ངེད་ཅག་གི་དིང་རི་བ།
དིང་རི་བ། དེ་རིང་།
ཇོ་མོ་གླང་མའི་དབུ་སྐྲ་ས་ལ་ཉིལ་སོང་།
མཐའ་བཞི་གངས་དཀར་གྱི་བ་སྤུ་ལྡང་སོང་།
ང་ཚོའི་ལྷིང་འཇགས་ཀྱི་གཉིད་དེ་དཀྲོགས་སོང་།
དྲོ་སྐྱིད་ལྡན་པའི་ཁྱིམ་གྱི་ཀ་བ་ཡང་ཆག་སོང་།
དིང་རི་བ། ངའི་སྤུན་ཟླ་ལགས།
ཁྱེད་ཚོའི་འོ་དོད་ཀྱི་འབོད་སྒྲ་ང་ཚོས་ཐོས་སོང་ལ།
ཁྱེད་ཚོའི་སྨྲེ་ངག་དང་ངུ་བརྫད་ཀྱང་ང་ཚོས་ཐོས།
ཁྱེད་ཚོའི་གདོང་པ་མིག་ཆུས་བརླན་པ་ང་ཚོས་ཤེས་ལ།
ཁྱེད་ཚོའི་མིག་ཟུང་རྡུལ་གྱིས་བསྒྲིབས་པ་ང་ཚོས་མཐོང་།
དིང་རི་བ། ངའི་གཉེན་ཉེ་ཚོ།
ལོ་ནག་གི་ཆག་སྒོ་དེ་ཁྱེད་ཚོའི་མགོ་ཐོག་ཏུ་བབས་སོང་བས།
མིག་ཆུ་མ་གཏོང་། སེམས་པ་མ་ཞུམ།
ཡར་ལ་ལོངས་དང་། ངའི་གཉེན་ཉེ་ཚོ།
ཁྱེད་ཚོའི་མདུན་ན་ང་ཚོས་དཔུང་གདང་སྒྲིག་ཡོད།
ལག་པ་ཡར་ལ་འཇུས་ཤོག །ང་ཚོ་མཉམ་དུ་རྡོག་སྒྲ་སྒྲིག་ཤོག
དིང་རི་བ། ངའི་ནང་མི་ཚོ།
ཤུལ་ལུས་མྱ་ངན་གྱི་མུན་པ་སངས་ཤིང་།
འདས་པོ་ཚོར་བདེ་འགྲོའི་འོད་སྣང་མཐོང་བའི།
ཕྱག་མཆོད་དང་གསོལ་འདེབས་ང་ཚོས་བྱེད།
རྨས་མ་ཚོར་གཡས་གཞོགས་གཡོན་འདེགས་ང་ཚོས་བྱེད།
དིང་རི་བ། ཤ་རུས་འབྲེལ་བའི་ངའི་སྤུན་ཟླ་ལགས།
ང་ཚོ་མཉམ་དུ་ཡོད་པས། ཤུགས་རེ་རྒྱོབས། དིང་རི་བ།
2025/1/7
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།