གར་གྱི་འཇིགས་པ།

ཆར་ཐིགས།(རྨ་ཆུ) 琼迈文学网 2024-06-11


སྨུག་པའི་གོས་ཆེན་མཐུག་པོ་དེ།།
ཡང་བར་འཁྲུལ་ནས་ཕྱོགས་མཐར་བརྒལ།།
ལྕི་དང་ཡང་བ་མ་ངེས་མོད།།
སྣང་བའི་སྐྱེད་ཚལ་ལྗང་ནེམ་པ།།
སྐྱ་བོར་འགྱུར་ཞིང་མྱ་ངམ་གྱི།།
རྡུལ་དང་རླུང་ནི་གར་ལ་གཡེངས།།
ཟིལ་བ་སིམ་སིམ་མཁའ་ནས་སྐེམ།།
མཁའ་ཡི་ཉི་ཟླ་གསལ་མ་བྱུང་།།
ལས་ཀྱི་ལམ་ཡང་དཀར་མ་ནག།
གོམ་ཆུང་ཕྲ་མོ་འཁྱར་མ་འཁྱོར།།
བགྲོད་པའི་ལམ་ལ་ངེས་ཆ་བྲལ།།
འཕྲད་པའི་གཟུགས་ལ་འཇམ་རྩུབ་བྲལ།།
འོད་དང་གྲིབ་མར་ཁ་དོག་བྲལ།།
རྙེད་པ་འདྲ་ཡང་བོར་བ་ཉིད།།
རྣམ་ཤེས་ཕྲ་མོ་དཔག་ཚད་ཀྱི།།
བར་ཐག་ཅིག་གིས་ཆོད་ནས་འདུག།
བརྩེ་དགའི་གར་ཡང་མི་གསལ་བ།།
དགའ་སྐྱོའི་རི་མོ་ཆུ་རིས་གཉེར།།
ཟིན་པ་འདྲ་ཡང་ཟིན་དུ་མེད།།
ཡིད་ཀྱི་ཤེས་པ་རློག་པར་བྱེད།།
དུས་ཀྱི་ལྗང་མདངས་སྒྲིབ་པའི་སྨུག།
ང་ནི་སྨུག་པ་གྱོན་པའི་གཟུགས།།
གཟུགས་འདི་གར་ལ་འཕྱན་པ་ལ།།
ཞེད་པ་ཚ་ལ་སྐྱོ་བ་སྐྱེན།།
ཡིད་འོང་གར་སྟབས་གསལ་བར་ཤོག།
           ༢༠༢༤-༦-༡༡
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གར་གྱི་འཇིགས་པ།

2024-06-11 ཆར་ཐིགས།(རྨ་ཆུ) ཀློག་གྲངས། མཆན ཡོད།


སྨུག་པའི་གོས་ཆེན་མཐུག་པོ་དེ།།
ཡང་བར་འཁྲུལ་ནས་ཕྱོགས་མཐར་བརྒལ།།
ལྕི་དང་ཡང་བ་མ་ངེས་མོད།།
སྣང་བའི་སྐྱེད་ཚལ་ལྗང་ནེམ་པ།།
སྐྱ་བོར་འགྱུར་ཞིང་མྱ་ངམ་གྱི།།
རྡུལ་དང་རླུང་ནི་གར་ལ་གཡེངས།།
ཟིལ་བ་སིམ་སིམ་མཁའ་ནས་སྐེམ།།
མཁའ་ཡི་ཉི་ཟླ་གསལ་མ་བྱུང་།།
ལས་ཀྱི་ལམ་ཡང་དཀར་མ་ནག།
གོམ་ཆུང་ཕྲ་མོ་འཁྱར་མ་འཁྱོར།།
བགྲོད་པའི་ལམ་ལ་ངེས་ཆ་བྲལ།།
འཕྲད་པའི་གཟུགས་ལ་འཇམ་རྩུབ་བྲལ།།
འོད་དང་གྲིབ་མར་ཁ་དོག་བྲལ།།
རྙེད་པ་འདྲ་ཡང་བོར་བ་ཉིད།།
རྣམ་ཤེས་ཕྲ་མོ་དཔག་ཚད་ཀྱི།།
བར་ཐག་ཅིག་གིས་ཆོད་ནས་འདུག།
བརྩེ་དགའི་གར་ཡང་མི་གསལ་བ།།
དགའ་སྐྱོའི་རི་མོ་ཆུ་རིས་གཉེར།།
ཟིན་པ་འདྲ་ཡང་ཟིན་དུ་མེད།།
ཡིད་ཀྱི་ཤེས་པ་རློག་པར་བྱེད།།
དུས་ཀྱི་ལྗང་མདངས་སྒྲིབ་པའི་སྨུག།
ང་ནི་སྨུག་པ་གྱོན་པའི་གཟུགས།།
གཟུགས་འདི་གར་ལ་འཕྱན་པ་ལ།།
ཞེད་པ་ཚ་ལ་སྐྱོ་བ་སྐྱེན།།
ཡིད་འོང་གར་སྟབས་གསལ་བར་ཤོག།
           ༢༠༢༤-༦-༡༡
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།