སྤྲུལ་སྐུ་གཏོར་འཛིན་སྙན་གྲགས་ཀྱི་བྱས་པ།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-05

  ཐེངས་འདིར་སྤྲུལ་སྐུ་གཏོར་འཛིན་སྙན་གྲགས་མཆོག་ཁམས་ཀྱི་འབྲོག་ཁུལ་ཞིག་ཏུ་ཕེབས་ཏེ།འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ཚུལ་གྱི་དབང་ལུང་མན་ངག་གི་སྐོར་ཉིན་བདུན་ལ་རྒྱས་པར་གསུངས་པས།དབང་གྲོལ་རྗེས་ཀྱི་ཕྱི་ཉིན་ཨ་ཁུ་ནག་རྡོར་ཚང་གི་མནའ་མ་སྒྲོན་ཁོ་འཁོར་བ་ལ་ངེས་འབྱུང་དང་དམ་པའི་ཆས་ལ་འཇུག་འདོད་ཀྱི་ཀུན་སློང་ཞིག་གློ་རྡེག་ཏུ་འཕྱུར་བས་ཁྱོ་ག་དང་ཡབ་ཡུམ་གང་ལའང་མ་དྲིས་མ་བཤད་པར་མཇལ་བ་བཙུན་མ་ཞིག་དང་མཉམ་དུ་ཅོ་ནེ་དགོན་དུ་ཕྱིར་འཁོར་མེད་པར་ཤ་ལེར་བཞུད།
   ཉིན་འགའ་འགོར་སོང་།ཁྱིམ་མི་གང་བོས་སྙིང་རླུང་སྟོད་ལ་འཚང་སྟེ་ཉེ་འཁོར་གྱི་ཡུལ་ཕྱི་ནང་གཉིས་ཀ་བཙལ་ཡང་ངལ་བ་འབྲེལ་མེད་དུ་གྱུར་ལ།བུ་ཕྲུག་ཆུང་བ་བོ་མཛེས་སེ་བཙས་ནས་ཟླ་ངོ་ལྔ་ཙམ་ལས་འགོར་མེད་པས་ཨ་མའི་ནུ་ཞོ་དང་དྲོད་ཁོལ་ལ་རེ་སྙེགས་ཀྱིས་གཟིར་ཏེ་ཉིན་མཚན་མེད་པར་ངུ་འབོད་རྣར་གཟན་པ་རེ་བྱེད་ཀྱིན་འདུག
  ཨ་ཁུ་ནག་རྡོར་གྱིས་ནངས་སྔ་མོའི་ཁ་བཏོན་དགེ་སྦྱོར་བྱེད་དགོས་པའང་གཞི་ནས་བརྗེད་དེ་ཨ་ཞང་ཚང་ལ་རྒྱུགས།ཨ་ཞང་གིས་དོན་ཅི་ཞིག་བྱུང་སོང་སྙམ་སྟེ“ཁྱོད་མ་འཚབ་དམ།འདི་ནས་ཙོག་དང་ཡུན་གྱིས་ཁ་བརྡ་བྱ”ཞེས་སྒྱུ་གདན་ཁྲ་རིལ་མའི་སྟེང་ལ་བཙོག་ཏུ་བཅུག་པ་ན།ཁོའི་བུ་མོ་དགའ་སྐྱིད་མས་འོ་ཇ་དཀར་ཡོལ་གང་ནག་རྡོར་ལ་གཏད་དེ་ཨ་པ་ནག་རུས(ངོ་གདོང་སོལ་བ་ལྟར་ནག་པས་ཀུན་གྱིས་ནག་རྡོར་ཞེས་ཟེར)“འདེ—ཇ་འཐུང”ཞེས་གུས་ཉམས་ཀྱིས་དེ་སྐད་བཤད།ཁོས་དཀར་ཡོལ་འབྲུག་རུས་མ་ལེན་ཞོར་ས་རུ་བཞག།རང་ཉིད་ཀྱི་དབུགས་རླུང་འཚུབ་པ་དང་ངག་མི་འཁྲོལ་བ་ཤེས་ནས་ཕར་འགུལ་ཚུར་འགུལ་དང་གྲེ་བ་ཞིག་བསལ་ཏེ“ཡ—ཨ་ཞང་དོན་དག་ཆེན་པོ་ཞིག་བྱུང་ཡོད་ཀི།སྤྱིར་ཡིན་ན་ཁྱེད་ཚང་ལ་བརྡ་རྒྱག་དགོས་དོན་མེད་མོད།འོན་ཀྱང་མནའ་མ་སྒྲོན་ཁོ་འདི།དཀར་ནག་གི་དབྱེ་བ་འབྱེད་མཁན་དང་ཐག་ནག་གི་མདུད་པ་འགྲོལ་མཁན་ཞིག་ཡིན་པ།ང་རྒ་པོས་མ་བཤད་ཀྱང་རུ་སྡེ་ཀུན་གྱིས་ལོས་ཤེས་གཟེ་ནོ།འོན་ཀྱང་སྤྲུལ་སྐུ་རིན་པོ་ཆེ་ཚང་གི་དབང་གྲོལ་རྗེས་ཀྱི་ཕྱི་ཉིན་ནས་བཟུང་ཆོས་སྒྲོན་རིག་རྒྱུ་མེད་པས།ད་བར་དུ་བཙལ་ཡང་རྙེད་རྒྱུ་མ་བྱུང་།ད་ཅི་བྱ”ཞེས་ངོ་གདོང་སྐྱ་ཐལ་ཐལ་གྱི་ངང་ནས་དེ་ལྟར་རྒྱུ་མཚན་ངོ་སྤྲོད་ཅིག་བརྒྱབས་པས་ན།ཨ་ཞང་དར་རྒྱས་ཐབ་འགྲམ་ནས་ཏོག་སེ་ལངས་ཏེ“ནག་རྡོར་ཁྱོད་ངར་བ་རེད།ཁྱོད་ཕ་བུ་གཉིས་ཀྱིས་ངའི་ཞི་མོ(ཨ་མདོའི་ཁ་སྐད་དུ་བུ་མོའི་མིང་ལ་ཟེར)སྡུག་ལས་མནར་གཅོད་བྱས་ཏེ་ལྟག་གར་དེད་པ་ཡིན་ནི་རེད།དེ་མིན་ན …དེ་མིན་ན”ཞེས་ཚིག་སྣེ་ཕུད་མ་ཐུབ་པར་ངག་འདར་ཞིང་ཡན་ལག་སྤྲིད་དེ་དབང་མེད་དུ་བརྒྱལ།
  མནའ་མ་སྒྲོན་ཁོའི་མགོ་བོ་རིལ་རིལ་ཞིག་དང་ལུས་པོ་དམར་དམར་ཞིག་ཏུ་བཏང་ཡོད་ན་ཡང་སྔར་བས་ཀྱང་ཡོད་ཚད་བདེ་སྣང་དང་རྒྱུན་ལོབས་ཀྱི་སྣང་བ་ཞིག་གིས་ཅོ་ནེ་དགོན་གྱི་ཆོས་གྲལ་དུ་བློ་བདེ་བག་ཕེབས་ཀྱིས་ཁ་བཏོན་དགེ་སྦྱོར་གྱི་དབྱིངས་སུ་འཐིམས།་ཕ་མ་དང་ཕུ་ནུ་མིང་སྲིང་།ཁྱོ་ག་བཅས་ཀྱི་སེམས་ཁུར་དང་དཀའ་ཚེགས།ལྷག་པར་ཤ་ལས་མཆེད་པའི་ཁྱེའུ་གཉིས་ཀྱི་ངོ་གདོང་དང་ངུ་འབོད་སོགས་སེམས་སུ་གཅིག་ཀྱང་མི་འཆར་བར་བལྟས་ན་ལྷ་སྒྲུང་ནང་གི་ཨ་ཁུའི་ཟླ་བའི་བརྗེད་ཆུ(忘水)འཐུང་སོང་ལོས་ཡིན་འདོད་བྱུང་།
  ནག་རྡོར་ཕྱིར་རང་ཁྱིམ་དུ་རྒྱུགས་ཡོང་སྟེ“ཨ་རོ།ཞི་ལི།དེ་རིང་ཁྱོད་ཡུལ་ལུང་སྡེ་བར་འཚོལ་དུ་སོང་དང་།སྒྲོན་ཁོའི་ཆུང་དུས་ཀྱི་རྩེད་གྲོགས་ཤིག་ས་དེ་གར་གནས་ཁྱིམ་བཟུང་ཡོད་ཟེར།ཕྲིག་ཕྲིག་མེད་ན་དེ་ག་ན་ཡོད་ན་ཐང”ཞེས་བཤད་ཞོར་རྐང་གྱི་གོ་ལྷམ་དེ་གོ་ལྷམ་གཞན་ཞིག་ལ་བརྗེས་ཏེ“ང་དམར་ཐང་ཕྱོགས་སུ་འགྲོ་རྒྱུ་ཡིན”ཞེས་ཟེར་ཞོར་འཕྲུལ་རྟའི་རྒྱབ་ཏུ་བཅིབས་ཏེ་མ་གའི་ལུང་མདོར་སྐར་མདའ་ལྟར་མཆེད།
  ཉི་འོད་ལྷས་དཀྱིལ་དུ་འཕྲོས་ཤིང་སྤང་ཐང་གི་ནེམ་ཤས་མིའི་ཡིད་དབང་ལ་སྤྲོ་སྣང་གསར་བ་ཞིག་སྟེར་ངེས་མོད།ཨ་མ་ཆོས་སྒྲོན་གྱིས་ནོར་ཡང་མ་བཞོས་པར་འུ་ཐུག་གི་ཉམས་ལས་ལྷ་བསང་གཏོང་ཞོར་དུ་དཀོན་མཆོག་གསུམ་པོ།ངའི་མནའ་མ་ལ་བར་ཆད་མེད་པར་སྨོན་ཞེས་སྐྱབས་འཇུག་སྙིང་ནས་ཞུ་བཞིན་པའི་སྐབས་དེར་སྦྲ་ནང་གི་བྱིས་པས་ངུ་འབོད་དང་ལྷས་འདབས་ཀྱི་ལུག་གིས་འབ་ལྡུར་བྱས་པ་སོགས་དུས་གཅིག་ཏུ་བྱུང་བས་ཨ་མ་ཆོས་སྒྲོན་གང་ལའང་འཁོར་དགོས་པར་མ་ཤེས་པར་མགོ་པོ་འཐོམས་ནས་འདུག
  བལྟས་བལྟས་རིག་རིག་ལ་ཟླ་ངོ་གཅིག་འགོར་སོང་།ཡུལ་ཕྱི་ནང་གཉིས་ཀ་ན་འདྲ་མིན་གྱི་སྐད་ཆ་འཆད་བཞིན་འདུག་སྟེ།“གན་ཚང་གི་མནའ་མ་གདོན་གྱིས་བཟུང་བ་ཡིན་རྒྱུ་རེད།དེ་འདྲ་མིན་ན་གློ་བུར་དུ་མི་སྣང་བར་གྱུར་དོན་མེད”ཅེས་ཕྱི་ཚུལ་གྱི་རྣམ་པའི་སྟེང་ནས་འགྲེལ་རྒྱག་པ་ཡོད་ལ།ཡང་ལ་ལས“མནའ་མ་དེ་སྔོན་ནས་བཟུང་བྱམས་དང་སྙིང་རྗེ།ཁ་བཏོན་དགེ་སྦྱོར་ལ་དགའ་བས་ཐེངས་འདིའི་སྤྲུལ་སྐུ་རིན་པོ་ཆེ་ཚང་གི་ཤུགས་རྐྱེན་གྱིས་དབེན་གནས་ཤིག་ལ་འགྲིམས་སོང་བ་ཨེ་ཡིན་ན།གལ་ཏེ་ཡིན་ན་མ་མཐའ་ཡང་བྱིས་པ་གཉིས་ཀར་འདང་བརྒྱབ་ན་འགྲིག་ག”ཞེས་སེམས་ཁུར་གྱི་ཁྲོད་ནས་བུད་པའི་བརྟག་དཔྱད་ཀྱི་སྐད་ཆ་ཡང་ཡོད།ཡང་ལ་ལས“ནག་རྡོར་ཟེར་བ་དེའི་ངོ་གདོང་ནག་པོ་ཡིན་ཚུལ་ལ་བལྟས་ན་སེམས་ཀྱང་ནག་པོ་ཞིག་ཡིན་རྒྱུ་རེད།དེའི་རྒྱུ་མཚན་གྱིས་མནའ་མ་ལ་མནར་གཅོད་བཏང་བ་ཡིན་ནི་རེད”ཅེས་ཀུ་རེ་དང་འདྲ་བའི་སྐད་ཆ་སོགས་ཀྱིས་འཁྱོམས་ར་སྡེ་བའི་ཕྱི་ནང་གཉིས་སུ་འཁྱོམས་འགུལ་བྱེད་བཞིན་མཆིས།ལུག་རྫི་ལ་ལས་ཀྱང་།ཆུང་བྱིས་པ་འབོར་རྒྱུ་ཡོད་ཀྱང་།།ཁྱིམ་ཆུང་མ་འབོར་རྒྱུ་ཡོད་ནོ།།དུས་དེ་རིང་མ་གཏོགས་མ་ཤེས།།གླུ་སྐྱོ་བ་འདི་ལྟར་ཤོར་སོང་།།ཞེས་རི་ཀླུང་ཀུན་ན་ངག་ཏུ་དྲངས་ནས་མཁའ་རུ་གྱེར་བཞིན་འདུག
  གོང་གི་སྐད་ཆ་དེ་དག་ཨ་ཞང་ཚང་གི་སེམས་རྩར་འཁེལ་བ་ལོས་ཡིན།ད་ནངས་ཤིག་ནས་བུ་གསུམ་པོ་ཁྲིད་དེ་ནག་རྡོར་ཚང་དུ་ཤུགས་ཀྱིས་ཡོང་ཚུལ་ལ་བལྟས་ན།ད་ཐེངས་ནག་རྡོར་རྒ་པོ་དེ་ཐར་ས་ཞིག་ཆེ་ཡོད་འདོད་པས།དངོས་གནས་དོན་དག་ཅིག་ཨེ་བྱུང་བསམ་ནས་རང་དབང་མེད་པར་སེམས་ཁུར་ཞིག་ཀྱང་ངང་གིས་སྐྱེས།
  ནོར་ལུག་རྣམས་ཤར་རིའི་ངོས་སུ་བསྐོར་ཏེ་ཨ་མ་ཆོས་སྒྲོན་གྱིས་བྱིས་པ་གཉིས་ལ་ཉོག་ག་བྱིན་མེད་པས་དྲང་ཤ་ལེར་སྦྲ་ཕྱོགས་སུ་སྙེགས་ཀིན་པའི་དུས་དེར།གཡས་ཕྱོགས་ཀྱི་སྤང་འདབས་སུ་སྐྱེས་པ་བཞི་ལོས་ཡིན་སྙམ་པའི་གྲིབ་གཟུགས་དེ་དག་འཚབ་འཚུབ་ཀྱིས་འཕག་ཚུལ་ལས་ཨ་མ་ཆོས་སྒྲོན་གྱི་ཡིད་སེམས་སྔར་བས་ཀྱང་འཚུབ་ཆ་ཞིག་ལངས་ཏེ་མགྱོགས་མྱུར་གྱིས་གོམ་ཁ་བསྒྱུར།ཐབ་མདོ་ན་བསྲོས་ཡོད་པའི་ཉོག་གའི་ལྕགས་དཀར་ལག་ཕྱིས་ཤིག་ལ་སྦྱིབས་ཏེ་བྱིས་པ་གཉིས་ལ་ལྡད་ལྡད་ཀྱིས་སྟེར་བར་རྩོམ་དུས།སྒོ་ཁྱིས་ལྕགས་ཐག་ལོས་གཅོད་འདོད་པའི་ཟུག་སྐད་བཙན་པོས་ལྷིང་འཇགས་ཀྱི་སྔ་དྲོ་གཞི་ནས་དཀྲོགས།
  “ཨ—ནག་རྡོར།ནག་རྡོར།ཁྱོད་ད་ལྟག་གར་བུད།ཁྱོས་ངའི་ཞི་མོ་མ་སྤྲོད་དྲ།ངས་ཁྱོད་རང་ང་བསྐྱུར་གི་ཨེ་ལྟོས”ཞེས་སྒོ་ཁྱིའི་ཟུག་སྐད་དང་བསྡེབས་ནས་རྣ་ལམ་དུ་བྲག་ཅ་བཞིན་འཁོར་འོངས།ཨ་མ་ཆོས་སྒྲོན་གྱིས་ཨ་ཞང་གི་སྐད་ཡིན་པ་ཤེས་ཏེ་ཉོག་ག་སྟེར་མཚམས་བཞག་ནས“ཨ་ཞང་།ཨ་ཞང”ཞེས་ལྟག་གར་རྒྱུགས་པ་ན།ཨ་ཞང་གིས“ཁྱོད་ཚང་གི་ནག་རྡོར་ཁྱི་རྡོར།ད་ལྟག་གར་ཤོག་གཟས”ཞེས་ཞེ་སྡང་གི་གློག་ཞགས་ངོ་གདོང་ན་འཁྱུག་གིན་འདུག།ཨ་མ་ཆོས་སྒྲོན་གྱི་ཡིད་སེམས་བློང་བློང་བར་གྱུར་ཡང“ཨ་ཞང་།ཨ་ཞང་།ནང་དུ་ཤོག་དང་བཤད”ཅེས་བཤད་པའི་མུ་ལ།མ་གིའི་ལུང་མདོ་ནས་འཕྲུལ་རྟ་ཞིག་གི་ལྡིར་སྒྲས་རྣ་གཤོག་ཀྱང་འདར་བར་བྱེད་དུ་འཇུག་པ་ཞིག་གིས་སྦྲ་འདབས་སུ་དམིགས་ཀྱིས་ཕྱོགས་ཀིན་པ་མཐོང་འཕྲལ།ཨ་ཞང་རེ་ཞིག་ལ་ཁ་རོག་གེར་བསྡད་ན་ཡང་སྒོ་ཁྱི་ཟུག་སྐད་དང་བྱིས་པ་གཉིས་ཀྱི་ཨག་ལྡིར།ད་རུང་འཕྲུལ་རྟའི་ལྡིར་སྒྲ་སོགས་ཀྱིས་འཇིག་རྟེན་སྒྲ་རླབས་འདི་དག་ལ་བརྟེན་ནས་གས་ཁ་ལོས་འབྱུང་འདོད་སོང་།
  དཀར་བོང་བོང་གི་རྩག་སྐྱ་དང་མཐོ་ལངས་ལངས་ཀྱི་ཞྭ་མོ་དེ་གཉིས་ཀྱིས་ཕ་རོལ་བ་དེའི་ངོ་གདོང་རིག་མ་ཐུབ་ཀྱང་ནག་རྡོར་ཡིན་པ་གཞི་ནས་ཤེས་སྟབས།ཨ་ཞང་གིས་ནག་རྡོར་ས་མ་བུད་གོང་ནས“ག་རེ།ངའི་ཞི་མོ་ག་རེ”ཞེས་ལག་གཡས་མདུན་དུ་བསྲིངས་ནས་གྱོད་འདྲ་འདོད་ཀྱི་རྣམ་འགྱུར་དེ་ནག་རྡོར་གྱིས་ཤེས་པས།“ཡ—ཨ་ཞང་།སྐད་ཆ་ཡོད་ན་ཡུན་གྱིས་གྲོས་བགྲོས་ཆོག།ད་ངར་མ་ལངས་དང་ཚང་མ་ནང་དུ་འགྲོ”ཞེས་བཤད་མ་ཐག།ཨ་ཞང་ཞེ་སྡང་དང་སྙིང་རླུང་འཕར་བ་ལོས་ཡིན་ཏེ།ཡང་དབང་བོ་ཤོར་ལ་ཉེ་བའི་ཚུལ་སྟོན་གྱིན་འདུག་པས་ན།བུ་ཆུང་བ་སྟོབས་ལྡན་གྱིས་ནག་རྡོར་གྱི་གཉའ་གོང་ནས་འཇུས་ཏེ་བྲང་གཞུང་ལ་ཁུ་ཚུར་འགའ་གཞུས་པས།ནག་རྡོར་གྱིས་དབུགས་ཀྱང་ལེན་དཀའ་བར་གྱུར་ཏེ་ས་དེ་ནས་ལངས་རྒྱུ་མ་བྱུང་།ཨ་མ་ཆོས་སྒྲོན་གྱིས་བྱིས་པ་གཉིས་ལ་ཉོག་ག་བྱིན་པ་ཡིན་ལས་ཆེ།ཁ་ཡི་གྲུ་ག་ལ་ཕུ་རོང་གིས་ཕྱི་བཞིན་ལྟག་གར་ཡོང་བ་ན།རང་ཉིད་ཀྱི་རྒ་པོ་ཐང་དུ་འགྱེལ་བ་མཐོང་འཕྲད“ཨ་ཞང་ལོ་ལོ་ཚང་།འདི་ལྟར་བྱེད་སྲོལ་ཞིག་གང་ན་ཡོད་ནས།མནའ་མ་མེད་སོང་བ་འདི་ངེད་གཟའ་མི་ཚོ་ལན་པ་ག་ལ་ཡིན།ཞི་ལི་ཡང་འཚོལ་དུ་སོང་ནས་ཡོང་ཡོད་ནི་མ་རེད།”ཅེས་ངུ་སྐད་དང་བསྡོངས་ནས་དེ་ལྟར་བསྙད།
  བུ་ཆེ་བ་ཆོས་དབྱིངས་དང་བཀྲ་ཁོ་གཉིས་ཀྱིས་ཨ་ཕ་དབང་བོ་ལས་སང་དུ་བཅུག་སྟེ་ཡར་འགྲེང་འདུག་པའི་སྐབས་དེར།ཆོས་སྒྲོན་གྱིས་རྒ་པོ་པང་མ་དྲུད་ཀྱིས་སྦྲ་ནང་དུ་འཁྱེར།འོག་ཐོ་ལ་སྤྲུགས་ཙམ་བྱེད་ཞོར་ལྟག་གར་ཡོང་སྟེ“མནའ་མ་སྒྲོན་ཁོ་གློ་བུར་དུ་མེད་སོང་བ་འདི།ངེད་གཟའ་མི་གསུམ་པོས་ཚིག་གཅིག་ཀྱང་བཤད་མེད་གཟེ་ནོ།ཟླ་ངོ་གཅིག་གི་རིང་དུ་ཅི་ལྟར་བཙལ་ཡང་གསོན་ཡོད་པའང་ཤི་ཡོད་པའང་རྣ་བས་མ་གོ་ཐལ།འོན་ཀྱང་ཨ་ཞང་ཚང་ཁོང་ཁྲོ་དང་འཚུབ་ཆ་མ་ལངས་དང་འགན་ཁུར་ངེད་ཚང་ལ་ཡོད་པས་རང་དགར་དུ་འཇོག་ག་ལ་སྲིད།སྐྱོན་ཡོད་ནི་ཡོད་ནི་མ་རེད།ཁྱིམ་ཚང་ཞིག་གི་མནའ་མ་དང་བྱིས་པ་གཉིས་ཀྱི་ཨ་མ་ཡིན་པས།མི་འགྱངས་པར་མོ་རང་འཁོར་རྒྱགས་ནི་རེད་འདོད་ཀི།ད་སེམས་ཁུར་མི་གནང་བར་ཕྱིར་རང་ཁྱིམ་དུ་འགྲོ་རྒྱུ་བྱོས”ཞེས་ཁོ་ཚོ་ཡི་ཁ་ཤར་དུ་བསྐོར་ཐུབ་པར་གྱུར།
  ནག་རྡོར་གྱིས་ན་ཟུག་གི་འཁུན་སྒྲ་སྒྲོག་གིན་འདུག།ནམ་ད་རུང་ལངས་མེད།
  ཨ་མ་ཆོས་སྒྲོན་གྱིས་སྐྱོན་ཆུང་ཞིག་མིན་པར་བསམ་སྟེ།རུ་མཚེས་ཚང་གི་བྱམས་སྐྱོང་ལ་སྨན་པར་སྟོན་དུ་འགྲོ་རོགས་ལ་ཞུ་བ་ཞུས་པའི་སྟེང་ནས།ཁོའི་འདྲུད་འཐེན་འཁོར་ལོ་རུ་བཞ་ནས་རྫོང་ཐོག་ཏུ་ཆས་པར་འཐད་པ་བྱུང་སྟེ་ལམ་དུ་ཞུགས།
  ཁོ་གཉིས་སོང་ཤུལ་ཏུ་ཨ་མ་ཆོས་སྒྲོན་གྱིས་ལྷ་བསང་ཆེན་པོ་ཞིག་བཏང་སྟེ་སྙིང་ནས་རེ་བའི་སྐྱབས་འཇུག་ཞུས་ནས་ཚར་མ་ཐག།བྱིས་པ་གཉིས་ཀྱི་ཨག་འབོད་དང་ནོར་ལུག་གི་འབ་ལྡིར་གྱིས་གང་དུ་ཕྱོགས་དགོས་པའང་མ་ཤེས་པར་མགོ་བོ་འཐོམས་ནས་འདུག་པའི་སྐབས་དེར།ཞི་ལི་ཡིས་སྡུག་འདོམ་པ་གང་དྲུད་ནས་ཐོན་བྱུང་།
རེ་ཐག་ཆད་པའི་ཉི་མ་རི་རྩེ་ནས་མར་ལྷུང་སོང་།
  ཨ་ཁུ་ནག་རྡོར་བརྟག་དཔྱད་བྱས་པའི་མཐའ་མར་རྩིབ་མ་གཅིག་བཅག་སྟེ་ཐོག་འོག་ཤོར་འདུག་ཟེར།བློ་བརྟན་ཡང་མྱུར་དུ་རོགས་རམ་དུ་ཡོང་དགོས་ཞེས་ངག་འཕྲིན་དེ་ད་ནངས་ནོར་ཁྱི་གཏོང་ཁ་མར་སྡེ་དཔོན་གཅོད་པ་ཡིས་དེ་ལྟར་བཤད་པས།བློ་བརྟན་ཧ་ལས་ཤིང་ཧང་སངས་པའི་སྒོ་ནས་ཨ་མ་ལ་ཅེར་ནས་འདུག།ཨ་མས་ཀྱང་གནས་ཚུལ་བཤད་དགོས་པར་བསམ་སྟེ་སྐྱོ་མདོག་དང་བཅས་ཏེ་དོན་དག་གི་བྱུང་རིམ་ཡོད་དོ་ཅོག་མ་ལུས་པར་བཤད་པས།ད་གཟོད་ངག་འཕྲིན་གྱི་ནང་དོན་གསལ་བོར་ངེས་ཏེ་གྲ་སྒྲིག་ཡོད་པའི་སྒོ་ནས་ལམ་དུ་ཞུགས།
  ས་རུབ་སོང་།ཟླ་འོད་ཅུང་ཙམ་འདུག།བྱིས་པ་གཉིས་ཀར་ཉོག་ག་བྱིན་ཚར་རྗེས་ཨ་མ་ཆོས་སྒྲོན་ད་གཟོད་ལུས་ངལ་གསོ་བའི་གོ་སྐབས་ཐོབ་ཐུབ།དོ་ནུབ་ཀྱང་དེ་འདྲ་ལས་མ་འདས་མོད།འོན་ཀྱང་སེམས་ཀྱིས་དོན་དག་ཡར་མར་དྲན་ཏེ་སྨྱོ་ལ་ཁད་བྱེད་པའི་དུས་སུ།གློ་བུར་དུ་སྒོ་ཁྱི་ཟུག་བྱུང་།ཨ་མ་ཆོས་སྒྲོན་གྱིས་ལྟོ་བླུད་པ་ཨེ་ཡིན་ནམ་སྙམ་སྟེ་མལ་ས་ནས་ཡུན་གྱིས་ལངས་ཏེ་ཁྱི་ལྟོ་ལྡུད་དུ་ཕྱིན།ཁ་ཕྱིར་འཁོར་ནས་གོམ་གསུམ་སྤོས་མ་ཐག།སྒོ་ཁྱི་ཡང་ཟུག་བྱུང་།སྤྱིར་ཡིན་ན་ཁྱི་ལྟོ་བླུད་རྗེས་མི་གཞན་པ་སོགས་མེད་ན་ཟུག་དགོས་དོན་མེད་སྙམ་ནས་དོགས་པ་ཞིག་དང་དངངས་སྐྲག་ཅིག་གིས་ཁ་ཕྱིར་འཁོར་ཏེ་བལྟས་པ་ན།མགོ་ན་སྤུ་མེད་ཅིང་ལུས་ཡོངས་ཁྲག་གིས་གཡོགས་པའི་མི་མ་ཡིན་པ་ཞིག་མཐོང་འཕྲལ།ཨ་མ་ཆོས་སྒྲོན་གྱི་རྩ་རྒྱུས་དང་གློ་སྙིང་རེ་ཞིག་ཤང་བར་གྱུར།དངངས་འཚུབ་ཀྱི་ཞིབ་བལྟ་ལས་བསམ་བློ་ཞིག་བཏང་བས་ན།དེ་ནི་རང་ཚང་གི་མནའ་མ་སྒྲོན་ཁོ་ཡིན་པ་ངང་གིས་ཤེས།འོན་ཀྱང་དངངས་འཚུབ་ཀྱི་དགའ་བ་ཞིག་ལས་ལག་མགོར་འཇུ་འདོད་ཀྱང་།དེ་ཉིད་ཀྱི་གཤིས་གཟུགས་ཇེ་སྲབ་ཏུ་སོང་ནས་མི་སྣང་བར་གྱུར་སོང་བས་ན།ཨ་མ་ཆོས་སྒྲོན་གྱིས་ཨག་རིང་ཞིག་ཤོར་བས་ལྷིང་འཇགས་ཀྱི་མཚན་མོ་གཉིད་ལས་དཀྲོགས།
   བྱིས་པ་ངུ་བཞིན་འདུག།ཨ་མ་ཆོས་སྒྲོན་གྱིས“སྤྲུལ་སྐུ་རིན་པོ་ཆེ།སྤྲུལ་སྐུ་རིན་པོ་ཆེ”ཞེས་སྐྱབས་འཇུག་མྱུར་མོ་ཞིག་ཞུ་བཞིན་པའི་སྐབས་དེར།ཟླ་འོད་ཉག་ཕྲ་དེ་ཡང་མི་སྣང་བར་གྱུར་བས་དངོས་གནས་འཇུགས་སུ་རུང་བ་ཞིག་རེད།
                                   2011.11.30ཉིན་ལ་རྐང་ཐང་བས་ལན་གྲུ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲུལ་སྐུ་གཏོར་འཛིན་སྙན་གྲགས་ཀྱི་བྱས་པ།

2011-12-05 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།