གསང་བ།

  དེ་རིང་གི་ཉི་མ་འདི་སྟེས་དབང་ཙམ་མིན་པར་ངའི་ཁང་ཀླད་དུ་ལྷུང་བའི་དབང་གིས་ཁོ་བོས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་ནང་དུ་བསུས་མོད། ངའི་ཁྱིམ་དུ་བསྡད་ནས་ཡུན་རིང་མ་འགོར་བའི་རིང་ལ་ཁང་བའི་སྒོ་དང་སྒེའུ་ཁུང་དག་གི་འགྲམ་ནས་གད་སྙིགས་མང་དུ་སྤུངས་རྗེས་སྒམ་མདོག་གིས་ཕྱིར་ལོག་པ་དང་། ང་ཡི་ལུས་པོ་འདི་སྲོ་ཤིག་གི་རྙི་ལས་ད་དུང་ཐར་མ་ཐུབ་པས་བློ་རིག་གཅིག་པུ་བཀོལ་ནས་འབྱུང་བཞིའི་ལས་དབང་ལ་ཁ་ལོ་བསྒྱུར་རྒྱུ་ནི་དཀའ་ཚེགས་ཆེ་བ་ཞིག་རེད། ཁ་སྔོན་གྲྭ་བ་ཞིག་གི་མགོ་བོ་གཅོག་བྱེད་ཀྱི་ཅ་ནེ་སེར་ག་ཅན་དེར་ལྟ་ཐེངས་ཤིག་གིས་ང་རང་མ་གཞི་ནས་ཤི་བོ་ཞིག་ཡིན་པ་གསལ་རྟོགས་བྱུང་ཡང་། གཞུང་ལམ་ནས་རྐང་ལམ་དང་།མགྲོན་ཁང་ནས་ཟ་ཁང་སོགས་སུ་གང་མོས་ཀྱིས་འགྲོ་ཆོག་པར་ཚོར་བའི་དབང་གིས་ཁོ་བོས་འཇིག་རྟེན་འདི་ལ་བར་དོ་ཞེས་ཐ་སྙད་བཏགས་པ་ཡིན། གོམ་པ་རེ་རེའི་བར་ནས་ཕྱི་མིག་རེ་འཕངས་དུས་རྐང་རྗེས་ནི་དགུང་དུ་འཕུར་འགྲོ་ཞིང་། གཞན་གྱིས་མི་ཚོར་བར་བྱས་ནས་སྟུག་དྲི་ཞིག་བཏང་བའང་ས་རྡུལ་དག་གིས་འུར་ཟང་ཟིང་གིས་འཕྱ་དམོད་བྱེད་པར་བལྟས་ན་ཤི་བོ་དངོས་ནི་རྐང་ལག་བཞི་བོ་ཡིན་པ་ལས་ང་རང་མིན་ཚོད་གདའ། ཡིན་ཡང་། “ཁྱེད་རང་ཤི་ཟིན་པས་འཇིག་རྟེན་འདིར་ཞེན་ཆགས་ཡོད་མི་རུང་”ཟེར་མཁན་ནི་ཕ་མ་གཉིས་གཙོ་བྱས་པའི་དགེ་རྒན་དག་ཡིན་མོད། ང་ཡི་སྐད་ཆ་ལ་གསོན་ཤུགས་སྟེར་མཁན་ནམ་རམ་འདེགས་མཛད་མཁན་ནི་མེ་ཡི་ལྷ་མོ་ཡིན་ཞེས་ཁོ་བོས་རྟག་ཏུ་བཤད་ཀྱིན་ཡོད།
  མོ་ནི་ཀུན་གྱིས་བཤད་པ་ལྟ་བུའི་འཆལ་མོ་དང་། ཨུ་ཚུགས་ཅན་གྱི་གོ་རྒས་ཤིག་མིན་པའི་རྐྱེན་གྱིས་ཁ་གྲགས་ཐེངས་གཅིག་གིས་ང་ཡི་ལུས་སེམས་རྨང་ནས་གཏོར་ཏེ་ང་ལ་འཆི་བ་ཞེས་པའི་ཡི་གེ་འདི་ཉིད་ངོ་སྤྲོད་གནང་བྱུང་།མོས་བཟོས་པའི་ཐ་སྙད་དག་ནི་ཧ་ཅང་ཚ་བོའི་རིགས་སུ་གཏོགས་ལ། ཚགས་དམ་ལ་སྡེབ་ལེགས་པས་ངས་ནམ་ཡང་ཁོ་མོ་དང་བར་ཐག་ཇེ་རིང་དུ་གཏང་ཐབས་སུ་འབད་ཀྱིན་ཡོད། ངས་ནམ་ཡང་ཁོ་མོ་མཐོང་འདོད་མེད་པའི་རྒྱུ་མཚན་ཡང་མོ་རང་ང་ལ་དགའ་བའི་རྐྱེན་རེད། དེའི་ཕྱིར། རྨི་ལམ་ནང་དུའང་ཁོ་མོས་ང་ལ་ཞེད་སྣང་དང་བརྩེ་འཛུམ་བསྐུར་གྱིན་འདུག“ཁེར་རྐྱང་གི་དུས་སུ་རང་སྲོག་གཅོད་མི་རུང་། ”སྐད་ཆ་དེ་ཐོས་འཕྲལ་ཞིབ་ཏུ་བལྟ་དུས་མོ་རང་ངའི་གམ་དུ་ཀེར་རེར་ལངས་འདུགམོའི་སྐད་གདངས་ཀྱི་སྣེ་མོར་གཡོ་སྒྱུའི་དྲིལ་བུ་ཞིག་བཏགས་འདུག་ལ། ལུས་ཀྱི་ཉམས་འགྱུར་དེས་ཀྱང་ང་ལ་གསོན་དགོས་པའི་གནས་ལུགས་གང་ཡང་བགྲང་མ་བྱུང་། “ང་ནི་ཤི་ཟིན་པས་ཡང་བསྐྱར་ཤི་འདོད་མི་འདུག ”ཁོ་བོས་དེ་ལྟར་ཁོ་མོའི་ཨ་ལན་ལ་རེ་སྒུག་བྱས། དྲི་ཚིག་འདི་ནི་ཧ་ཅང་དཀའ་མོ་ཞིག་ཡིན་ཚོད་གདའ་སྟེ།ཁོ་མོས་བསམ་བློ་མང་ཙམ་བཏང་རྗེས་མིག་འོད་གཅིག་ཏུ་བསྡུས་ཏེ། “སྤྱི་ཚོགས་འཚོ་བ་དངོས་ཀྱི་མཐོ་རྒྱུགས་ལ་ཞུགས་འདོད་ན་ཅིས་ཀྱང་ཤི་དགོས་”
ཟེར།“ འཚོ་བ་ཟེར་བ་དེ་གང་ན་ཡོད། ”“ རང་གི་ལག་མཐིལ་ལ་གཟིགས་དང་།གྲོག་རོང་ལྟ་བུའི་རི་མོ་ཟབ་ལ་རིང་བ་ཞིག་ཡོད་པ་དེ་ནི་འཚོ་བའི་སྣང་བརྙན་རེད།” “  ཨ་ལ་་་དེ་འདྲ་ཞིག་ཡིན་ན། ཁྱོད་ཀྱི་སྐྲ་ལོ་དེ་ཡང་ང་དང་འཚོ་བའི་བར་གྱི་ལམ་ཐིག་དེ་མིན་ནམ།” “ལོས་ཡིན། ལོས་ཡིན། ”ཁོ་མོས་ཐད་ཀར་དུ་དེ་ལྟར་ལན་བཏབ་བྱུང་། ལན་དེ་རྣ་ལམ་དུ་སོན་རྗེས་ཁོ་མོ་མཐོང་ལམ་ནས་ཡལ་སོང་ལ།འདམ་རྫབ་ཀྱི་འཇིགས་པ་དག་དཔར་ལ་རྒྱག་མཁན་ནི་ང་རང་ཡིན་འདུག ཏི་ལིང་ལིང་་་དུས་ཚོད་ཀྱི་འབོད་སྒྲ་གྲག་བྱུང་།
  འབོད་སྒྲ་དེས་ང་ཡི་རྨི་ལམ་གཏོང་སོང་སྙམ་ནས་ཁྲོ་མདུད་ཅིག་རྒྱག་ལ་ཉེ་སྐབས་འགྲུལ་བ་ཞིག་སྒེའུ་ཁུང་ལས་མཆོངས་ནས་སླེབས་བྱུང་།“ ཁྱོད་སུ་ཡིན།”“ང་ལམ་འགྲོ་བ་ཞིག་ཡིན། ཁྱོད་ཀྱི་རྐང་རྗེས་དེས་ང་རང་གནས་འདིར་བསྐྱལ་བ་རེད། ” “ཨོ་་་་”ཡིད་མི་ཆེས་པའི་ཚུལ་གྱིས་དེ་ལྟར་ལབ། ཁོས།“རྐང་རྗེས་རེའི་འོག་ཏུ་དུ་བ་རེ་འཕྱུར་གྱིན་འདུག་པས་ཆེད་དུ་ལྷ་ས་ནས་འོངས་པ་ཡིན།” ཟེར།“ཁྱོད་ཀྱིས་མེ་ཡི་ལྷ་མོའི་བཞིན་འཛུམ་དེ་ཡང་མཐོང་སོང་བ་མིན་ནམ། ”ཁོ་བོས་དེ་ལྟར་བྲིས། “ལོས་ཡོད་་་་འོན་ཀྱང་་་་།”ཁོས་སྐད་ཆ་འཕྲོ་མ་དེ་རུམ་ལ་བཅུག་སོང་། དུས་དེ་ནས་བཟུང་སྟེ་ཁོ་བོས་ནམ་ཡང་འགྲུལ་བ་དེར་དགའ་བས་བསུ་དགོས་བྱུང་ལ། མེ་ཡི་ལྷ་མོའི་སྐོར་གྱི་ཕྱིར་དྲན་དེ་ཡང་གཟན་འོག་ཏུ་བཅུག་པ་ཡིན། ཡིན་ཡང་། ང་དང་མེ་ཡི་ལྷ་མོ་གཉིས་ཀྱི་གསང་བ་དེ་ནི་སུས་ཀྱང་ཤེས་མི་སྲིད་དོ།
                                  ༢༠༡༢ཟླ༢པའི་ཚེས༢༨ཉིན་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་བ།

2012-03-05 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།