མ་ཎི་འཁོར་ལོ།

         དང་པོ།
   ཁུལ་ཐོག་སྨན་ཁང་ཆེན་མོའི་ནད་ཁང་504རུ་རྒན་པོ་གཡང་བྷ་ནད་ཀྱིས་གཟིར་ནས་བཟོད་གླགས་མེད་པའི་ན་ཟུག་ཅིག་མྱོང་བཞིན་ཡོད་ནའང་རབ་རིབ་ཏུ་གྱུར་བའི་མིག་ཟུང་གིས་སྔས་འགྲམ་ན་བཞག་པའི་མ་ནྀ་ལག་འཁོར་དེར་ཅེར་འདུག     མ་ནྀ་ལག་འཁོར་དེའི་ཀླད་ན་དངུལ་གྱིས་གསེར་ཏོག་དང་།  འགྲམ་པར་ཕྲ་མེན་གྱི་གཞི་ལ་དངུལ་གྱི་ཡིག་དྲུག་གི་ལནྫ་ཤན་འདུག་པ།    ད་དུང་ཙན་དན་གྱི་ཡུ་བའི་སྣེ་གཉིས་སུ་དངུལ་གྱིས་བརྒྱན་ཡོད་པས་སུ་ཞིག་གིས་མཐོང་ན་ཡང་དད་པ་དང་སྨོན་པ་ཅིག་ཅར་མི་འཆོར་མཁན་ཡོད་མི་སྲིད།    ཨ་ཁུ་གཡང་བྷའི་སྙིང་ཁོངས་ན་མ་ནྀ་ལག་འཁོར་དེར་བྱིན་རླབས་དང་རིན་ཐང་གཞན་ཞིག་མངའ།
                  གཉིས་པ།
  “མའོ་ཙེ་ཏུང་ཁྲི་ལོར་ཤོག”
 “ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་ཤོག”
   སྟག་ལུང་ཚོ་བའི་ཡར་ཐོན་པ་ལ་བརྩོན་བཞིན་པའི་མི་ཚོགས་ཤིག་བཀྲ་ལོ་མདོ་མེད་ཀྱི་རྗེས་འབྲངས་ནས་ཁ་གཡང་དེ་སྐད་མཐོན་པོར་སྒྲོག་བཞིན་འབྱོར་ལྡན་དང་འབྱོར་མེད་ཀྱི་ཁྱིམ་ཚང་གང་ཞིག་ཡིན་རུང་ཁྱིམ་དུད་རེ་རེ་དེད་ནས་ཆོས་དཔེ་དང་མ་ནྀ་འཁོར་ལོ་སོགས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་དངོས་པོ་མཐའ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་གཞུང་བཞེས་བྱེད་བཞིན་ཡོད       ཁང་ཀླད་ན་དུ་བ་མེད་པའི་མི་ཁྱིམ་རྙིང་བ་ཞིག་ན་བསོད་ཁོས་རང་གི་བུ་ལ་ཧ་ཅང་ནན་ཏན་གྱིས་ “གཡང་བྷ   ད་ཁྱོད་མི་ཆེ་ན་མི་ཆུང་ཀི    ཡིད་ལ་ཟུངས  འུ་ཚང་འབྱོར་མེད་གྲལ་རིམ་ཡིན་པས་རྒྱུ་ནོར་སོགས་གཞུང་བཞེས་བྱ་རྒྱུ་གང་ཡང་མེད་རུང་།  འུ་ཚང་གི་མ་ནྀ་ལག་འཁོར་དེ་སྡེ་བའི་ལྟག་རྒྱབ་ཀྱི་འུག་པའི་སླང་ངར་(འུག་པའི་སླང་ང་ནི་བྲག་ཕུག་ཅིག་གི་མིང་ཡིན)བཅུག་ཡོད”དངན་པ་རིང་བོ་ཞིག་འཐེན་བཞིན་མུ་མཐུད་དུ་ “གལ་སྲིད་མ་ནྀ་ལག་འཁོར་མ་སྤྲད་པ་ཤེས་སོང་ན།   སྐྱོན་ཚང་མ་ངའི་སྟེང་ལ་འགེལ་ཅི་ཐུབ་བྱེད་བྱ་དགོས།     ངེས་པར་དུ་དེ་ལྟར་བྱེད་དགོས” “མ་ནྀ་དེ་འདྲའི་གལ་ཆེན་ཞིག་ཡིན་ནམ་” “ཨིན     མ་ནྀ་གཞུང་བཞེས་བྱེད་དུ་འཇུག་མི་ཉན་པར་མ་ཟད་ཁྱོད་ལ་ཡང་བདེ་འཚམ་ཡིན་དགོས” “ཨ་ཕ་ཁྱོད་ཀྱིས་འདི་ལྟར་བྱེད་དོན་ཅི།    རྒྱུ་རྗེས་སུ་བཙལ་ན་ཆོག    འོན་ཀྱང་” རྒན་པོ་བསོད་ཁོའི་བཞིན་ལ་ཁྲོ་གཉེར་ཞིག་བསྡུས་ནས་“དེ་རྒྱུའི་དོན་དུ་གཏན་ནས་མིན” “ཡིན་ཡང་།       མ་ནྀ་དེ་ཚོ་བའི་ནང་མི་ཤེས་མཁན་གཅིག་ཀྱང་མེད་པས་་་་་་” “དེ་བས་ངས་ཁྱོད་ལ་འདི་ལྟར་བཤད་པ་ཡིན      ད་དུང་མདོ་མེད་ཕ་བུ་གཉིས་དང་ཁ་མཐུན་རུང་ཁོག་མི་མཐུན་པས།   ཐབས་གཞན་ཞིག་མེད   ” ཡ་ཆོག་ཀི    ངས་ཁྱོད་ལ་སྔོན་ཆད་སྟག་ལུང་བ་ཚོ་བ་ནས་བྱུང་བའི་གཏམ་རྒྱུད་ཞིག་བཤད  “ལོ་ཞིག་གི་དབྱར་ཁར་སྟག་ལུང་ཚོ་བའི་རྟ་ཁྱུ་ཇག་པས་དེད་སོང་བས་སྐྱེས་པ་རྣམས་ར་མདར་རྒྱུགས།   ཇག་པ་ཚོས་རྟ་ཁྱུ་དེད་ནས་སྲེག་ལུང་ཉག་ག་བརྒྱུད་རྗེས།    སྐྱ་མི་ཞིག་གིས་རྟ་ཁ་ཕྱིར་དཀྱུས་ནས་ཕྲག་མགོའི་མེ་མདའ་བླངས་ནས་ར་མདའ་ཚོའི་སྔུན་འགོག་ཆེད་ཐེངས་འགར་བརྒྱབ་རྗེས་སྟབས་མ་ལེགས་པ་ཞིག་ལ་ངའི་ཕུ་བོ་སྟོབས་རྒྱལ་གྱི་བུའི་སྙིང་ལ་ཕོག་པས་རྟ་ཐོག་ནས་འགྱེལ།    སྐབས་དེར་ང་ལ་ཞེ་སྡང་གནོན་ཐབས་མེད་པ་ཞིག་སྐྱེ་ནས་བཀྲ་ཤིས་ལྷུན་པོའི་མཐའ་བསྐོར་ནས་རྒྱུགས།   རྟ་རྐྱང་དམར་ནི་ངའི་རྒྱུགས་རྟ་ཡིན་པས་ཐེངས་དེར་ངོ་མ་རྟ་ཕོ་ཆས་ཀྱི་གསོས་པར་དྲིན་ལན་མྱུར་ཚད་ཀྱིས་གཞལ་བ་ལོས་ཡིན།   མེ་མདའ་རྒྱག་མཁན་གྱི་མི་དེ་ལུང་ཁོག་ཐུར་དེད་ནས་འགྲོ་བཞིན་འདུག་པས་ངེས་གཉིས་ཀྱི་བར་ན་གད་པ་དམའ་མོ་ཞིག་མ་གཏོགས་མེད་པས    ངས་ཇ་ཤིང་མགོ་ལ་བསྐོར་ཐེངས་གཅིག་གིས་འཕང་བ་ན་མི་དེའི་རྒྱབ་གཞུང་ལ་ཕོག་པས་རྟ་ཐོག་ནས་འགྱེལ     མྱུར་དུ་གམ་ལ་བཅར་ནས་གློ་གྲི་སྐེ་ལ་ཚད་ནས་གདོང་ཁེབ་བཤུས་རྗེས་དེ་ནི་མནའ་བཅད་དབང་ལོ་རེད།    ཁོའི་རུམ་ན་སོག་རུས་དཀར་སེང་ངེ་བ་ཞིག་འདུག   སྐབས་དེར་ངས་གོ་བ་གསལ་བོ་ཞིག་མ་ལོན་རུང་རྗེས་སུ་ངེད་གཉིས་འཕྲད་རྗེས་སོག་མོ་འདེབས་རྩིས་ཡིན་ལ། སོག་རུས་ཟིལ་བར་དྲུད་ན་དེའི་སྟེང་ལ་རི་མོ་ཞིག་འབབ་སྲིད་པས་དེ་ལ་བརྟག་དགོས་ཟེར།    ངས་ལག་གི་གློ་གྲི་ཕར་གཡུག་ནས་ཁོ་སྤྲུག་སྤྲུག་འགའ་བྱས་རྗེས།   ‘དབང་ལོ    ང་བསོད་བྷ་ཡིན།  ད་ཅི་ཁྱོད་ཀྱི་མེ་མདའི་ཁ་ནས་འགྱེལ་བའི་གསར་བུ་དེ་ངའི་ཚ་བོ་རེད།  ཡིན་ཡང་འུ་གཉིས་ཚེ་ཐོག་འདིར་མནའ་བཅད་ཡིན་པས་་་་་’ཞེས་འུ་ཐུག་པའི་ངང་ང་རང་གི་རྟ་རྐྱང་དམར་ལ་བསྐྱོན་ནས་ཁོ་འགྲོ་རུ་བཅུག   དབང་ལོ་དང་ངེད་གཉིས་ལག་པའི་ནང་ལ་ལག་པ་བཞག་ནས་མནའ་ཡིས་བཅད་པའི་ལོ་མང་རིང་གི་གྲོགས་པོ་ཡིན།  སྔོན་ཆད་ཇག་ལ་འགྲོ་བཞིན་པའི་དུས་སུ་ངོ་ཤེས་པ་ཡིན།  རྗེས་སུ་མཉམ་དུ་ཇག་ལ་ཐེངས་འགར་སོང་མྱོང་།”གཡང་བྷས་མིག་གཉིས་མིག་ཟུང་བསྡེབས་ཙམ་ཡང་མ་བྱས་པར་ཨ་ཕའི་ཅི་བཤད་ལ་ཉན་ཡོད      ཁོས་མུ་མཐུད་དུ་མ་ནྀ་ལག་འཁོར་དང་འབྲེལ་ཡོད་ཀྱི་དོན་ཅི་ཞིག་གོ་བར་བསྒུགས་འདུག
   “ཡ་་་་ད་ཨ་ཁུ་བསོད་ཁོ་ཚང་ལ་གཙང་བཤེར་བྱེད་དུ་འགྲོ”  དེ་ནི་བཀྲ་ལོ་མདོ་མེད་ཀྱི་སྐད་རེད།  ཉིན་འདི་དག་གི་རིང་སྡེ་མི་ཚང་མར་གོ་ལོབས་སུ་སོང་ཡོད་པའི་སྐད་ཡང་རེད།   “ཡ་    ཨ་ཁུ་བསོད་ཁོ།  འུ་ཅག་ལྷ་འདྲེ་གདོན་བགེགས་ཀྱི་མགོ་བསྐོར་མགོ་གཡོག་ལས་ཐར་ཆེད།  ང་ཚོ་ལྷ་ཆ་མཆོད་ཆ་གཞུང་གཞེས་བྱེད་དུ་ཡོང་བ་ཡིན།” “ཉིན་འགའི་སྔོན་ལ་གཙང་བཤེར་བྱས་སོང་བ་མིན་ནམ”  བཀྲ་ལོ་མདོ་མེད་ཨ་ཁུ་བསོད་ཁོའི་གཏམ་ལན་ལ་མ་འཐད་པའི་ཉམས་ཤིག་བཏོད་ནས“ཡིན་ཡང      ལོ་ན་ག་ཙམ་ཆེ་ན་རྙིང་ཞེན་དེ་ལྟར་ཡིན་པས།    འདི་ལྟར་གཙང་བཤེར་མི་བྱེད་ཐབས་མེད་རེད་ཡ”     རིག་འཛིན་ཁྱ་ཁས་ཡང་གཞོགས་འདེགས་ཀྱི་ཚུལ་དུ“རེད་ཡ    སུ་ཞིག་གིས་རྙིང་ཞེན་གྱི་ཐག་པ་གཅོད་མ་ཐུབ་པ་ཡིན་དེ་ནི་མི་དམངས་དང་རྒྱལ་ཁབ་ཀྱི་དགྲ་བོ་རེད།”     ཞེས་གོ་རྒྱུ་ཅན་གྱི་གཏམ་བཤད་ཡང་ཨ་ཁུ་ཅི་བསོད་ཁོ་མི་སྙམ་པར་ཡོད་པས།    རིག་འཛིན་ཁྱ་ཁ་ཁྲོས་པའི་ཉམས་དང་བཅས“ཡ་     རྒན་པོ་བསོད་ཁོ    ཁྱི་ཁ་དཀྱུས་ན་ངོ་ལ་ལྡང་ཟེར་བ་འདི་རེད།    ཁྱོད་ཀྱི་ནམ་རྒྱུན་ལུས་དང་གྲིབ་མ་བཞིན་མི་འབྲལ་བའི་མ་ནྀ་ལགའཁོར་དེ་གང་ན་ཡོད།    ས་འོག་ལ་འཛུལ་སོང་ངམ་གནམ་ལ་འཕུར་སོང་བ་རེད།” ཟེར་བཞིན་“རྒན་པོ་བསོད་ཁོ་ཟུངས་ཤིག”ཅེས་པའི་བཀའ་ཕབ་པ་ན་ཡར་ཐོན་ལ་བརྩོན་བཞིན་པའི་མི་དེ་དག་གིས་རྒན་པོ་གཡང་བྷའི་ལག་པ་བརྒྱབ་ཏུ་བསྡམས་ནས་ཁྲིད། 
     ཉིན་འདི་དག་ལ་སྟག་ལུང་སྡེ་བར་ཨ་ཁུ་བསོད་ཁོར་འཐབ་རྩོད་བྱེད་བཞིན་ཡོད་ལ།    ཉེས་མིང་རི་འདྲ་བ་ཞིག་བཏགས་ནས་མང་ཚོགས་ལ་སློབ་གསོ་གཏོང་བྱེད་དང་ངོ་ལོག་པ་དང་རྙིང་ཞེན་སོགས་ཀྱི་“དཔེ་གཞིའི་”མི་སྣར་གྱུར།   གཡང་བྷའི་སེམས་ལ་བཟོད་གླགས་མེད་པའི་སྡུག་བསྔལ་ཞིག་མཚོ་བཞིན་འཁྱིལ་ཡོད་ནའང་།    ཨ་ཕའི་ཞལ་གདམས་ལ་མི་འགལ་ཕྱིར་སྡུག་ཡོད་ཚད་ཁག་ལ་ཁུར་ནས་མི་འཐད་འཐད་ཁུལ་བྱས་ནས།   ལྷ་ཆ་མཆོད་ཆ་གཞུང་གཞེས་བྱེད་པའི་སྔོན་བསྐྱོད་པར་བརྩོན།      རིང་བོ་མ་འགོར་བར་ཨ་ཁུ་བསོད་ཁོ་འཐབ་རྩོད་བྱས་ནས་བཀྲོངས།      སྡེ་མི་རྣམས་ལྷག་ཏུ་སྙིང་རྩ་འདར་བར་གྱུར་ལ་སུ་ཡིན་ཡང་ཕན་ཚུན་ལ་དོགས་ཟོན་བྱེད་པའི་ཚད་ལ་ལྷུང་འདུག  བྱ་བ་དང་སྤྱོད་ལམ།   གཏམ་བརྗོད་སོགས་གང་ཡིན་ཡང་ཡིད་འཇོག་ཆེན་པོ་བྱེད་དགོས།  དེ་མིན་ན་ཨ་ཁུ་བསོད་ཁོ་ལྟར་འཐབ་རྩོད་བྱ་ཡུལ་དུ་འགྱུར་རྒྱུ་ནི་མིག་མཐོང་ལག་ཟིན་དུ་གྱུར་བ་ཞིག་ཡིན།   
           གསུམ་པ།
     ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཚང་འཛོམས་གྲོས་ཚོགས་སོགས་འཚོགས་རྗེས།  ད་གཟོད་ཆོས་ལུགས་དད་མོས་ཀྱི་ཉི་ཟེར་དེ་ཁ་ཐག་རིང་སའི་སྟག་ལུང་ཐང་ཆེན་ལ་ཡང་འཕྲོས་པས།  མི་རྣམས་ཀྱིས་སླར་ཡང་ཆོས་དཔེ་དང་ལྷ་ཆ་མཆོད་ཆ་མ་ཟད་ཡིག་ཐུམ་ཐེད་པོ་ཙམ་དང་ཚ་ཚ་ཆག་པོ་ཙམ་ཡང་སྤྱི་བོའི་གཙུག་ཏུ་བཀུར་ཐབས་བྱེད་བཞིན་ཡོད།སྡུག་ལ་ཟད་རྒྱུ་མེད་ཀྱང་སྙིང་རྒྱུ་ལོས་ཡོད་ཞེས་པའི་དཔེ་ལྟར་གཡང་བྷ་ཡང་ཁྱིམ་ན་བུ་དང་ཆུང་མ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་ཆགས་ཡོད།དེས་མི་ཚད་མི་རྣམས་ཀྱིས་ཆོས་ཕྱོགས་ལ་རང་གི་ཅི་ནུས་ཀྱིས་ནུས་ཤུགས་འདོན་བཞིན་ཡོད་པས།ཁོས་རང་གི་ཕ་མཐོ་རིས་པོའི་ཞལ་གདམས་བཞིན་ལྟག་རྒྱབ་ཀྱི་འུག་པའི་སླང་ངར་སོང་།     བྲག་ཁུང་འདི་ཅུང་བྲག་ངོས་གཟར་ས་ཞིག་ཏུ་ཡོད་པས་ས་འདི་གར་རྒྱུས་ཡོད་ཅིག་མིན་ན་ཐད་ཀར་བགྲོད་དཀའ་ལ་དེ་འདྲའི་མཉམ་འཇོག་ཡང་བྱེད་མི་སྲིད།  ཁོ་བྲག་ཕུག་འདིར་ཐོན་དུས་ཐོག་དང་པོར་ཅི་ཡང་མ་མཐོང་ལ་ཅི་ཡང་མེད་པའི་ཉམས་སྣང་ཞིག་སྐྱེས།ཁོའི་ཐོས་འཛིན་གྱི་བུ་གར་ཕ་མཐོ་རིས་པོའི་“འུ་ཚང་གི་མ་ནྀ་ལག་འཁོར་དེ་སྡེ་བའི་ལྟག་རྒྱབ་ཀྱི་འུག་པའི་སླང་ངར་བཅུག་ཡོད”ཅེས་པའི་བཅོལ་གདམས་དེ་བྲག་ཅ་བཞིན་མཆེད་བྱུང་བས་ཁོས་སླར་ཡང་ཡར་མར་ལ་ཞིབ་བལྟ་གསལ་བོ་ཞིག་བྱས་རྗེས་བྲག་ཁུང་གི་ཕུག་ན་ས་དང་བྱེ་རྡུལ་འདྲེས་མའི་ཆ་ཤས་ཤིག་མཐོང་། དེ་ཡར་འདྲེད་མར་འདྲེད་ཙམ་བྱས་པ་ན་རྡོ་ལེབ་ཆེན་པོ་ཞིག་མཐོང་།  རྡོ་ལེབ་དེ་དལ་མོར་ཡར་བཏེགས་རྗེས་དགོན་པའི་ལྷ་ཆ་མཆོད་ཆ་གལ་ཆེན་དག་མཐོང་བ་དང་།ཆེས་གཏིང་སར་མ་ནྀ་ལག་འཁོར་རྙེད་བྱུང་།ཁོས་ཚོ་བའི་ཚོ་དཔོན་དང་དགོན་པའི་གྲྭ་རྒན་འགའ་རེ་ལ་གྲོས་བྱས་ནས་སྔར་གྱི་དགོན་པ་དེ་སླར་གསོ་བྱས་པའི་འཆར་གཞི་བཀོད།  ཐེངས་འདིའི་གཡང་བྷའི་བྱས་རྗེས་ནི་དངོས་གནས་བརྗོད་དུ་མེད་པ་ཞིག་ཡིན་ལ།རྒྱལ་ཁབ་ག་གེ་མོ་ཞིག་གིས་རྩ་ཆེ་བའི་གཏེར་རྫས་རྙེད་པ་ལས་ལྷག་པའི་སྣང་བ་ཞིག་གམ་གདེང་འཇོག་ཡོད་ནའང་།རིག་གསར་སྐབས་སུ་སྔོན་ཐོན་ལ་བརྩོན་དྲགས་པའི་དབང་གིས་མི་རྣམས་ཀྱིས་སེམས་སུ་གཡང་བྷ་ནི་རྟོགས་དཀའ་བའི་འདྲི་གཞི་ཞིག་ཡིན།“ལག་ལེན་གསེར་ཀྱི་ཐིགས་པ”ཞེས་པའི་དཔེ་བཞིན་སྟག་ལུང་ཚོ་བའི་རྒན་མགོ་དཀར་ནས་གཞོན་སོ་དཀར་བར་རང་ནུས་ཀྱིས་དངོས་ཤུགས་ཕུད་བཞིན་ཡོད་ལ།  རྒྱུ་ཤུགས་ཀྱི་ཐད་ནས་ཁྱིམ་ཚང་རེ་རེར་འགན་འོས་འཚམས་རེ་བཞག་ཅིང་དེ་ལས་གཞན་ནུས་ཚོད་ཀྱིས་རོགས་སྐྱོར་བྱས་ནས་མི་རིང་བར་འགྲུབ་སོང་།ཨ་ཁུ་གཡང་བྷས་དེ་ནི་རང་ཉིད་ཀྱི་འཇོག་པ་གལ་ཆེན་ཞིག་དང་ཚོགས་བསགས་རླབས་ཆེན་ཞིག་ཏུ་འདོད་བཞིན་ཡོད།ཡིན་ནའང་དོན་དག་ཅིག་སྙིང་གི་དབུས་ན་རྡོག་རྡོག་པོར་གནས་ཡོད།དེ་ནི་མ་ནྀ་ལག་འཁོར་དེ་བྲག་ཁུང་ནས་ལེན་དུས་མ་ནྀ་ལག་འཁོར་དེའི་ཡུ་བར་དཀྲིས་པའི་ཁ་བཏགས་དཀར་བོ་དེའི་དཀྱིལ་ན་ཡོད་པའི་ཚོན་མདོག་ནག་པོས་བྲིས་པའི་འཕྲིན་ཡིག་དེའི་ནང་དོན་རེད།དོགས་སྣང་ཞིག་གམ་བསམ་བློའི་འཁྱེར་སོ་ཞིག་གིས་ཡི་གེ་དེ་གཞན་ལ་སྟོན་མ་ཕོད་ལ་རང་གིས་ཡི་གེ་མི་ཤེས་པའི་རྐྱེན་གྱིས་སྔར་བཞིན་ལུས་ཡོད།
               བཞི་བ།
   ཨ་ཁུ་གཡང་བྷས་ལོ་མང་རིང་གསོག་ཉར་བྱས་པའི་འཕྲིན་ཡིག་དེ་ཁྱེར་ནས་ཁུལ་ཐོག་འབྲིང་རིམ་ཆེད་སློབ་གྲྭ་ན་སློབ་གཉེར་བྱེད་བཞིན་པའི་བུ་ལ་བལྟ་རུ་སོང་།   ཁང་བརྩེགས་ཀྱི་བརྟན་བརླིང་གི་བརྗིད་ཉམས་དང་རླངས་འཁོར་གྱི་འཚང་ཁའི་འུར་སྒྲས་ལག་གཡས་པར་མ་ནྀ་ལག་འཁོར་ཐོགས་པ་དང་ལག་གཡོན་པས་ཕྲེང་བ་བགྲང་བཞིན་པའི་རྒན་པོ་གཡང་བྷར་སུན་སྣང་ཞིག་སེམས་པའི་གཏིང་ས་ནས་བསླངས་ནའང་རང་གི་བུ་ལ་འཕྲད་འདོད་ཀྱིས་འདུན་པས་སྔར་བཞིན་གོམས་ཁ་མདུན་ཕྱོགས་སུ་བསྒྱུར།  བོད་སྐད་གོ་མཁན་རེར་འཕྲད་ན་ལམ་དྲིས་ནས་ཁུལ་ཆེད་གཉེར་སློབ་གྲྭའི་སྒོ་ཁར་ཐོན་བྱུང་།ཁོས་དེ་ནས་ཡུན་རིང་སྒུག་མ་དགོས་པར་གུང་གསེང་གི་དུས་ལ་འཕྲད་པ་དང་སློབ་མ་མང་བོ་ཞིག་གྲོག་ཚང་བསློག་པ་བཞིན་འཚང་བྱུང་བས་མིག་རིག་རིག་གིས་རང་གི་བུ་འཚོལ་བར་བྲེལ།   ཡིན་ཡང་ཁོ་བོར་རྒྱ་མཚོའི་ནང་ནས་ཁབ་འཚོལ་བ་དང་འདྲ་བའི་སྣང་བ་ཞིག་ལུས་ཧྲིལ་བོར་ཁྱབ་བཞིན་པའི་སྐབས་སུ་གཡས་ཕྱོགས་ནས་“ཨ་ཕ”ཞེས་འབོད་པའི་སྐད་ཅིག་ཐོས་བྱུང་།  ཁོས་མུ་མཐུད་དུ་བལྟ་མཚམས་བཞག་ནས་ཐེ་ཚོམ་དང་བཅས་གཡས་ཕྱོགས་སུ་འཁོར་བ་ན་བུ་རིག་ལྡན་རང་གི་འགྲམ་ལ་ཐོན་འདུག་པ་གཞི་ནས་ཤེས་བྱུང་།  "ཨ་ཕ  ཁྱེད་ཀྱིས་ལམ་བར་ནས་དཀའ་ལས་མྱངས་སོང་།   ཕུ་བོ་ཡོང་འོང་སྙམ་པ་ལས་ཁྱེད་རང་དངོས་སུ་ཐོན་རྒྱུ་ཡོད་ལ་མ་ཤར"“ཧེ་ཧེ། སྐྱོན་མེད།  ངས་ཁྱོད་ལ་སྒོར་མོ་སྐྱེལ་ཡོང་ཞོར་དུ་དོན་དག་ཙག་ཙིག་ཡོད་པས་དངོས་སུ་ཡོང་བ་ཡིན།”ཨ་ཁུ་གཡང་བྷས་བུ་རིག་ལྡན་ལ་བལྟ་བཞིན་མུ་མཐུད་དུ་“ ཕུང་བོ་ངན་ལ་ལྷུང་འདུག”“སྐྱོན་མེད   མཐར་ཕྱིན་ལ་ཉེ་བས་ལས་ཞུགས་ཀྱི་བྱ་བར་བྲེལ་བའི་རྐྱེན་ཡིན་རྒྱུ་རེད།     ཨོ་རེད་ཡ   ཨ་ཕ    ང་རང་སློབ་མཐར་ཕྱིན་ན་རྫོང་ཐོག་ལ་སོང་ནས་དགེ་རྒན་བྱེད་དགོས་པ་རེད” “ཨོ་བཟང་གི    ངའི་རེ་བ་ཡང་དེ་ཡིན།     མི་གཅིག་ལ་ཕན་རེ་ཐོགས་ན་དགེ་བ་བསམ་གྱིས་མི་ཁྱབ།” “ཡ་ཡ    ངས་རང་གི་རང་གི་ནུས་ཚོད་ཀྱིས་འབད་པ་བྱེད་ངེས་ཡིན     འུ་གཉིས་ངའི་སྡོད་ཤག་ཏུ་འགྲོ” “མིན  འུ་གཉིས་སྒོབ་གྲྭའི་ཕྱི་ལ་སོང་ནས་ཟ་མ་ཟ     མི་ཉུང་ས་ཞིག་ནས་ང་ལ་རོགས་བྱེད་རྒྱུ་ཞིག་ཀྱང་ཡོད”
      རིག་ལྡན་མཚར་སྣང་དང་ཕྱོགས་ཡར་མར་གྱི་ཁ་བརྡ་བྱེད་བཞིན་ཁོ་གཉིས་སློབ་གྲྭ་དང་རྒྱང་ཐག་ཅུང་རིང་ལ་མི་ཚོགས་ཡང་ཉུང་བའི་ཟ་ཁང་ཆུང་ཆུང་ཞིག་ཏུ་ཐོན།    ཨ་ཁུ་གཡང་བྷས་ཕྱོས་ཡར་མར་ལ་ཞིབ་ལྟ་ཡིད་ཚིམ་པ་ཞིག་བྱས་རྗེས་ཡིད་སེམས་བདེ་སོང་བ་ལྟར་སྟོད་ལྭ་ནང་མའི་ཨམ་ཕྲག་ནས་ཚིལ་དྲེགས་ཆགས་པའི་རས་དམར་བོ་ཞིག་གི་ཁུག་ནས་ཤོག་ལྷེ་ཞིག་སྒོར་བཏོན་ནས་རིག་ལྡན་ལ་གཏད།  གདོང་ལ་སྨྲ་མི་ཤེས་པའི་སྐྱོ་ཉམས་ཤིག་ཤར་ནས། “རིག་ལྡན    ངས་འཕྲིན་ཡིག་འདི་ཉར་ཚགས་བྱས་ནས་ལོ་ངོ་མང་བོ་ཞིག་འགོར་སོང་།  འདི་ངའི་ཕ་མཐོ་རིས་བོའི་ཁ་ཆེམས་ཡིན་རྒྱུ་རེད།     ཁྱོད་ཀྱིས་མགོ་མཇུག་མ་ལུས་པར་ཞིག་མོ་ཞིག་ང་ལ་འདོན་དགོས”རིག་ལྡན་གྱིས་བརྩེ་བ་དང་རེ་སྒུག་འཁྱུད་པའི་འཕྲིན་ཡིག་དེ་དལ་མོར་ཁ་ཕྱེ་ནས་འདོན་མགོ་བརྩམས།“ངའི་སྙིང་ཉེ་བའི་གཅེས་ཕྲུག་ཁྱོད་ཀྱིས་ཡེ་གེ་འདི་མཐོང་དུས་མི་འདོད་འཐབ་རྩོད་དང་མུ་གེ   ཟིང་འཁྲུག་གི་དུས་ངན་ལས་ཡོལ་ཡོད་རྒྱུ་རེད།     གཙང་བཤེར་གྱི་ལས་འགུལ་འདི་མ་བྱུང་གོང་རང་ཅག་གི་དགོན་པའི་དགེ་བསྐོས་ཀྱིས་ང་བཙལ་ནས་ཆོས་ལུགས་ཀྱི་ཡོད་བྱད་གལ་ཆེན་དག་འུག་པའི་སླང་ངར་སྦས་སུ་བཅུག་པ་རེད།མ་ཎི་ལག་འཁོར་ཡང་དེ་དང་མཉམ་དུ་སྦས་པ་ཡིན།མ་ནི་ལག་འཁོར་འདི་མནའ་བཅད་དབང་ལོས་ང་ལ་བྱིན་པ་རེད།ངས་ཁོ་སྔོན་ཆད་ཐེངས་གཅིག་ལ་ཁོའི་སྲོག་བསྐྱབས་མྱོང་།རྗེས་སུ་ཁོ་རང་ང་འཚོལ་དུ་ཡོང་ནས་ཁོ་ཚང་གི་ཁྱིམ་བརྒྱུད་ནོར་བུ་འདི་ང་ལ་བྱིན་པ་རེད།”ཅེས་བྲིས་འདུག་པའི་ཚིག་འབྲུ་རེ་རེ་དག་མོར་ཐེངས་གཅིག་ལ་བཀླགས་རྗེས་ཨ་ཁུ་གཡང་བྷས་མ་ཎི་ལག་འཁོར་དེར་བཅེར་ནས་མིག་ཟུང་ལས་མཆི་མ་རྡོག་འགའ་མཁུར་ཚོས་བརྒྱུད་ནས་ལྷུང་།
             ལྔ།
  ༸ཝེ་་་ཕུ་བོ་ཡིན་ནམ།  ཅི་ཞིག་རེད།༸  ༸རིག་ལྡན།ཨ་ཕའི་ནད་རྙིང་དེ་འཕར་བྱུང་བས་་་་་༸  
 ༸ཤེས་སོང་། ང་རང་མྱུར་མོར་ཐོན་ངེས།༸
  ཡུན་རིང་མ་འགོར་བར་སྟག་ལུང་ལུང་ཁོག་ཏུ་ཁུལ་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་དེ་ཐོན་ནས་ནད་ཀྱིས་གཟིར་བའི་གཡང་བྷ་དང་ཁོའི་ཆུང་མ་བུ་གཉིས་བཅས་རླངས་འཁོར་ལ་བསྡད་ནས་རྡུལ་འཚུབ་ཀྱི་ཁྲོད་ནས་ཡལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཎི་འཁོར་ལོ།

2011-11-18 ལྗང་ཁུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།