དགེ་རྒན་གྱི་ཡིག་སྣོད།

  ༸ཁེ་ཉིན་གཟའ་ཉི་མའི་ཉིན་ང་རང་སྲང་ལ་འགྲོ་སྐབས་སྒོར་ཁུག་འཁྱེར་རྒྱུ་བརྗེད་འདུག་པས་གྲོགས་པོ་ཞིག་ལ་ཁ་པར་བརྒྱབ་པ་ཡིན།གལ་སྲིད་ཁ་པར་ཁྱེར་མེད་རྒྱུ་ན་དངོས་གནས་་་་༸             ༸གལ་སྲིད་ཕྱི་ནས་ཇག་པ་འམ་རྐུན་མ་ཞིག་ལ་འཕྲད་ན་མི་གཞན་ལ་ཅི་ལྟར་བརྡ་བྱེད།ང་རང་སྒོ་ལ་འགྲོ་དུས་ཁ་པར་མེད་ན་བདེ་འཇགས་ཀྱི་ཚོར་བ་ཞིག་ཡེ་ནས་མི་འདུག༸  
  ༸སྒོར་ཁུག་དང་ཁ་པར་་་་་་་་༸
  སློབ་གྲྭ་ཆེན་མོ་ག་གེ་མོ་ཞིག་གི་གཞུང་སྒྲུབ་ཁང་ན་ཀུ་རེ་དང་ཁ་མཚར་འདྲེས་མའི་གཏམ་གླེང་ཞིག་དགོད་སྒྲ་དང་འགྲོགས་ནས་ཐོག་ཁང་གི་བར་ཁྱིམ་ན་འཁྱམ་བཞིན་འདུག།
  སྐབས་འདིར་དགེ་རྒན་ལྷ་མགོན་གྱིས་གློག་ཀླད་མཐེབ་གཞོང་སྟེང་ཐག་སེར་མནན་རྗེས་གདོང་ལ་རྒྱལ་ཁའི་འཇུམ་མདངས་ཤིག་མངོན་བཞིན་ཡར་ལངས་པ་ན་གཡུལ་ལས་རྒྱལ་བའི་དཔའ་བོ་ཞིག་གིས་རང་ཉིད་ཀྱི་བྱས་རྗེས་ངོམ་སོ་བྱེད་པ་དང་འདྲ།ལག་པ་གཉིས་ཕུར་ཕུར་བྱེད་བཞིན་༸དེ་རིང་དོན་ཆེན་ཞིག་གི་མཇུག་རྫོགས་སོང་།༸ཞེས་བཤད་པ་ན།ཉེ་འགྲམ་ན་ཁ་མཚར་གྱི་དགོད་སྒྲའི་ལུས་པའི་དགེ་རྒན་དེ་དག་གི་མིག་ཟུང་མ་གྲོས་གཅིག་མཐུན་ངང་དགེ་རྒན་ལྷ་མགོན་གྱི་ཕྱོགས་སུ་ཅེར་བྱུང་།ཁོས་མུ་མཐུད་དུ་༸རྗེས་ཕྱོགས་སུ་སློབ་ཁང་ནས་བོད་ཡིག་གི་ཡིག་གཟུགས་སྒྲིག་འཇུག་བྱེད་པའི་ངལ་བ་དང་དུ་ལེན་མི་དགོས།ཁྲིད་གཞིའི་ཡིག་ཚགས་ཚང་མ་པར་རིས་ཀྱི་ལམ་ནས་ཉར་ཚགས་བྱས་ཟིན།སྔོན་ཆད་ཀྱི་དཀའ་ལས་གང་མང་བརྒྱབ་ནས་བྲིས་པའི་ཁྲིད་གཞི་དེ་དག་ད་ལྟ་ཡོངས་སུ་གློག་ཀླད་དུ་བཅུག་ཚར་ཟིན།༸ཡིག་སྣོད་ཆུང་ཆུང་དེ་ལག་ཏུ་བླངས་ནས་ཚང་མར་སྟོན་བཞིན༸ལྟོས་དང་།ཁྲིད་གཞི་ཚང་མ་འདིའི་ནང་ན་ཡོད།འདི་ལ་ཐེད་རྒྱུ་དང་རྙིང་རྒྱུ་མེད་པས་མི་ཚེ་གཅིག་མ་ཟད་མི་རབས་དུ་མར་བཀོལ་ཀྱང་ཆོག་ཆོག་ཡིན་ནི་རེད།༸
   ལོ་དང་ཟླ་བ་ནི་རྒྱུན་ཆད་མེད་པའི་གཙང་བོའི་རྒྱུན་དང་འདྲ་བར་མདུན་ནས་མདུན་དུ་བསྐྱོད་ཅིང་མཆིས།བློ་ལྡན་གྱི་སློབ་མང་བོ་ཞིག་ལོ་རེ་བཞིན་རེ་བ་དང་ཡིད་ཆེས་རུམ་ནས་ཚུར་ཡོང་ཀིན་འདུག་ལ་དེ་བཞིན་དུ་རང་ཉིད་ཀྱིས་ཐེག་ཚད་རེ་ཁུར་ནས་ཕར་ཡང་འགྲོ་བཞིན་ཡོད།དགེ་རྒན་ལྷ་མགོན་གྱིས་ཀྱང་རང་གི་སྲུང་འཁོར་ལྟ་བུའི་ཡིག་སྣོད་དེ་ཁྱེར་ནས་བྲག་བརྐོས་ཡི་གེ་ལྟ་བུའི་ཡིག་རིས་དེ་དག་སློབ་བུ་ཚོའི་མིག་ལམ་ལ་ཐེངས་གྲངས་གང་མང་ཞིག་ལ་བསྟར།གཞུང་སྒྲུབ་ཁང་གི་དགེ་རྒན་ལྷ་མགོན་གྱི་མདུན་ཅོག་སྟེང་མགྲོན་ཤོག་གསར་བ་ཞིག་བཞག་འདུག་པ་དེས་ནམ་རྒྱུན་དང་འདྲ་ལ་རྒྱུན་ལྡན་ལྟར་སྣང་བའི་ཁོར་ཡུག་དེ་ལ་རྣམ་པ་གསར་བ་ཞིག་བསྣན་འདུག༸དོ་དགོང་མི་གཟི་ཐབས་མེད་རེད།༸དགེ་རྒན་ལྷ་མགོན་གྱིས་མགྲོན་ཤོག་དེར་བལྟ་བཞིན་དེ་ལྟར་ཁེར་ལབ་བྱས།
   མ་གཞི་དེ་ནི་མཐར་ཕྱིན་འཛིན་གྲྭ་ཞིག་གི་མཐར་ཕྱིན་མཛད་སྒོའི་སྤྲོ་ཚོགས་ཡིན་འདུག་ལ་འཛིན་གྲྭ་འདི་ལ་ཡང་དགེ་རྒན་ལྷ་མགྲོན་གྱི་ཡིག་སྣོད་ནང་གི་བྲག་བརྐོས་ཡི་གེ་དེ་དག་གི་བྱིན་གྱིས་བརླབས་ཡོད་པས་དོ་དགོང་གི་སྤྲོ་ཚོགས་འདི་ལ་མི་ཞུགས་རང་ཞུགས་ཡིན།སློབ་ཆེན་གྱི་སྤྲོ་ཚོགས་ཤིག་ཡིན་ན་ཆང་མེད་ན་མི་རུང་ལ་ཆང་གིས་ར་བཟི་རག་བར་དུ་མཚམས་འཇོག་རྒྱུ་ཡང་དཀའ་མོ་ཡིན།དགེ་རྒན་ལྷ་མགོན་ནི་ཆང་འཐུང་ནས་གཤའ་མ་ཞིག་ཡིན་ཀྱང་སློབ་མ་མང་བོ་ཞིག་གིས་ཆང་དྲངས་པས་རང་ཉིད་ཅི་ལྟར་ཁྱིམ་ལ་ཐོན་པ་དང་ཅི་ལྟར་ཉལ་བ་སོགས་གཅིག་ཀྱང་མ་ཚོར།
 ༸ངའི་ཡིག་སྣོད་མི་འདུག  ངའི་ཡིག་སྣོད་༸ཁོ་རང་གཉིད་སད་རྗེས་དེ་ལྟར་ཟེར་བཞིན་སྨྱོས་པ་ལྟར་ཁ་ངོ་ཡང་མ་བཀྲུས་པར་གྱོན་པ་སྟབས་བདེ་ཞིག་གྱོན་ནས་མདང་གི་ཆང་ཁང་ཕྱོགས་སུ་རྒྱུགས།དགེ་སློབ་དག་གི་རོགས་སྐྱོར་འོག་ཉིན་འགའ་ལ་བཙལ་ཀྱང་དགེ་རྒན་ལྷ་མགོན་གྱི་སྲུང་འཁོར་ལས་ལྷག་པའི་སྲུང་འཁོར་དེ་རྙེད་རྒྱུ་མ་བྱུང་།
   ཡིག་སྣོད་བོར་བའི་ཉིན་དེ་ནས་བཟུང་།སློབ་གྲྭའི་ར་བ་ནས་དགེ་རྒན་ལྷ་མགོན་གྱི་གཟུགས་དེ་མཐོང་རྒྱུ་མ་བྱུང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་རྒན་གྱི་ཡིག་སྣོད།

2011-10-06 ལྗང་ཁུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།