལྷིང་ཞིང་འཇགས་པའི་སྤང་གི་གཞོང་བའི་ནང་དུ་ཁེར་རྐྱང་གི་ཡས་མཐའ་སྲུང་ནས་འདུག་མཁན
ཀུའུ་ཁྲིན࿂ལྟ་བུའི་བརླན་ཞིང་བཤེར་བ་ཞིག་མིན་པར་སི་པཱ་རྡ་ཁི་སི࿂བཞིན་གྱི་སྲ་ཞིང་མཁྲེགས་པ་ཞིག་ཡིན་དགོས་ཨང

ང་ལ་མུན་པ་འབྲོང་གི་རྭ་ཤུབས་སུ་འཇུག་ནུས་པའི་ཆོ་འཕྲུལ་ཞིག་ཡོད་ན
ངས་འཇིག་རྟེན་འདིའི་རི་བོ་དག་རི་བོ་བཞིན་མཐོ་ཞིང་བརྗིད་པར་བྱེད
ཆུ་བོ་རྣམས་ཆུ་བོ་བཞིན་དྭངས་ཤིང་བསིལ་བར་བྱེད
རླབས་ཆུ་དྲག་ཏུ་ཁྲོ་བར་བྱེད
གྲང་རླུང་རྩུབ་ཀྱང་རེག་པར་བྱེད
མེ་ལྕེ་ཡར་ལ་སྐྱེ་བར་པར་བྱེད
ནགས་ཚལ་གཡུ་ལོ་རྫོགས་པར་བྱེད
འདབ་ཆགས་གནམ་ལ་གནས་བཅའ་བར་བྱེད
སྤྲིན་པར་དཀར་པོར་བྱེད
མུན་པ་ནག་པོར་བྱེད

དུས་རབས་གཅིག་ལ་ཚ་འཁྲུལ་བྱུང་པས
མེ་ལོང་གི་ཆུའི་ངོས་སུ 
མི་རྣམས་ཀྱིས་-གཏིང་ཟབ་པའི་ནམ་མཁས་མཐིང་མདོག་གཞན་ཞིག་ལ་ལད་ལྟོས་བྱེད་ཅིང-
སྐབས་རེར་ལྡོག་ཕྱོགས་སུ་མཆེད་པའི་འདབ་ཆགས་ཀྱི་སྒྲོ་ཐིག་གི་བཀྲག་མདངས་ལ་གཡབ་མོ་བྱེད
ཡང་ན་འགུལ་གྱིན་པ་དང་ཆེ་རུ་བསྐྱེད་ནུས་པའི་དངོས་པོ་ཁོ་ན་སྐྱབས་སུ་འཛིན

࿂ བྷོར་ཧེ་སི-ཨ་ཀིན་ཐེན་གྱི་སྙན་ངག་གྲུབ་མཐའི་མཐའ་འཚོལ་རིང་ལུགས་ཀྱི་ཡབ་ཆེན།
࿂ ཧྥན་གོ-གླིང་ལ་གྲགས་པའི་རི་མོ་གྲགས་ཅན།ཚབ་མཚོན་བརྩམས་ཆོས། མཚན་ལྗོངས་དང་ཉི་དགའ་མེ་ཏོག་སོགས།
࿂ གོས་ཁྲི-རྒྱའི་སྙན་ངག་པ། ཆུང་མ་བསད་ཅིང་རང་ཤི་བརྒྱབ།
࿂ སི་པཱ་རྡ་ཁི་སི-Spartacusསྤྱི་ལོ་༦༩སྐབས་སུ་སྐྱེས་པའི་གནའ་བོའི་རོམ་གྱི་དམར་འཛིང་མཁན་དང་དམག་དོན་རིག་པ་བ།
--སྙན་ངག་པ་བྷོར་ཧེས་སིའི་ལགས་ཀྱི་སྙན་ཚིག་གཡར་བའོ།།


རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྐྱེ་བཞིན་པ་དང་འགུལ་གྱིན་པ་དང་འགྲོ་བཞིན་པ་དག་ནི་འགྱུར་གིན་པའོ།།

2024-06-10 མགར་དམག(མཛོད་དགེ) ཀློག་གྲངས། མཆན ཡོད།
ཆར་བ་ཐེངས་གཅིག་འབབ་མི་ཐུབ་པ་སྤྲིན་པའི་ཤེལ་སྒོ་ཆག་པ་ཡིན་ནམ
གཡུ་ཡི་རྩྭ་རྐང་རེ་ལ་རེ་ཆད་ཀྱི་འཁུན་སྒྲ་འཇགས་ཤིང
བྷོར་ཧེ་སིའི࿂ཚ་འཁྲུལ་ཡང་རྨང་ནས་འཇོམ་པའི་གནམ་ས་གཉིས་ནི་འཐམ་ཞིང་འཁྱུད
མེ་ཏོག་དག་གིས་རང་རང་གི་འཇོ་སྒེག་ཁྱེར་ཏེ་ཆུ་མིག་གི་འགྲམ་དུ་འགྲོ
རླུང་བུའི་ལག་ཟུང་གིས་བྱིལ་བྱིལ་གནང་ས་དེ་ཧྥན་གོ་࿂ཡི་ཁེར་སྡུག་མིན་པར
མཐོངས་སུ་གཤོག་འགྱུར་ལ་བྲེལ་བའི་བྱེའུ་ཆུང་གཅིག་གི་མཐའ་མེད་པའི་ང་རྒྱལ་གྱི་རྒྱ་ཁྱོན་རེད་འདུག

དུས་རབས་གཅིག་འོན་ལྐུགས་གྱུར་བས་དབྱར་གྱི་འཕྱོར་སྒེག་དང་བསུད་ངད་ཚོར་ཐབས་མ་བྱུང
མཐོ་རིམ་ན་འགྲོ་བའི་སྲོག་ཆགས་དག་ཀྱང་བརྗེད་ངེས་ཀྱིས་མནར་རྐྱེན་ཁ་ཕྱོགས་དང་དམིགས་པ་འཐོར་བར་གྱུར

མཚམས་སྤྲིན་གྱིས་ལྕགས་རི་འདིའི་སྒོ་མོ་ཡོངས་སུ་གཏན་པ་འདྲ་བའི་ཕྱི་དྲོ་རེ་རེ་ལ
ལྷིང་ཞིང་འཇགས་པའི་སྤང་གི་གཞོང་བའི་ནང་དུ་ཁེར་རྐྱང་གི་ཡས་མཐའ་སྲུང་ནས་འདུག་མཁན
ཀུའུ་ཁྲིན࿂ལྟ་བུའི་བརླན་ཞིང་བཤེར་བ་ཞིག་མིན་པར་སི་པཱ་རྡ་ཁི་སི࿂བཞིན་གྱི་སྲ་ཞིང་མཁྲེགས་པ་ཞིག་ཡིན་དགོས་ཨང

ང་ལ་མུན་པ་འབྲོང་གི་རྭ་ཤུབས་སུ་འཇུག་ནུས་པའི་ཆོ་འཕྲུལ་ཞིག་ཡོད་ན
ངས་འཇིག་རྟེན་འདིའི་རི་བོ་དག་རི་བོ་བཞིན་མཐོ་ཞིང་བརྗིད་པར་བྱེད
ཆུ་བོ་རྣམས་ཆུ་བོ་བཞིན་དྭངས་ཤིང་བསིལ་བར་བྱེད
རླབས་ཆུ་དྲག་ཏུ་ཁྲོ་བར་བྱེད
གྲང་རླུང་རྩུབ་ཀྱང་རེག་པར་བྱེད
མེ་ལྕེ་ཡར་ལ་སྐྱེ་བར་པར་བྱེད
ནགས་ཚལ་གཡུ་ལོ་རྫོགས་པར་བྱེད
འདབ་ཆགས་གནམ་ལ་གནས་བཅའ་བར་བྱེད
སྤྲིན་པར་དཀར་པོར་བྱེད
མུན་པ་ནག་པོར་བྱེད

དུས་རབས་གཅིག་ལ་ཚ་འཁྲུལ་བྱུང་པས
མེ་ལོང་གི་ཆུའི་ངོས་སུ 
མི་རྣམས་ཀྱིས་-གཏིང་ཟབ་པའི་ནམ་མཁས་མཐིང་མདོག་གཞན་ཞིག་ལ་ལད་ལྟོས་བྱེད་ཅིང-
སྐབས་རེར་ལྡོག་ཕྱོགས་སུ་མཆེད་པའི་འདབ་ཆགས་ཀྱི་སྒྲོ་ཐིག་གི་བཀྲག་མདངས་ལ་གཡབ་མོ་བྱེད
ཡང་ན་འགུལ་གྱིན་པ་དང་ཆེ་རུ་བསྐྱེད་ནུས་པའི་དངོས་པོ་ཁོ་ན་སྐྱབས་སུ་འཛིན

࿂ བྷོར་ཧེ་སི-ཨ་ཀིན་ཐེན་གྱི་སྙན་ངག་གྲུབ་མཐའི་མཐའ་འཚོལ་རིང་ལུགས་ཀྱི་ཡབ་ཆེན།
࿂ ཧྥན་གོ-གླིང་ལ་གྲགས་པའི་རི་མོ་གྲགས་ཅན།ཚབ་མཚོན་བརྩམས་ཆོས། མཚན་ལྗོངས་དང་ཉི་དགའ་མེ་ཏོག་སོགས།
࿂ གོས་ཁྲི-རྒྱའི་སྙན་ངག་པ། ཆུང་མ་བསད་ཅིང་རང་ཤི་བརྒྱབ།
࿂ སི་པཱ་རྡ་ཁི་སི-Spartacusསྤྱི་ལོ་༦༩སྐབས་སུ་སྐྱེས་པའི་གནའ་བོའི་རོམ་གྱི་དམར་འཛིང་མཁན་དང་དམག་དོན་རིག་པ་བ།
--སྙན་ངག་པ་བྷོར་ཧེས་སིའི་ལགས་ཀྱི་སྙན་ཚིག་གཡར་བའོ།།


རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།