རྩོམ་མཁན་ཚོ།

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-05-09

                           མདུན་སྐྱོད་བྱེད་བསམ་ན་ཐོག་མར་ནང་གི་འགོག་རྡོ་ཡོད་ཚད་གཙང་ཕྱག་བྱེད་དགོས།

                                                                                                                         _ ཁ་བྱང་གི་འགྲེལ།

གངས་ལྗོངས་རྩོམ་རིག་ཞིབ་འཇུག་གྲོས་མོལ་ཚོགས་འདུ་དེ་ད་ལོའི་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ཕོ་བྲང་པོ་ཏ་ལ་རུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།ཐོན་མི་སམ་བྷོ་ཌས་འཚོགས་འདུར་འགོ་འཛིན་གནང་བ་དང་གངས་ཅན་མཁས་པའི་དབང་པོ་རྣམས་ཀྲུའུ་ཞིའི་སྟེགས་བུར་བཞུགས་པར་མ་ཟད་སྔ་གཞུག་ཏུ་དཔྱད་རྩོམ་སྒྲོག་འདོན་གནང་།ཐེངས་འདིའི་ཚོགས་འདུར་ཞུགས་མཁན་མདོ་དབུས་ཁམས་གསུམ་གྱི་མཁས་ཆེན་དམ་པ་དང་རྩོམ་མཁན་གྲགས་ཅན།སྒྱུ་རྩལ་པ།རྩོམ་སྒྲིག་པ་སོགས་ཧ་ཅང་མང་བས་ཐ་ན་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའང་ཀྲུའུ་ཞིའི་སྟེགས་བུར་ཚུད་ཀྱིན་མེད།

དུས་ཡུན་རིང་བོ་ཞིག་འགོར་ཞིང་དགེ་འདུན་ཆོས་འཕེལ་གྱིས་ཐེངས་དུ་མར་རང་གི་དཔྱད་རྩོམ་རུམ་ནས་བླངས་ཏེ་གསུང་བཤད་སྟེགས་བུར་འབུད་རྩིས་བྱས་ནའང་ཁོ་་གཏན་ནས་གོ་སྐབས་མ་ཐེམ་པས་མཚམས་ཤིག་ཕྱིར་རང་གི་སྡོད་གནས་སུ་ལོག་སྟེ་ཐ་མག་ཤུགས་དྲག་ཏུ་འཐེན་གྱིན་འདུག  ངས་རུམ་ནས་ཁ་བཏགས་ཤིག་བཏོན་ཏེ་དམ་པ་དེའི་མདུན་ལ་བཅར་བ་ན་ཁོང་གིས་འཛུམ་ཆུང་ཆུང་ཞིག་དང་མཉམ་དུ“ད་ལྟ་ཕ་ཡུལ་གྱི་གནས་ཚུལ་ཅི་འདྲ་རེད།”ཅེས་དྲིས་བྱུང་།“གལ་ཏེ་ཁྱོད་རང་ད་རུང་འཚོ་བཞུགས་གནང་ཡོད་ན་མ་མཐའ་ཡང་ཁྲི་སྒོར་འགའ་ཅན་གྱི་ཕྱུག་པོར་གྱུར་ཡོད།ཁྱོད་རང་ཡང་སྤྲུལ་སྐུ་ཞིག་མིན་ནམ།”“ཧེ་ཧེ། དེ་འདྲ་ཡིན་སྲིད། འོན་ཀྱང་ངས་འདྲི་བ་ནི་ད་ལྟ་ང་ཚོའི་རྩོམ་རིག་སྒྱུ་རྩལ་གྱི་གནས་ཚུལ་ཅི་འདྲ་རེད” “ཡིག་རྨོངས་མི་རིགས་ཤིག་ལ་རྩོམ་རིག་སྒྱུ་རྩལ་གླེང་ཐབས་ག་ལ་ཡོད།ལོ་འདི་གའི་རིང་ལ་སླར་ཡང་ཡིག་རྨོངས་པ་ཇེ་མང་དུ་འགྲོ་བཞིན་ཡོད”དམ་པ་དེ་རེ་ཞིག་ཁ་གདངས་ཤིང་རིམ་བཞིན་ཞལ་ལ་སྡུག་ཉམས་ཤིག་ཤར་ནས་ཐ་མག་ཡང་ཡང་འཐེན་གྱིན་འདུག་པ་ངས་ཁོང་གི་ཐུགས་དཀྲུགས་སོང་བསམ་ནས་འགྱོད་པ་ཞིག་སྐྱེས་ཏེ་“ཡིན་ནའང་ལོགཞོན་རྩོམ་མཁན་མི་ཉུང་བ་ཞིག་གིས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པ་དང་མཉམ་དུ་ཕྱི་གླིང་བའི་ཕུལ་བྱུང་རྩོམ་རིག་ལས་འཚོ་བཅུད་ལེན་བཞིན་ཡོད་པ་དང་།རྩོམ་མཁན་ལ་ལས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་གསར་རྩོམ་བྱེད་ཐུབ།ཅུང་ཙམ་མིན་ན་ངའི་ཁ་ནས་སླར་ཡང་ཕངས་བ་ཞིག་ལ་དེ་ཧ་ཅང་ཉུང་ཤོས་རེད།ཅེས་ཤོར་སོང་། ཅེས་བཤད་པ་ན་དམ་པ་དེས་ན་བཟང་གི་འུ་གཉིས་རྟེན་འབྲེལ་གྱི་ཆང་ཞིག་འཐུང་གི་འགྲོ།གང་ལྟར་ང་ཚོར་དཔྱད་རྩོམ་སྒྲོག་འདོན་བྱེད་པའི་གོ་སྐབས་སྟེར་རྒྱུ་མ་རེད”ཟེར།

ཁོང་གི་བསམ་འཆར་འདིར་ང་རང་ཧ་ཅང་འཐད་པ་ཡིན་མོད་ཕངས་བ་ཞིག་ལ་ངའི་ལག་ན་དྲི་མ་མེད་པའི་ཁ་བཏགས་ཤིག་དང་ནམ་ཡང་སྒྲོག་འདོན་བྱ་བའི་གོ་སྐབས་བྲལ་བའི་དཔྱད་རྩོམ་ཤིག་ལས་གཞན<<ཉིན་བཅུའི་གླེང་མོལ>>(ངས་མོས་འདུན་ཆེན་པོས་བོད་ཀྱི་“རིག་གནས་བསྐྱར་དར”རེ་སྒུག་བྱེད་ཀྱིན་ཡོད)སྤུས་ལེགས་ཤིག་ལ་མ་གཏོགས་སྒོར་རྡོག་གཅིག་ཀྱང་མེད(ཕལ་ཆེར་ཁོང་གི་ཕྱག་ནའང་ཡོད་མི་སྲིད།)པས་ཧ་ཅང་དོག་མི་བདེ་བའི་གནས་སུ་ལྷུང་སྟེ་ངོས་ཤེས་རེ་ཨེ་མཐོང་བལྟས་པ་ན་རིན་ཆེན་རྒྱལ་མཐོང་བ་དང་།ཁོ་བོར་<<བཞུད་པའི་རྨི་ལམ>>གྱི་རྩོམ་ཡོན་འབྱོར་མ་ཐག་པ་ཡིད་ལ་དྲན་བྱུང་།“རྒན་ལགས།བྱིས་ལི་གན་ཁྱོད་ཚོའི་སྡེ་བ་རེད།”ངས་རིན་ཆེན་རྒྱལ་ལ་མཆུ་སྟོད་བྱེད་ཞོར“ཞལ་བརྡ་རེ་གནང་འདོད་ཨེ་ཡོད”ཅེས་དྲིས་པ་ན་དགེ་ཆོས་ལགས་ཀྱིས་“ལོས་ཡོད་ལོས་ཡོད།འགྲོ”གསུང་ཞོར་ཡར་ལངས་པ་དང་།ངས་ཀྱང་རིན་ཆེན་རྒྱལ་ལ་ལག་བརྡ་ཞིག་བྱས་ནས་སྒོར་བུད།ཨེ_རིན་རྒྱལ་གྱི་ལག་ནའང་སྒོར་མོ་གཅིག་ཀྱང་མེད་པས་ངེད་ཚོ་ཐབས་ཟད་དེ་ཁྱི་ལྡོམ་ལྟར་མདོ་སྨད་ཀྱི་གྲོང་རྡལ་ཆུང་ངུ་ཞིག་གི་སྲང་ལམ་གྱི་ཆང་ཁང་རེ་རེའི་ནང་ལ་སྐེ་སྲིངས་ནས་འགྲོ་སྐབས་མདོ་མཁར་ཚེ་རིང་དབང་རྒྱལ་གྱིས་ཁོ་དང་འདྲ་བའི་སྐུ་དྲག་ཅིག(མཁས་ཆེན་ཞིག་ཀྱང་ལོས་ཡིན་བསམ།)དང་མཉམ་དུ་ནུས་ཡོད་དུས་ཚད་ལས་ཟླ་དགུ་ཡོག་བའི་ཝུ་བའང་འཕྱུར་རྒྱུ་མེད་པའི་ཝུ་ཆང་ཞིག་འཐུང་བཞིན་པ་མཐོང་ནས་ངེད་གསུམ་པོ་རང་ཤུགས་ཀྱིས་དེར་འདུས།མདོ་མཁར་ལགས་ཀྱིས་ཁོའི་གྲོགས་པོ་དང་ངེད་ཚོ་ཕན་ཚུན་མཚམས་སྦྱོར་བྱས་རྗེས་ངེད་ཚོར་ནུས་པ་ཤོར་བའི་ཆང་དེ་བཀྱག ངེད་ཚོས་ཀྱང་ཞབས་ཞུ་བ་ལ་ཆང་དཀར་སྤུས་ལེགས་དམ་བི་དོ་ཁྱེར་ཡོང་དུ་བཅུག(གང་ལྟར་ཆང་རིན་ཁོ་ཚོས་སྤྲོད་རྒྱུ་རེད།)སྟེ་ཁོང་གཉིས་ལ་ཆང་ལན་དྲངས།ཅུང་ཙམ་འགོར་རྗེས་མདོ་མཁར་ལགས་ཀྱིས་གྲོགས་པོ་དེ་ཅུང་བཟི་ཡོད་པ་འདྲ་གི་ང་རྒྱལ་ཤིག་མངོན་ཡོང་བས་ང་ཚོས་ཕན་ཚུན་ལ་མིག་བརྡ་བྱས་ནས་གཅིག་འཕྲོར་གཅིག་གིས་ཆང་དཀར་བར་མེད་དུ་དྲངས་པ་ནས་གཅིག་བའི་སྐུ་དྲག་གམ་མཁས་དབང་དེ་རྩ་བ་བཅད་པའི་ལྗོན་ཤིང་ལྟར་རྐུབ་སྟེགས་ལས་ལྷུང་སྟེ་སྡུག་བསྔལ་གྱི་འཁུན་སྒྲ་སྒྲོག་གིན་འདུགཧ་ཧ།ཕར་བལྟས་ན་ཁོ་རང་མ་མཐའཡང་ཉིན་གང་ལ་ཡར་ལངས་རྒྱུ་མེད་པ་འདྲ།
         
ལྟོས་དང་།མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་ཇི་འདྲའི་རླབས་ཆེ་ཞིང་འགྲན་ཟླ་བྲལ་བ་ཞིག་རེད་ཨང་།ང་ཚོ་ཧ་ཅང་རང་ཚིམས་ཀྱིས་མདོ་མཁར་དང་མཉམ་དུ་སྒོར་བུད།འོན་ཀྱང་ང་ཚོར་ཡང་ཅི་ཡང་ཐོབ་མེད་པར་མ་ཟད་མཐོ་སྒང་གི་འཁྱག་རླུང་ཅུང་ཕོག་་ཐག་ཚང་མ་མགོ་ཡོམ་འཁོར་ཏེ་ཕར་གཡོ་ཚུར་གཡོ་བྱས་པ་དང་།དགེ་ཆོས་ལགས་ཀྱི་སར་དྲུད་པའི་གཟན་སྟེང་ལ་སུ་ཞིག་གི་རྐང་བ་སྤོས་པ་དང་མཉམ་དུ་ཁོ་རང་མགོ་རྟིང་ལྡོག་ཞོར་ས་ལ་འགྱེལ་ཏེ་རང་འབབ་ཆུ་བོའི་ཁ་ཕྱིས་པ་ལྟར་ཡོད་ཚད་ཕྱིར་སྐྱུག་བྱུང་། ང་ཚོས་ཁོ་རང་ཁུར་མིན་དྲུད་མིན་གྱིས་མདུན་དུ་སྐྱོད་པའི་ལམ་དུ་གྲྭ་བ་འགས་ཅོག་ཙེའི་སྤོ་ལོ་རྒྱག་བཞིན་ཡོད་པ(ཁོ་ཚོས་ལན་ཆིག་སྤོ་ལོ་རྒྱག་པ་ལས་ཅུང་མིག་མཛེས་བབས་ཆགས་རེད།)དང་།ངེད་ཚོའི་མདུན་བཀག་སྟེ་ངེས་པར་དུ་འགྲན་བསྡུར་བྱས་ནས་རྒྱལ་ཕམ་ཐག་གིས་གཅོད་དགོས་ཟེར་བར་དགེ་ཆོས་ལགས་ཀྱི་དགའ་སྤྲོའི་ངང་ཁོ་ཚོར་འགྲན་སློང་དང་ལེན་བྱས།གློ་བུར་དུ་སྐུ་ཞབས་དོན་གྲུབ་རྒྱལ་ཆང་ཁང་ཞིག་ཏུ་འཛུལ་བ་མཐོང་(ཁོ་རང་འཚོ་བཞུགས་སྐབས་ནས་ཀྱང་དབུ་སྐྲ་དཀར་པོ་མང་ལ་ད་ལྟ་དབུ་སྐྲ་ཡོངས་རྫོགས་དཀར་པོར་གྱུར་འདུག)ནས་ངས་དེ་སྔོན་ཁོ་རང་སྐུ་གཤེགས་ནས་ལོ་འཁོར་གཅིག་པའི་དྲན་གསོའི་ཚོགས་འདུའི་སྟེང་ལ་དར་གོས་ཆེན་པོ་ཞིག་གི་སྟེང་“རླབས་ཆེན་གྱི་སྐྱེས་བུ་འཁྲུངས་མ་མྱོང་བའི་མི་རིགས་དེ་ནི་འཛམ་གླིང་སྟེང་གི་ཆེས་ཉམ་ང་བའི་བྲན་གཡོག་གི་ཚོགས་ཤིག་ཡིན་ལ་རླབས་ཆེན་གྱི་སྐྱེས་བུ་འཁྲུངས་ནས་དེ་ལ་རྒྱབ་སྐྱོར་དང་གཅེས་སྐྱོང་།གུས་སྨོན་བྱེད་མི་ཤེས་པའི་རྒྱལ་ཁབ་ནི་རེ་ལྟོས་བྲལ་བའི་དུད་འགྲོའི་ཁྱུ་ཞིག་ཡིན།”(ཡུའུ་ཏ་ཧྥའི་ཡི་གསུང་།)ཞེས་བྲིས་ནས་བསྐུར་བ་ཁོའི་ཕྱག་ཏུ་ཨེ་འབྱོར་འདྲི་བསམ་སྟེ་རྗེས་སྙེགས་ནས་ཆང་ཁང་དེའི་ནང་ལ་སོང་དུས་ཐེངས་འདིའི་ཚོགས་འདུར་ཞུགས་མཁན༢༠༠༠ལོའི་ནོ་པེར་རྩོམ་རིག་བྱ་དགའི་འདེམས་སྒུག་པ་གངས་སེང་སོགས་ན་གཞོན་རྩོམ་མཁན་དང་རྒྱུ་རྩལ་བ་མང་ཤོས་ཡོད་ཚད་ཚང་མ་ར་བཟིར་གྱུར་འདུག ཁོ་ཚོས་བཤད་ན་ཚོགས་འདུས་ཁོ་ཚོར་དཔྱད་རྩོམ་སྒྲོག་འདོན་བྱེད་པའི་གོ་སྐབས་མི་སྟེར་བར་མ་ཟད་ད་ལྟ་ཚོགས་རྭ་ན་ཉལ་ཐའི་ཚོང་རྒྱག་པ་དང་། ཁོ་ཚོར་ཡང་ཉལ་ཐ་འཐེན་དགོས་ཟེར་བས་སྐྲག་ཐག་ཆོད་དེ་འདིར་བྲོས་ཡོང་བ་ཡིན་ཟེར།ཨ་ཁ།ང་རང་དེ་བས་ཀྱང་སྐྲག་ཐག་ཆོད་དེ་མྱུར་དུ་སྒོར་བུད།ཉེན་རྟོག་པས་ངའི་རྗེས་འདེད་བཞིན་པའི་ཚོར་སྣང་ཞིག་སྐྱེས་ཏེ་ཕྱིར་མིག་ཅིག་བལྟས་པ་ན་ཉེན་རྟོག་པས་དངོས་གནས་ཏ་དབྱིའི་གོང་བ་ཡར་བསླངས་ཏེ་ངའི་རྗེས་འདེད་བཞིན་ཡོད། ང་རང་སྲོག་བསྡོས་ནས་འབྲོ་སྐབས་མ་འར་ཁེ་ཟི་དང་ཁིན་ཏི་ར་གཉིས་ལ་འཕྲད་པས“སྲོག་སྐྱོབ་རོགས།”ཞེས་ཞུ་བ་བྱས་ནའང་སྐད་ཆའི་བཀག་རྒྱའི་དབང་གིས་ཁོང་གཉིས་ཀས་ཕན་ཚུན་གྱི་ངོ་གདོང་ལ་བལྟ་བཞིན་ཕྲག་པ་ཡར་འགྲེང་ཙམ་བྱས་ནས་བུད་སོང་།སྟབས་ལེགས་པ་ཞིག་ལ་འདིའི་སློབ་གྲྭ་བ་ཚོའི་ཅོག་ཙེའི་སྤོ་ལོ་རྒྱག་ས་དེར་མི་མང་པོས་རུབ་ནས་འཚང་ཁ་རྒྱག་གིན་འདུག་པས་་རང་སྐད་ཅིག་ཙམ་ལ་མི་ཚོགས་ཀྱི་དཀྱིལ་དུ་འཛུལ་ཐུབ་པར་གྱུར་མོད།བློ་ཡིད་ལས་འདས་པ་ཞིག་ལ་གྲྭ་བ་ཚོས་དགེ་ཆོས་དང་རིན་ཆེན་རྒྱལ་གཉིས་རུབ་ནས་ཁ་མིག་དབྱེར་མེད་དུ་རྡུང་བ་དང་ཁ་ནང་ལ་ཁོ་ཁ་དབྱིན་(coGaine)འདེབས་ཀྱིན་འདུག ང་རང་མདུན་དུ་མཆོངས་རྩིས་བྱེད་སྐབས་ཏག་ཏག་ངའི་རྗེས་འདེད་བཞིན་པའི་ཉེན་རྟོག་པ་དེ་མི་ཚོགས་ཀྱི་མདུན་ལ་བུད་བྱུང་མོད། འོན་ཀྱང་དེས་ལྟད་མོར་བལྟ་བ་ལས་བར་གཤོལ་ཙམ་ཡང་མི་བྱེད་པས་ང་རང་སླར་ཡང་མདུན་དུ་མཆོངས་རྩིས་བྱེད་སྐབས་“རྒྱོབ”“སོད།”ཅེས་པའི་སྒྲ་ཞིག་འབྲུག་སྟོང་དུས་གཅིག་གྲགས་པ་ལྟར་གྱུར་བ་དང་།ཕྱོགས་བཞིར་བལྟས་དུས་ཨ་ལགས་འབྲོང་གིས་འགོ་ཁྲིད་བྱས་པའི་ལག་ལ་དེང་རབས་ཅན་གྱི་མཚོན་ཆ་ཐོགས་པའི་དཔུང་ཆེན་པོ་ཞིག་གིས་ས་ཆ་འདི་ཡོངས་སུ་ཁེབས་འདུག
        
“ཝེ།”སུ་ཞིག་གིས་ང་ལ“ཁྱོད་ཀྱི་སྒྲུང་རྩོམ<<འདྲེ>>ཡི་ནང་ཨ་ལགས་འབྲོང་ཚང་ཤི་སོང་བ་མིན་ནམ།”ཟེར།
          
“དེ་ནི་འབྲོང་ཚང་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་ཙམ་རེད”“དེས་ན་ངས་སྔ་ས་ནས་མགོ་འདོགས་རྒྱུ་ཡིན”ཏག་ཏག་སྐབས་དེར་སྐུ་ཞབས་དོན་གྲུབ་རྒྱལ་དང་ལྗང་བུ་གཉིས་ངའི་མིག་ལམ་དུ་མངོན་བྱུང་བས་ང་ལ་སླར་ཡང་སྤོབས་པ་ཆེན་པོ་ཞིག་སྐྱེས་ནའང་དེར་ཡོད་ང་ཚོའི་ཚོགས་ཞུགས་མི་རྣམས་ཀྱིས་སྔ་གཞུག་ཏུ་མགོ་བཏགས་བྱུང་།“ཨ་ཁ།ད་ཅི་ཞིག་བྱས་ན་དགའ”ང་རང་སོམ་ཉིའི་དྲ་བར་ལྷུང་།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་མཁན་ཚོ།

2009-05-09 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།