ཉིན་ཐོ།

  གཉིད་ལས་སད་པ་དང་མཉམ་དུ་རང་ཤག་གྲུ་བཞིའི་སྒེའུ་ཁུང་ལས་བལྟ་དུས།ཉི་འོད་ལང་ལོང་གི་རྒྱ་ལམ་ཀུན་ཏུ་མི་རྣམས་དལ་དལ་ལྷོད་ལྷོད་ཀྱིས་ཕར་བགྲོད་ཚུར་འོང་བྱེད་ཀྱིན་གདའ།གློ་བུར་དུ་སེམས་ལ་སྤྲོ་སྣང་ཞིག་ཐོལ་གྱིས་འཕྱུར་ཡོང་བ་ནི་དེ་རིང་་གཟའ་ཉི་མ་ཡིན་ལ་ལས་ཞུགས་ལ་འགྲོ་མི་དགོས་བ་དེ་རེད།ཡང་འདང་རྒྱག་གཞན་ཞིག་ཡོད་པ་ནི་གང་ལ་འགྲོ་དགོས་མི་ཤེས་བ་དེ་རེད།ཡིནཡང་།སྐབས་དེར་ཏག་ཏག་ཡུན་རིང་འབྲེལ་འདྲིས་མ་བྱས་པའི་གྲོགས་པོ་སྐལ་བཟང་ཡིད་ལ་ཤར་བྱུང་བས་དེ་མུར་ཡར་ལངས་ནས་ཁ་ལག་དཀྲུས་རྗེས་ཁོའི་རྩར་སོང་བ་ཡིན།                                    
  ཁོའི་སྒོ་འགྲམ་དུ་ཐོན་པ་ན་སྒོ་གཏན་མེད་པ་མཐོང་བས་གློ་བུར་དུ་ཁོ་སིང་སེ་བ་ཞིག་སྐྲག་ཏུ་འཇུག་འགྲོ་སྙམ་ནས་རྐང་འཇབ་ལག་འཇབ་ཀྱིས་ནང་ལ་འཛུལ་བ་ཡིན།འོན་ཀྱང་བདག་གི་པྲ་ཚག་གི་བྱ་སྤྱོད་དེ་ལ་མཇུག་འབྲས་གང་ཡང་མེད་པར་གྱུར་སོང་།རྒྱུ་མཚན་ནི་ཁོ་འབོལ་ཁྲིའི་སྟེང་ན་རྔུར་བ་ཡང་མོ་ཞིག་འཐེན་བཞིན་གཉིད་འདུག་ལ་ཁང་བའི་ནང་ལ་ཆང་དྲིས་ཁྱབ་ཡོད་པ་ད་བཟོད་ཚོར།         ངས་ཀྱང་ཡར་བལྟ་མར་བལྟ་བྱས་ནས་ཁོ་འདི་འདྲའི་སྔ་དྲོ་ཞིག་ལ་ར་བཟི་བའི་དོན་རྐྱེན་འདི་ལ་རྒྱུ་རྐྱེན་བཙལ་ཡང་།༼རྒྱུ་མཚན་ནི་ཁོས་རྒྱུན་དུ་ཆང་མི་འཐུང་བས་སོ༽སྒྲོག་ཙེ་ཐོག་ལ་བཞག་པའི་མྱུ་གུ་དང་ཁ་ཟུམ་མེད་པའི་འབྲི་དེབ་ཞིག་ལས་གཞན་ཅི་ཡང་མཐོང་མ་བྱུང་།ངའི་སེམས་ལ་ད་ཐེངས་ཡང་འདིས་བརྩམས་སྒྲུང་ལེགས་པོ་ཞིག་བྲིས་ཡོད་ཚོད་རེད་སྙམ་ཞོར་འབྲི་དེབ་དེའི་ཁ་ཕྱེས་པ་ཡིན།འོན་ཀྱང་།འབྲི་ཤོག་ངོས་ལ་བྲིས་ཡོད་པ་ནི་ཉིན་ཐོ་ཞིག་རེད།༼འདི་ནས་ངས་གསལ་བཤད་བྱེད་དགོས་པ་ཞིག་ལ་གྲོགས་སྐལ་བཟང་གིས་བརྩམས་ཆོས་མང་པོ་དུས་དེབ་དང་ཚགས་པར་སོགས་ལ་བཀོད་མྱོང་ལ།བྱ་དགའ་ཡང་མང་དུ་ཐོབ་མྱོང་།༽བདག་གིས་གྲོགས་སྐལ་བཟང་གི་ཆོག་མཆན་མ་བརྒྱུད་པར་ཉིན་ཐོ་དེ་གཤམ་དུ་བཀོད་པར་མཚམས་འདི་ནས་དགོངས་དག་ཞུས་པ་ཡིན།
                                    ཉིན་ཐོ།   2012ལོའི་ཟླ1བའི་ཚེས་1ཉིན།
     ཉིན་འདི་གར་ཁོ་བོ་རྒྱུན་དུ་སེམས་བདེ་བོ་ཞིག་བྱུང་མ་ཐུབ་སྟེ།གྲོགས་བཟང་བོ་བསྟན་པ་ང་ཚོའི་གཞུང་ལས་ཁང་གི་འགོ་བར་བཞག་པ་ནས་བཟུང་དོན་དག་རྣམས་ཁྱོན་ནས་ཡག་མ་སོང་།ང་ཚོས་འདེམས་ཤོག་མང་ཙམ་འཕངས་ནས་ཁོ་རང་ང་ཚོའི་འགོ་བར་བཞག་པ་ནས་བཟུང་ཁོ་ལ་ནད་རྒྱུས་མེད་ཅིག་བྱུང་སོང་།ཁོས་དོན་དག་མང་པོ་ཞིག་བརྗེད་ནས་ཅི་ཡང་དྲན་གི་མི་འདུག་།སྔོན་ཆད་གཉོམ་གཅུང་ངག་འཇམ་གྱི་ཁ་བརྡ་བྱེད་ཚུལ་དེ་བརྗེད་ནས་ལྗིད་རྗིད་དྲག་དྲག་གི་ཚིག་སྟོང་སྐོར་ཞིག་ལབ་རྒྱུ་ལོབས་འདུག་ལ།སྔོན་ཆད་གཤིས་འཇམ་རྒྱུད་བཟང་གི་རང་གཤིས་དེ་བརྗེད་ནས་ཁྱོན་ནས་ཁོང་ཁྲོ་ལངས་སླ་བ་ཞིག་ལ་འགྱུར་འདུག།ནམ་རྒྱུན་ཇ་ལྡུག་ནང་ཕྱགས་ཀྱི་གུས་སྲོལ་བཟང་བོ་དེ་ཡང་བརྗེད་ནས་ད་ལྟ་ཁོ་རང་ལ་ཇ་ལྡུག་མཁན་ཞིག་དང་ཁོ་རང་གི་ནང་ཕྱགས་མཁན་ཞིག་ལ་སྒུག་ནས་འདུགརྒྱུན་ཏུ་མཉམ་འགྲོགས་མཉམ་འདུག་བྱེད་པའི་གྲོགས་པོ་དག་བརྗེད་ནས་འགོ་བ་གར་འགྲོའི་རྗེས་ལ་ཁྱི་འདེད་འདེད་བྱེད་ཀྱིན་འདུག་སྟེ།རང་ཉིད་ནམ་རྒྱུན་༼ཆབ་སྲིད་པ་༽ཞིག་ཡིན་སྙམ་པའི་ཚོར་བ་དེ་ལ་ཡིད་ཆེས་རྣལ་མ་བྱེད་ཀྱིན་འདུག།གྲོགས་པོ་ཡིན་པའི་ཆ་ནས་ང་རང་ལས་གྲོགས་ཚོའི་མདུན་ནས་ཁ་སྐྱེངས་པོ་བྱུང་བས།ཁོ་ནད་འདི་ང་རང་གི་འགན་ཁུར་ཞིག་ཏུ་ཡང་གྱུར་སོང་།
ཁ་སང་ང་རང་སྨན་པ་ངོ་ཤེས་ཞིག་གི་མདུན་ལ་སོང་ནས་ནད་འདིའི་སྐོར་ལ་ཕན་པའི་བོད་སྨན་ཞིག་བླངས་འོངས་ལ།ཁ་སང་ཕྱི་དྲོ་ཁོ་རང་མེད་པའི་སྐབས་དང་བསྟུན་ནས་སྨན་ཏེ་ཁོའི་ཇ་ཕོར་ནང་ལ་བླུགས་པ་ཡིན།འོན་ཀྱང་ལས་མཚམས་འཇོག་ལ་ཉེ་བའི་སྐབས་ཞིག་ལ་མ་གཏོགས་ཁོ་རང་ཐོན་མ་བྱུང་།ཁོ་གཞུང་ལས་ཁང་དུ་ཐོན་པ་དང་མཉམ་དུ་མིག་ཟུར་གཡས་གཡོན་ཏུ་བསྐོར་ནས་ང་ཚོས་བྱ་བ་སྒྲུབ་པའི་རྣམ་འགྱུར་ལ་བལྟ་ཙམ་བྱས་རྗེས་ཁོ་རང་གི་འདུག་སར་ཙོག་་བྱུང་།རྒྱུན་ཏུ་བསྟན་པར་ཇ་ལྡུག་རྒྱུར་མི་དགའ་བའི་ང་རང་མྱུར་མོར་ཁོའི་གམ་ལ་བཅར་ནས་སྨན་གྱི་ནང་ལ་ཆུ་འཁོལ་བླུགས་ནས་ཁོར་དྲངས་པ་ཡིན་ལ་ཇ་དྲངས་ཚར་རྗེས་ཕྱིར་ལོག་ནས་དོན་ཅི་འབྱུང་ལ་སྒུག་ནས་བསྡད།ཡུད་ཅམ་འགོར་རྗེས་ཁོས་ང་རང་བོས་བྱུང་།ངས་སེམས་སུ༼་ད་འགྲིག་སོང་།སྨན་ནུས་ཐོན་སོང་།༽སྙམ་ཤོར་ཁོའི་མདུན་དུ་སོང་བ་ན།ཁོས་མིག་འཇུར་ནས་ང་ལ་ཡུད་ཙམ་བལྟས་རྗེས།༼སྐལ་བཟང་ཁྱོད་དང་ངེད་གཉིས་གྲོགས་པོ་རེད།འོན་ཀྱང་ཁྱོད་ནི་ང་རྒྱལ་ཏག་ཏག་གིས་ཁེངས་བའི་དབུགས་ལྒང་ནང་བཞིན་གཞུང་ལས་ཁང་གི་ནང་ན་འཕུར་གྱིན་འདུགང་ལ་མཁོ་བ་ནི་བདག་ལ་བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་པའི་ལས་མི་ཡིན།འཇོན་ཐང་ཆེ་བའི་མི་ད་ལྟའི་དུས་འདི་ལ་གང་སར་བཙལ་ཡང་རྙེད་ཐུབ།ཨེ་རེད།དེ་མ་རེད་འདོད་ན་ཁྱོད་ཀྱིས་སྒྲོག་ཙེ་ཐོག་གི་དངོས་པོ་ཙག་ཙིག་བསྡུ་བསོག་བྱས་ནས་ཡུལ་ལ་བུད་སོང་ན་ཆོག༽ཟེར།བདག་གི་སེམས་སུ་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་སྐྱེས་པ་དང་མཉམ་དུ་ལས་མཚམས་འཇོག་པའི་བརྡ་བཏང་བྱུང་།
  ང་རང་ཐོག་ཁང་ལས་མར་འབབ་ཞོར་ཏུ་སྨན་པ་དེ་ལ་ཡང་བསྐྱར་ཁ་པར་ཞིག་བཏང་ནས་༼ཁྱེད་ཀྱིས་སྨན་བྱིན་པ་ནོར་འདུག༽ཞེས་བཤད་པ་ན།སྨན་པས་༼སྨན་བྱིན་པ་ནོར་མེད།ནད་པ་ནོར་འདུགཡིན་རྒྱུ་ནི་སྨན་འདིའི་རིགས་འདི་ནད་པ་ལྕི་མོས་འཐུང་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་འགྲོདཀོན་མཆོག་གསུམ་པོ།དཀོན་མཆོག་གི་ཐུགས་རྗེའི་དྲིན་ལ་བདག་གིས་ང་ཚོའི་ས་ཆ་འདིར་ནད་པ་འདི་འདྲའི་ལྗིད་མོ་ཞིག་མེད་སྙམ་གི་ཡོད༽ཞེས་བཤད་བྱུང་།ངས་བལྟས་ན་ཡང་ཁོ་ལ་བྱུང་ཡོད་པ་ནི་ང་ཚོར་ཡོད་མྱོང་བའི་ནད་ཅིག་གཏན་ནས་མ་རེད།
  ངས་ཉིན་ཐོ་འདི་ལ་བལྟ་ཞོར་ཁོས་མཐུང་མ་ཚར་བའི་ཆང་རག་དེ་ལ་ཧུབ་ཞིག་མི་བྱེད་རང་བྱེད་དུ་གྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཐོ།

2011-12-28 རྒྱལ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།