རྨ་འགྲམ་གྱི་སྐྱ་རེངས་དམར་པོ།

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-23

                                                  ______སྙིང་ལ་ན་ཚ་ཡོད་མཁན་དག་གིས་གཤམ་གྱི་སྒྲུང་འདི་མ་བཀླགས་ན་ལེགས།
                             ༡
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ཞེ་གཉིས་ལོའི་སྟོན་མགོའི་ཉིན་ཞིག
ཨ་ཕ། ཁྱོད་ཀྱིས་རང་གི་བུའི་སྙིང་དམར་པོ་ཟོས་མྱོང་བ་དེ་བརྗེད་སོང་བ་ཡིན་ནམ། མནའ་མ་གཡུ་མཚོའི་སྐད་ཆ་དེ་དུག་ཚེར་ཞིག་དང་འདྲ་བར་ཞག་མ་གསུམ་ལ་གཉིད་མ་ལོག་པར་གཤིན་རྗེ་ནག་པོའི་སྲོག་སྒྲུབ་ལ་འབད་པའི་སྔགས་རྒན་རིག་འཛིན་གྱི་སྙིང་ལ་ཙག་ཤད་ཅིག་བརྒྱབ་ནས་དྲག་སྔགས་མཚམས་མི་ཆད་པར་བགྲངས་བྱུང་ལ། ཁོའི་སོར་གསུམ་བཞི་རེ་སྐྱེས་ཡོད་པའི་སེན་མོ་རིང་བོ་དེ་དག་གི་འགུལ་སྐྱོད་དང་མཉམ་དུ་རག་ཤའི་ཕྲེང་གོག་དེའི་སྟེང་ནས་མེ་སྟག་ཅིག་དམར་ཁྲོམ་ཁྲོམ་དུ་འཐོར་བཞིན་འདུག་ཅིང་། ཁོའི་མིག་ལམ་དུ་གདུག་རྩུབ་ཅན་གྱི་སྡེ་དམག་གཉིས་ཀྱིས་ཁོའི་བུའི་མགོ་བོ་བཅད་པའི་བེམ་པོ་དེ་ཁོ་ཚང་གི་ཁང་པའི་གདུང་མར་བཏགས་རྗེས། བེམ་རོའི་བྲང་ཁ་གཤགས་ནས་སྙིང་དམར་པོ་ཕྱིར་བཏོན་ཏེ་ཁོའི་ཁ་ནང་དུ་བརྫངས་ཚུལ་རྣམས་སྒྱུ་མའི་འཕྲུལ་བཞིན་ཤར་ཅིང་། མནའ་མ་གཡུ་མཚོ་གཅེར་བུར་ཕུད་ནས་བཙན་གཡེམ་བྱེད་སྐབས་ཀྱི་སྐྱི་གཡའ་བའི་ངུ་སྐད་དྲག་པོ་དེ་ད་དུང་རྣ་ལམ་དུ་གྲག་བཞིན་འདུག ་་་ ་་་ 
                            ༢
ཨ། ཅི་ཟེར། དེ་རིང་ནས་བཟུང་ཁྲལ་སྟེར་རྒྱུ་མིན། ཧིན། ངས་སྔགས་རྒན་ཁྱི་འདྲ་བ་དེར་ལྟད་མོ་ཞིག་སྟོན། གཡུ་སྣང་དཔོན་པོའི་འབུར་ཚགས་ཀྱིས་ཁེངས་པའི་གདོང་ཡོངས་དམར་ནག་ཏུ་གྱུར་ཅིང་རྒས་གཉེར་ཤར་ཤུར་དུ་བབས་པའི་དཔྲལ་བ་ནས་རྩ་ཆེན་མཛུབ་མོ་འདྲ་བ་གསུམ་སྦོས་སོང་། རྨ་ཆུ་སྔོན་མོའི་གཡས་གཡོན་དུ་ཆགས་པའི་གནའ་བོའི་གྲོང་ཚོ་རྣམས་དུ་ཞགས་དཀར་པོ་ཞིག་གི་ཀློང་ན་དབེན་ཐིང་ངེར་གནས་ཡོད་ལ། གཡུ་སྣང་དཔོན་ཚང་གི་མཐོ་ཞིང་བརྗིད་པའི་སྒོ་ཆེན་གྱི་ཡ་ཐེམ་སྟེང་དུ་ཁྲག་དམར་འཛག་བཞིན་པའི་མི་མགོ་ཞིག་ཐུར་དུ་དཔྱངས་འདུག ཞོགས་པ་དེར་དཔོན་ཚང་གི་དམག་མི་འགའ་སྤྱང་ཀི་ཤ་ལ་རྔམ་པ་ལྟར་སྔགས་རྒན་རིག་འཛིན་ཚང་གི་ཕྱོགས་སུ་བརྒྱུགས། མ་གཞི་ཕ་ཤ་བུ་ལ་ཟ་རུ་ཆུགས་ཟེར་བ་འདི་དཔོན་ཚང་གི་བཀའ་ཡིན་མོད། སྔགས་རྒན་རིག་འཛིན་གྱི་རྐང་བ་གཉིས་ཀ་ཞ་བོ་ཆགས་ནས་ལོ་གསུམ་འགོར་ཡོད་པས། དམག་མི་ཚོས་དཔོན་ཚང་གི་བཀའ་དེར་ལྡོག་ཕྱོགས་ནས་གོ་བ་བླངས། ཁོ་ཚོས་སྔགས་རྒན་རིག་འཛིན་ཚང་གི་ཁང་པའི་སྒོ་ཁྲོག་སེ་ཕྱེ་ནས་ནང་དུ་མཆོངས་པ་ན། ཚ་ཐབ་སྟེང་ན་ཤིང་དམར་གྱི་ཕོར་བ་ཞིག་གི་ནང་དུ་མནའ་མ་གཡུ་མཚོས་བསྐོལ་མ་ཐག་པའི་ཞོགས་ཇ་འཐུང་བཞིན་པའི་སྔགས་རྒན་རིག་འཛིན་གྱིས་གདོན་འདྲེ་གསོན་པོ་ཁྱུ་གཅིག་མཐོང་བ་ལྟར་གདོང་གཤིས་འགྱུར་ནས་ཁ་ཤ་ལྷབ་ལྷུབ་ཏུ་འདར་བཞིན། ཁྱི་རྒན་ཁྱོད་ཚོས་ངའི་བུ་དང་མནའ་མ་གཉིས་གར་ལག་ཅིག་འགུལ་རྒྱུ་ཟེར་ན། ངའི་ཆོས་སྐྱོང་སྲུང་མས་ཁྱོད་ཚོའི་སྙིང་ཁྲག་ཚ་བོ་ཧུབ་ཀྱིས་བཞེས་ཐག་ཆོད་ཡིན། ཟེར་བའི་ཚིག་རྔ་མ་རྫོགས་གོང་དམག་མི་ཞིག་མཆོངས་ཡོང་ནས་ཁོའི་གདོང་ལ་གཏད་ནས་ཁུ་ཚུར་མིག་ནང་དུ་མེ་སྟག་འཕྲོ་བ་ཞིག་གཞུས་རྗེས། གྲི་རིང་ཞིག་ཕྱར་ནས་ལག་གི་ཕོར་བ་ཐང་ལ་འཇོག་གྲབས་བྱེད་བཞིན་པའི་བུ་ཚེ་བརྟན་གྱི་མགོ་བོ་དུམ་སེ་བཅད་ནས་ས་རུ་འཕངས་ཤིང་། མགོ་བོ་བཅད་ཤུལ་གྱིོ་འཕར་རྩ་དག་ལས་ཁྲག་དམར་པོ་ལྷོག་ལྷོག་ཏུ་འཕྱུར་ཡོང་བའི་བེམ་རོའི་བྲང་ཁ་གཤགས་ནས་གློ་སྙིང་རླངས་པ་སྐྱ་ཕྱུར་ཕྱུར་བྱེད་བཞིན་ཡོད་པ་དག་ལག་མགོར་ཕྱར་ནས་སྔགས་རྒན་གྱི་ཁ་ནང་དུ་བཙན་གྱིས་བརྫངས་ཤིང་། དེའི་རྗེས་དམག་མི་ཚང་མས་ཁྲེལ་དགོད་བྱེད་བཞིན་ངུ་རྒྱངས་བྱས་ནས་དྲན་པ་འཐོར་གྲབས་ཡོད་པའི་མནའ་མ་གཡུ་མཚོའི་སྐ་རགས་གྲི་ཡིས་གཏུབས་ནས་གཅེར་བུར་ཕུད་ཅིང་། འགྲམ་དུ་ཡོད་པའི་བེམ་པོའི་ཁོག་ནས་རྒྱུ་མ་སྦོམ་པོ་ཞིག་ཕྱིར་ཕྱུངས་ནས་མོའི་སྐེ་བསྡམས་པས་བལྟས་བལྟས་རིག་རིག་ལ་མིག་རིལ་གཉིས་ཕྱིར་འབུར་ནས་ས་ལ་ལྷུང་གྲབས་བྱེད་པ་དང་། དེ་ནས་གཅིག་སྔུན་གཅིག་གིས་བརྩད་དེ་མོ་ལ་འོ་བྱེད་ཞོར་དུ་བཙན་གཡེམ་བྱས། ་་་ ་་་ སྔགས་རྒན་རིག་འཛིན་གྱིས་མིག་གིས་བལྟ་མ་བཟོད་པར་མགོ་བོ་རུམ་ལ་བཅུག་ནས་ཤུགས་མེད་པའི་ཁུ་ཚུར་གྱིས་བྲང་ཁ་དྲག་ཏུ་བརྡུངས།
                            ༣
རྨ་ཀླུང་སྔོན་མོ་དྲག་ཏུ་འཕྱོ་བའི་གཡོན་ཕྱོགས་ཀྱི་བྲག་རི་ཞིག་གི་འདབས་སུ། གདོད་མ་ནས་རྒྱུན་མ་ཆད་པའི་རྔ་སྦུབ་ཀྱི་སྒྲ་དབྱངས་འཇིགས་སུ་རུང་བ་ཞིག་མཐོ་སྒང་གི་རྫ་སུལ་ནས་རྫ་སུལ་དུ་འཕུར། ཉིན་འགའི་སྔོན་གྱི་མཚན་མོ་ཞིག་ལ། ཡུགས་ས་མ་གཡུ་མཚོས་སྔགས་རྒན་རིག་འཛིན་ཁུར་ནས་གནས་འདིར་ཡོད་པའི་ཆུ་མིག་ཅིག་གི་ཁ་རུ་ཡོང་འདུག་ལ། ཉིན་མཚན་གསུམ་གྱི་རིང་བསྒྲུབས་པའི་གཏོར་མ་དེ་ཚོའི་གསེབ་ནས་སྐབས་རེར་མེ་སྟག་མཆེད་ཅིང་ལན་རེར་ཁྲག་དྲི་འཐུལ། གཡུ་མཚོའི་སྐྲ་ལོ་གང་སར་གཟེངས་ནས་རྒྱུས་མེད་ཅིག་གིས་མཐོང་བ་ན་གྲུབ་པ་ཐོབ་པའི་རྣལ་འབྱོར་མ་དུར་ཁྲོད་ཉུལ་མཁན་ཞིག་དང་ནོར་ཆོག་ཆོག་ཏུ་སྣང་། མོས་ཨ་མྱེས་རིག་འཛིན་གྱི་ངག་བཀོད་བཞིན་རང་གི་མངལ་ཁྲག་གིས་ཁེངས་པའི་མི་ཐོད་ཅིག་གི་ནང་དུ་ངན་སྔགས་བྲིས་པའི་བྱང་བུ་མང་པོ་ཞིག་བླུགས་ནས་མིའི་བརླ་རྐང་ཞིག་གིས་དལ་བུར་དཀྲུག་བཞིན་འདུག
                             ༤
མདང་ནུབ་ནས་བཟུང་། སྒྲུབ་གཏོར་གྱི་གསེབ་ནས་ཨག་སྐད་སྙིང་ལ་ཟུག་འགྲོ་བ་ཞིག་རྒྱང་རིང་གི་རི་འདབས་སུ་ཆགས་པའི་དམེ་སྡེའི་ཕྱོགས་སུ་ཡལ་འགྲོ་ཞིང་། དེར་མཐུད་ནས་དམེ་སྡེའི་ཕྱོགས་བཞི་ནས་སྤྱང་ཚོགས་ཀྱི་ངུ་ཟུག་བྱེད། གློ་བུར་དུ་གཏོར་སྟེགས་ཀྱི་སྟེང་ནས་ཚག་སྒྲ་ཆེན་པོ་ཞིག་གྲགས་པ་དང་མཉམ་དུ་མེ་ལྕེ་ཟུར་གསུམ་ཞིག་དམེ་སྡེའི་ཕྱོགས་སུ་སྐར་མདའ་བཞིན་མཆེད་པས། གཡུ་མཚོས་གཏོར་མ་ནག་པོ་ཁྲག་ཞག་གིས་འཚོས་པ་དེ་ཁྱེར་ནས་ཉེ་འགྲམ་གྱི་ཆུ་མིག་གཏིང་རིང་དེའི་ཁར་བསླེབས་པ་ན། ནམ་མཁའ་ནས་སྤྲིན་ནག་ལང་ལོང་དུ་འཕྱུར་ཞིང་། ཆུ་མིག་དེའི་ནང་ནས་ཀླུ་སྦལ་དཀར་པོ་བེའུ་ཙམ་ཞིག་ཡར་ཐོན་ཡོང་། མོས་དྲག་ཏུ་འཕྱོ་བའི་སྙིང་ཁམས་ཅུང་ཟད་ལྷོད་དུ་བཏང་ནས་ཡུད་ཙམ་བསྡད་པ་ན། སླར་ཡང་སྦལ་བ་ནག་པོ་ནག་པོ་འཇིགས་སུ་རུང་བ་ཞིག་གིས་ཁ་གདངས་མིག་གཅེར་ནས་ཆུ་ཁར་ཐོན་ཡོང་བས། གཡུ་མཚོས་ལག་གི་གཏོར་མ་དེ་ནུས་ཤུགས་ཡོད་ཚད་ཀྱིས་སྦལ་བ་དེའི་ཁ་ནང་དུ་འཕངས་རྗེས་རྒྱུགས་ཐེངས་གཅིག་གིས་སྔགས་རྒན་རིག་འཛིན་རྒྱབ་ལ་ཁུར་ནས་གཡོན་ཕྱོགས་ཀྱི་རི་འདབས་དེར་ནག་ཧུར་རེར་ཡོད་པའི་བྲག་ཕུག་དེའི་ནང་དུ་བྲོས། དུས་དེར་གློ་བུར་དུ་གནམ་ལྕགས་ཐོག་གི་སྒྲ་སྐད་སྐྱི་གཡའ་བ་འགའ་བསྟུད་མར་གྲགས་རྗེས། ལོ་བརྒྱད་བྱིས་པའི་ཁུ་ཚུར་ཙམ་ཡོད་པའི་སེར་བ་དྲག་པོ་ཞིག་ཐག་སྒྲ་དང་བཅས་བབས་པ་དང་ལྷན་དུ། གློག་དམར་གྱི་ཞགས་པ་ཨ་ལོང་གི་དབྱིབས་ཅན་མང་པོ་ཞིག་རྒྱང་རིང་གི་དམེ་སྡེའི་བར་སྣང་ནས་ཐོག་སེར་དང་མཉམ་དུ་ཆུ་ཚོད་གསུམ་གྱི་ཁྲག་དྲི་དང་གཞོབ་དྲི་འཐུལ་བའི་སྡེ་དཀྱིལ་དུ་འཁྱུགས།
                            ༥
ནུབ་ཕྱོགས་ནས་འོངས་པའི་འཚུབ་མ་ནག་པོ་ཞིག་གིས་དམེ་སྡེའི་དཀྱིལ་གྱི་དར་ལྕོག་རིང་པོ་དེ་ཚལ་བ་གསུམ་དུ་བཏང་ནས་བར་སྣང་ལ་ཁྱེར་ཞིང་། གཡུ་སྣང་དཔོན་པོའི་ཁ་གཅུས་ནས་རྣ་རྩར་བསླེབས། ཁྱིམ་ཚང་དགུ་ལ་མཛེ་ནད་དྲག་པོི་ཞིག་མཆེད་དེ་གསར་བུ་དགུ་ཡིས་ན་ཚ་མ་བཟོད་པར་རྨ་ཆུའི་ནང་ལ་ལྡིངས་པ་དང་། གསར་མོི་དགུ་ཡི་མགོ་ཡི་སྐྲ་ལོ་ཡོངས་རྫོགས་བྱི་ནས་ཟངས་སྐྱོགས་ཀྱི་ཕྱི་ངོས་དང་འདྲ། མི་རབས་དགུའི་རིང་ལ་གསོལ་མཆོད་བྱས་པའི་ཨ་མྱེས་མདུང་ནག་གནས་སའི་རྫ་རྐེད་ནས་རྦབ་རྡོ་མང་པོ་ཞིག་འདྲིལ་ཏེ་ནོར་ལུག་སུམ་སྟོང་ལྷག་རྡོ་གཅུར་བྱས། ཡ་ང་བའི་ཆག་སྒོ་འདིས་ནམ་རྒྱུན་ཇག་ལས་ལ་དགའ་བའི་རི་གྲོང་འདི་མེད་མུག་གི་དོང་ཞབས་སུ་བསྐྱལ། དུས་འདིར། གྲོང་སྡེ་འདི་པང་དུ་བཟུང་པའི་ཨ་མྱེས་མདུང་ནག་གི་རྫ་གསེབ་ཅིག་ཏུ། སྔགས་རྒན་རིག་འཛིན་གྱིས་བུས་པའི་རྐང་གླིང་གི་འགྱུར་ཁུག་བན་བུན་ཁྲོད། ཡུགས་ས་མ་གཡུ་མཚོས་སྐྲ་ལོ་ས་ལ་དྲུད་ནས་སྙིང་ཚིམ་པའི་རྐང་བྲོ་རྡུང་བཞིན་འདུག ་་་ ་་་
                            ༦
ངས་སྒྲུང་གཏམ་འདི་བྲིས་ནས་མཚམས་འདིར་བསླེབས་པ་ན། རླུང་འཚུབ་ཅིག་གིས་མདུན་གྱི་སྣུམ་སྒྲོན་ནག་འཚུབ་བེར་བཏང་སོང་། ངས་མུན་ནག་གི་ཁྲོད་སྦར་ཉུལ་བརྒྱབ་སྟེ་འབར་ཞུན་བཙལ། མཚམས་ཤིག་ལ་མཁྲེགས་ཤིང་ཟླུམ་གཟུགས་ཅན་གྱི་དངོས་པོ་ཞིག་ལ་ལག་པས་རེག་བྱུང་བས། དེ་བླངས་ནས་མདུན་ཅོག་སྒང་ལ་བཞག་རྗེས་མུ་མཐུད་དུ་འབར་ཞུན་ཨེ་རྙེད་བལྟས། ཆུ་ཚོད་ཕྱེད་ཀ་ཞིག་གི་རྗེས་ནས་ད་གཟོད་འབར་ཞུན་རྙེད་བྱུང་། སྣུམ་སྒྲོན་བཀར་བའི་སྐད་ཅིག་མའི་ནང་དུ། ང་རང་དངངས་སྐྲག་ཅིག་གིས་ཤི་གྲབས་བཟོས་སོང་། མ་གཞི་དངོས་པོ་ཟླུམ་གཟུགས་ཅན་དེ་ནི་དཀར་སེང་ངེར་གྱུར་པའི་མིའི་མགོ་རུས་ཤིག་རེད། ངས་སྣུམ་སྒྲོན་ཤི་བར་དོགས་ནས་སྡོང་རྐང་ཇེ་རིང་དུ་བཏང་བ་ན། ཇེ་གསལ་དུ་གྱུར་པའི་སྒྲོན་འོད་ཀྱི་འོག་ཏུ། མགོ་རུས་དེ་སྔར་ལས་ཇེ་འཇིགས་སུ་སོང་སྟེ་ང་ནི་ཁེར་རྐྱང་དུ་སྡོད་བཟོད་མེད་པར་གྱུར། ང་ཡར་ལངས་ནས་མགོ་རུས་དེ་མལ་ཁྲིའི་འོག་ཏུ་གཡུག་རྩིས་བྱེད་དུས། དེའི་མཚོག་མའི་གཡས་ཟུར་གྱི་སྟེང་དུ་བུ་ག་གྲུ་བཞི་ཞིག་དང་། ཡ་མཆུའི་མདུན་སོ་ཆེན་པོ་གཉིོས་ཟངས་སེར་གྱིས་ཤན་འདུག་པ་མཐོང་མ་ཐག ངའི་མིག་མདུན་ནས་འགད་རྫས་ཤིག་འབར་བ་དང་འདྲ་བར་རང་དབང་མེད་པར་ལག་ནང་གི་མགོ་རུས་དེ་ཁང་པའི་གྲུ་ཟུར་ཞིག་ཏུ་གཡུགས་རྗེས། མཆོངས་ཐེངས་གཅིག་གིས་མལ་ཁྲིའི་སྒང་ལ་བུད།
                            ༧
ཨ་ཨ། ནོར་མི་འདུག ལོ་བཞིའི་སྔོན་གྱི་མཚན་མོ་ཞིག་ལ། ངས་གནའ་མཁར་ཟི་ལིང་ན་ཡོད་པའི་གྲོགས་པོ་ཞིག་གི་རེ་བ་བཞིན་དུས་དེབ་ཅིག་གི་གླེང་བརྗོད་ཐུང་ངུ་དེ་ཆུ་ཚོད་གཉིས་ཀྱི་རིང་ལ་བྲིས་ཚར་རྗེས། འབྲི་འཕྲོ་བྱས་པའི་སྒྲུང་རིང་
ཤི་བོའི་རྣམ་ཤེས་ཞེས་པ་དེའི་མཇུག་སྐྱོང་སྐབས། སྲང་བར་གྱི་ཁྱི་སྡོམ་མང་པོ་ཞིག་གིས་ངུ་ཟུག་བྱེད་བཞིན་ངའི་ཁང་པའི་རྒྱལ་སྒོའི་རྩར་རུབ་བྱུང་ལ། ཡུད་ཙམ་འགོར་རྗེས་ཁང་པའི་ཕྱི་སྒོའི་ལྕགས་ལུང་སིལ་སིལ་དུ་དཀྲོགས་མཁན་ཞིག་བྱུང་བས། ངས་ལག་ནང་གི་སྨྱུ་གུ་ཕར་བཞག་སྟེ་སྒོ་འབྱེད་དུ་སོང་བ་ཡིན། ཟླ་འོད་མག་མོག་ཅིག་གིས་བཏུམས་པའི་ཕྱོགས་བཞིའི་རི་བོ་དག་ནི་ལོ་ངོ་ས་ཡ་དུ་མའི་སྔོན་ནས་དབུགས་ཀྱི་རྒྱུ་བ་ཡོངས་སུ་ཆད་པའི་སྲོག་ཆགས་ཆེན་པོ་རེ་རེ་དང་འདྲ་ཞིང་། སྤྲིན་ནག་གི་གསེབ་ནས་མཐོང་ཙམ་ཡལ་ཙམ་བྱེད་པའི་སྐར་ཚོམ་དེ་དག་ཀྱང་གདོན་འདྲེའི་མིག་ཟུང་དག་དང་འདྲ་བས། ང་ལ་རང་དབང་མེད་པར་སྐྲག་སྣང་ཞིག་སྐྱེས་ནས་མགོ་ཡི་སྐྲ་ལོ་ཡོངས་རྫོགས་རྣོ་ལྕགས་ཀྱི་ཚེར་མ་བཞིན་གྱེན་དུ་གཟེངས་བྱུང་། ཡིན་ན་ཡང་ངས་ལག་པ་འདར་ཞོར་སྒོ་ཕྱེ་མ་ཐག གཟུགས་སྟོབས་ཆེ་བའི་མི་ཞིག་ནག་ལིང་ངེར་ངའི་སྟེང་དུ་འགྱེལ་སོང་བས། ང་རང་སྐྲག་ཐག་ཆོད་ནས་རྐང་ལག་བཞི་ཀ་སྦྲིད་ཅིང་མིག་མདུན་དུ་མུན་པ་འཁྲིགས་ཤིང་རྣ་རྩ་དང་རྒྱབ་གཞུང་ནས་རྔུལ་ཆུ་ཐུར་དུ་འགྲིལ་ཡོང་། མི་དེའི་ལུས་སྟོད་ནས་དྲི་ངན་ཁ་བའི་གཤེར་ཁུ་ཞིག་ངའི་ལག་པའི་སྟེང་དུ་བཞུར་ཡོང་བས། ངས་ཨག་རིང་ཞིག་བཏབ་སྟེ་མཆོང་ཐེངས་གཅིག་གིས་ཁང་པའི་ནང་ལ་བྲོས་རྗེས། སྒོ་དམ་པོར་གཏན་ནས་གློག་སྒྲོན་བཀར་ཏེ་ཕྱི་རོལ་ཏུ་བལྟས་པ་ན། མི་དེ་ཕྱི་སྒོའི་ནང་ཕྱོགས་སུ་འགྱེལ་འདུག་ལ་ཅུང་ཙམ་ཡང་འགུལ་རྒྱུ་མི་འདུག་མོད། ང་ལ་ཡང་སྐྱར་ཕྱི་རོལ་ཏུ་འགྲོ་རྒྱུའི་སྤོབས་པ་རྩ་བ་ནས་མི་འདུག་པས། ཞག་གང་བོར་གཉིད་ཀྱང་མ་ཕོད་པར་མལ་ཁྲིའི་ཟུར་ཞིག་ཏུ་ཙོག་ཙོག་བུར་བསྡད་པ་ཡིན། ཕྱི་ཉིན་ཞོིགས་པར་ཤར་ཕྱོགས་ཀྱི་མཁའ་མཐའ་རིམ་བཞིན་སྔོ་སྐྱར་གྱུར་ཅིང་། གནའ་བོའི་དབེན་དགོན་འདིའི་ཚོགས་དུང་གི་སྒྲ་དབྱངས་ཀྱིས་ཕྱི་བརྩེགས་ནང་བརྩེགས་སུ་ཡོད་པའི་རི་ཚོགས་ཀྱི་ཀློང་རུམ་ཉུལ་སྐབས། གྲྭ་པས་འགས་སྐེ་བསྲིངས་ནས་ངའི་ར་སྐོར་གྱི་ནང་རོལ་ཏུ་ཐེངས་ཤིག་བལྟས་རྗེས་སྐད་བརྒྱབ་ནས་མི་མང་པོ་ཞིག་བོས་བྱུང་། སྐབས་དེར་ང་རང་ཡང་སྒོར་བུད་ནས་མདང་དགོང་ང་ལ་སྐྲག་སྣང་ཟད་མེད་ཅིག་སྦྱིན་མཁན་དེའི་གདོང་ལ་བལྟས་པ་ན། མི་དེ་ནི་ང་ཚོའི་སྡེ་དཔོན་གྱི་བུ་ཆེ་བ་དེ་ཡིན་འདུག་ཅིང་། ཁོའི་མགོ་ནས་ཟུངས་ཁྲག་མང་པོ་ཞིག་བཞུར་ནས་ལུས་སྟོད་ཡོངས་རྫོགས་གཤེར་འདུག་ལ། མིག་གཉིས་ཁྲ་རིག་གེར་ཀླད་ལ་འཁོར་འདུག་པ་དང་། ཡ་མཆུ་གྱེན་དུ་བརྫེས་པའི་བར་ན་ཟངས་སེར་གྱིས་བཏུམས་པའི་དུང་སོ་གཉིས་ཀྱི་སྟེང་ལ་ཡང་ཁྲག་ཅུང་ཟད་རེ་འགོས་འདུག ང་ཚོའི་གྲོང་བརྡལ་འདི་དགོན་གྲོང་འདྲེས་ནས་ཆགས་པ་ཞིག་ཡིན་སྟབས། དེ་མ་ཐག་མི་སྐྱ་འགས་སྡེ་དཔོན་ཚང་ལ་བརྡ་བརྒྱབ་ཅིང་། གྲྭ་པ་ལ་ལས་ཞོགས་པའི་གསར་འགྱུར་འདི་ཕྱོགས་བཞི་མཚམས་བརྒྱད་དུ་སྤེལ་ཅི་ཐུབ་བྱས་ཡོད་པ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད།། ཅུང་མ་འགོར་བར་ཉེན་རྟོག་པའི་སྦག་སྦག་གཉིས་དང་རླངས་འཁོར་ཆུང་ཆུང་ཞིག་གིས་ཛ་དྲག་གི་ཉེན་བརྡ་དྲག་པོ་ཞིག་སྒྲོག་བཞིན་ངའི་ཕྱི་སྒོའི་རྩ་རུ་བསླེབས་པ་དང་། ཉེན་རྟོག་པ་ལྔ་དྲུག་ཅིག་གིས་འདས་པོའི་བེམ་པོར་པར་བརྒྱབ་ཅིང་། དེར་མཐུད་ནས་ངའི་ལག་མགོར་ཡང་རྣོ་ལྕགས་ལས་གྲུབ་པའི་ལག་སྒྲོག་སྙིང་རྗེ་བོ་ཞིག་བརྒྱབ་ནས་ཉེན་བརྡའི་གློག་གཞུ་དམར་པོ་ཞིག་མེ་ལྕེ་ནང་བཞིན་འབར་བའི་རླངས་འཁོར་ཆུང་ཆུང་དེའི་ནང་དུ་འབུད་རྒྱག་དང་བཅས་བཅུག་རྗེས་སྦག་སྦག་གཉིས་སྔ་གཞུག་ཏུ་ཡོང་ནས་ལམ་ལ་ཆས། ཀྱེ་ཧུད། ང་ནི་ཉེས་པ་མེད་པར་ཉེས་ཅན་དུ་གྱུར་སོང་། རིམ་བཞིན་རླངས་འཁོར་གྱི་འཁོར་ལོའི་འོག་ནས་འཕྱུར་བའི་ཐལ་རྡུལ་སྐྱ་བོ་ཞིག་གིས་ངས་ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལ་མངར་སྐྱུར་གྱི་འཚོ་བ་རོལ་སའི་གྲོང་བརྡལ་འདི་དལ་བུར་བསྒྲིབས་སོང་།
                             ༨
བཙོན་ཁང་དུ་བསླེབས་རྗེས། ཉེན་རྟོག་པས་ང་ལ་འདྲི་གཅོད་ཐེངས་བརྒྱ་ཕྲག་བརྒལ་བ་ཞིག་བྱས་ཤིང་། རྗེས་སུ་ཐོས་པ་ལྟར་ན་གྲོང་བརྡལ་དེར་ཡང་ང་དང་གཤིན་པོ་དེའི་བར་གྱི་འགལ་འབྲེལ་རྩད་གཅོད་ཀྱི་ཆེད་དུ་ཉེན་རྟོག་པ་ཐེངས་ཉི་ཤུར་བསླེབས་འདུག བརྟག་དཔྱད་རབ་དང་རིམ་པ་བརྒྱུད་དེ་མི་གསོད་ལག་དམར་གྱི་ཉེས་པ་དེ་ངའི་མགོར་འཇོག་མ་ཐུབ་ཀྱང་། རང་ཉིད་མ་གཞི་ནས་མི་ནུས་མེད་ཅིག་ཡིན་སྟབས་བཙོན་མའི་དཀའ་སྡུག་གི་འཚོ་བ་དེ་མི་འདོད་བཞིན་དུ་ལོ་ངོ་གསུམ་གྱི་རིང་མྱོང་དགོས་བྱུང་སོང་། ཡིན་ན་ཡང་ངས་བཙོན་གྲོགས་ཚོའི་ས་ནས་སྒྲུང་གཏམ་དང་སྙན་ངག་གི་རྒྱུ་ཆ་མང་པོ་ཞིག་འཚོལ་བསྡུ་བྱས་ཤིང་།
སྒོ་འགྲམ་གྱི་ཁྲག་རྗེས་ཞེས་པའི་སྒྲུང་འབྲིང་ཞིག་ཀྱང་སྡུག་རུས་བྱས་ནས་བྲིས་པ་ཡིན། ལོ་ཟླ་དེ་ཚོའི་རིང་ལ་ངའི་ཕ་མ་གཉིས་དང་སྤུན་ཟླ་ཚོ་ང་ལ་སེམས་གསོ་བྱེད་དུ་ཐེངས་མང་བསླེབས་ཤིང་། ལོ་ངོ་གསུམ་གྱི་རྗེས་ནས་ང་ལ་དཀར་འདོན་བྱས་ནས་ཕྱིར་ལས་ཁུངས་སུ་མངགས་བྱུང་། རྗེས་སུ་ཐོས་པའི་གནས་ཚུལ་ལྟར་ན། *སྡེ་དཔོན་ཚང་གི་ཕོ་གསར་དེས་ཟླ་འོད་འོག་གི་བརྩེ་དུང་ཞིག་གི་ཆེད་དུ་ན་མཉམ་གྱི་གསར་རྒོད་ཅིག་ལ་ལག་འཛིང་བྱས་པས། ཕ་རོལ་པོས་ལྕགས་ཕུར་རྩེ་རྣོན་ཞིག་གིས་བརྒྱབ་ནས་ཁོའི་མགོ་རུས་ལ་བུ་ག་ཞིག་བརྟོལ་ཅིང་། ཡུན་རིང་མ་འགོར་བར་ཟུངས་ཁྲག་ཀླད་པའི་ནང་དུ་བབས་ཏེ་ཉིན་མང་པོ་ཞིག་འགོར་རྗེས། མཚན་མོ་ཞིག་ལ་ན་ཟུག་མ་བཟོད་པར་ངེད་ཚོའི་གྲོང་བརྡལ་གྱི་སྲང་བར་གང་སར་བརྒྱུགས་རྗེས། སྟབས་ཉེས་ནས་ངའི་རྭ་སྐོར་གྱི་ནང་དུ་སྙིང་གི་འཕར་མཚམས་བཞག་པ་རེད་འདུག རྗེས་སུ་ཕྱུགས་རྫི་མང་པོ་ཞིག་གིས་ང་ཚོའི་གྲོང་བརྡལ་དང་ཐག་མི་རིང་བའི་དུར་ཁྲོད་ཅིག་ཏུ་ཁོའི་མགོ་རུས་མཐོང་བ་དང་། ལག་དམར་གྱིས་ལྕགས་ཕུར་གྱིས་བརྒྱབ་ཤུལ་དུ་བུ་ག་གྲུ་བཞི་ཞིག་ལུས་འདུག་ལ། དེ་རིང་ས་འོག་ཏུ་བཅུག་ན་སང་ཉིན་ས་ཁར་འཕགས་འདུག་ཟེར། ད་ཅི་བྱ། ཤི་བོ་འདིའི་རྣམ་ཤེས་ཀྱིས་ང་ལ་རེ་བ་ཞིག་རྒྱག་བཞིན་པ་འདྲ། ངའི་སྙུག་འོག་ནས་མི་སྣ་མང་པོ་ཞིག་འཆི་ལམ་དུ་ཕྱིན་ཚར་མོད། ད་རེས་ཀྱི་མི་འདི་དང་འདྲ་བར་འདས་ལོག་རྒྱག་མཁན་ཞིག་བྱུང་མ་མྱོང་། ངས་དལ་བུར་མགོ་རུས་དེ་ལག་ཏུ་བླངས་ནས་གློག་གཞུའི་ཤེལ་ཏོག་ཅིག་དེའི་ཁོག་ཏུ་སྤྲད་རྗེས། གློག་སྐུད་དུམ་བུ་ཞིག་བེད་སྤྱད་ནས་ཤེལ་ཏོག་དེ་ལ་གློག་བཏང་བ་ན། མགོ་རུས་དེར་གློ་བུར་དུ་གསོན་ཤུགས་འབར་ནས་ངའི་དབང་རྩ་ཡང་ལྷོད་དུ་་བཅུག མུན་ནག་གི་ཁྲོད་དུ། མགོ་རུས་ཀྱི་མིག་ཀོང་ལས་འཕྲོས་པའི་གློག་འོད་ལང་ལོང་དེའི་འོག་ཏུ། ངས་འཇིགས་སུ་རུང་བའི་གཏམ་རྒྱུད་འདི་བྲིས་ནས། རྨ་འགྲམ་གྱི་གྲོང་ཚོ་ཆུང་ངུ་འདིའི་སྐྱ་རེངས་དམར་པོ་ཞིག་བསུས་པ་ཡིན།
                                                    *གནས་ཚུལ་འདི་དོན་དངོས་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འགྲམ་གྱི་སྐྱ་རེངས་དམར་པོ།

2009-03-23 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།