ལེགས་སྐྱེས།

རིག་བྱེད་སྐྱབས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-26

    བྱང་རྫོང་ནི་མི་གྲངས་ཉུང་ཞིང་དཔལ་འབྱོར་སྔོན་ཐོན་ཅན་ལ་སྙེག་བཞིན་པའི་རྫོང་ཆུང་ཆུང་ཞིག་ཡིན་པས་ཁུལ་རིམ་པའི་དམིགས་དཔེ་བྱེད་སའི་རྫོང་ཞིག་ཏུ་གྱུར་ཡོད།
    ད་ལོ་ཡང་ཁུལ་རིམ་པའི་ཚོགས་ཆེན་ཞིག་བསྡུས་པའི་ནང་དུ་བྱང་རྫོང་གི་རྫོང་དཔོན་དང་རྒན་པོ་བློ་རྡོ་གཉིས་ཚོགས་འདུའི་འཐུས་མིར་བདམས་ཐོན་བྱུང་།དེ་བས་ཁོ་གཉིས་ནོར་མགོ་རྟགས་ཅན་གྱི་རླངས་འཁོར་དུ་བསྡད་དེ་ཚོགས་འདུར་སོང་།
      ཚོགས་ཐོག་ཏུ་བྱང་རྫོང་ལ་བསྟོད་བསྔགས་ཀྱི་དབྱངས་རྟ་འཐེན་ལ།ད་དུང་སྒོར་ཁྲི་ཉི་ཤུའི་རོགས་སྐྱོར་གནང་བ་མ་ཟད་རྫོང་དཔོན་ལ་ཁུལ་དཔོན་གྱིས་ཆེད་དུ་ལེགས་སྐྱེས་ཤིག་ཕུལ།དེ་ནི་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་སྒམ་གཅིག་ཡིན་ལ།དེའི་སྟེང་དུ་ཁུལ་དཔོན་གྱིས་ཕུལ་ཞེས་རྒྱ་ཡིག་གིས་བྲིས་འདུག།རྒན་པོ་བློ་རྡོའི་སེམས་ལ་ལེགས་སྐྱེས་འདི་ནི་ཅི་འདྲིའི་གཟི་བརྗིད་ཀྱི་དཔང་རྟགས་ཤིག་རེད་འདོད་ནས་རླངས་འཁོར་ནང་དུ་འདུག་སྐབས་ཀྱང་ཁོའི་མིག་ལམ་ནས་བོར་ཐབས་ཤིག་མ་བྱུང་།
  རྫོང་དཔོན་གྱི་ཁོ་ལ་ལེགས་སྐྱེས་འདི་ནི་སྤྱིར་བཏང་པ་ཞིག་ག་ལ་ཡིན།འདི་ནི་ང་ལ་མཚོན་ན་གསེར་སྲང་གང་གི་རིན་ཐང་ཡོད་མོད།འོན་ཀྱང་ཁྱོད་རང་འདི་ལ་དགའ་ན་ངས་ཁྱོད་ལ་བྱིན་ཆོག་པ་མ་ཟད་རོགས་སྐྱོར་ཕྱོགས་ནས་ཀྱང་ཁྱོད་ལ་རང་ནུས་གང་ཡོད་འདོན་ཟེར་བཞིན་ལེགས་སྐྱེས་དེ་ཁོ་ལ་གཏད་སོང་།དེ་ནས་ཅུང་ཙམ་འགོར་རྗས་རྫོང་དཔོན་གྱིས་བློ་རྡོ་ལ་རོགས་སྐྱོར་གྱི་སྒོར་མོའི་ཁ་གྲངས་གཞན་ལ་བཤད་མི་རུང་།ཞེས་བཤད་མ་ཐག་བློ་རྡོས་ཅི་ཞིག་གི་དོན་ཧ་གོ་སོང་བ་ལྟར་ཡ་་་་ཡ་་་་་ཡ་ཞེས་ལན་བཏབ།
   སྟོན་ཀ་རྒན་པོ་བློ་རྡོའི་བུ་འབྲིང་རིམ་མཐར་ཕྱིན་ཏེ་བྱ་བ་ཞིག་འཚོལ་བར་གྲ་སྒྲིག་བྱས།བློ་རྡོས་སྒམ་ནང་གི་གོས་ཆེན་ཞིག་གིས་གཡོགས་པས་ཐ་མག་དེ་བླངས་ནས་སློབ་གཙོ་གཞོན་པའི་གཞུང་ལས་ཁང་དུ་སོང་ནས་ཁོའི་བུ་དེ་སློབ་ཆུང་གི་དགེ་རྒན་ཞིག་ཏུ་ལེན་པའི་རེ་བ་ཞུ་ཞོར་ཐུམ་ཀྱི་གཡོག་པའི་ཐ་མག་དེ་བླངས་ནས་འདི་ནི་ཁུལ་དཔོན་གྱི་ང་ལ་གནང་བ་ཡིན་མོད།ཡིན་ཡང་ང་རྒན་པོ་ཞིག་ལ་དགོས་མཁོ་མེད།དེ་བས་ཁྱེད་ལ་བྱིན་ཟེར་སྐབས།སློབ་གཙོའི་ཁྲ་ཆུང་མིག་ལྟ་ཚུལ་ཞིག་གིས་ཁུལ་དཔོན་གྱིས་ཕུལ་ཞེས་བའི་ཡིག་འབྲི་དག་མཐོང་བྱུང་བས་དེ་མ་ཐག་དེ་ལོས་ཆོག                   
    སང་ཉིན་ངས་རང་ནུས་གང་ཡོད་ཀྱི་སློབ་གསོ་ཅུའུ་ལ་རེ་བ་ཞུ་ཟེར་བ་མ་ཟད།ངེད་གཉིས་གྱི་བར་ལ་ལེགས་སྐྱེས་ཕུལ་མི་དགོས་ཞེས་བཤད་པ་ན།དེ་མ་ཐག་རྒན་པོ་བློ་རྡོས་ཧ་ཅང་ནན་ཏན་གྱི་ཚུལ་དུ་འདི་ནི་ངའི་སེམས་མཚོན་བྱེད་ཙམ་ཞིག་ཡིན་པས།ངེས་པར་དུ་ལེན་དགོས་ཞེས་ལན་བཏབ།སློབ་གཙོ་ཡིས་དེ་ན་ངས་ལེན་ཟེར་ཞོར་མདུན་ཅོག་གི་གྲུ་ཟུར་དུ་བཞག ཐ་མག་སྒམ་ཆུང་འདི་སློབ་གཙོ་དང་ཅུའུ་ཀྲང་སོགས་གང་མང་ཞིག་བརྒྱུད་དེ་ལོ་གཉིས་ཀྱི་རྗེས་སུ་ཡང་བསྐྱར་རྫོང་དཔོན་ལག་ཏུ་འབྱོར་བྱུང་ངོ་།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལེགས་སྐྱེས།

2011-05-26 རིག་བྱེད་སྐྱབས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།