ཞང་ཡ་རེ་ཟེར་ནས་གླུ་ཞིག་ལེན།

   ཞང་ཡ་རེ་ལོ་བརྒྱད་ལ་བུད་པ་ནས་བཟུང་།  ཞང་ཡ་རེ་ལེན་ཤེས།  ཡིན་ཡང་།  སྐབས་དེར་ཁོར་ཞང་ཡ་རེ་མི་ཟེར།
   ཡིན་ཡང་།  སྐབས་དེར།  ཁོས་ཞང་ཡ་རེ་བླངས། ཁོས་ཞང་ཡ་རེ་མང་བོ་བླངས།   ཁོས་ཞང་ཡ་རེ་མང་བོ་བསྐྱར་ཟློས་སུ་བླངས། 
གང་ལྟར།  སྐབས་དེར།  ཁོས་རང་ཉིད་ཀྱི་ལུག་ཁྱུ་ལ་ཞང་ཡ་རེ་བླངས། ཞང་ཡ་རེ་ཡང་ཡང་བླངས་པས། ཁོ་དང་ཁོའི་ལུག་ཁྱུ་སྤྲིན་ལ་འདྲེས། དེ་བས། ཁོས་ཞང་ཡ་རེ་སྤྲིན་དཀར་ལའང་བླངས་མྱོང་།  ལྷོ་གཡུ་འབྲུག་འདྲ་ཞིག་གྲགས་ནས་བླངས་མྱོང་།
  སྐབས་དེར།   ཁོས་རང་ཉིད་ཀྱི་རྩེད་གྲོགས་ཚོར་ཞང་ཡ་རེ་བླངས།  ཞང་ཡ་རེ་ཡང་ཡང་བླངས་པས།  ཁོ་དང་ཁོའི་རྩེད་གྲོགས་ཚོ་མེ་ཏོག་ཏུ་བཞད།  དེ་བས།  ཁོས་ཞང་ཡ་རེ་མེ་ཏོག་ལའང་བླངས་མྱོང་།  ཆུང་གཡུ་སྦྲང་འདྲ་ཞིག་བརྩེས་ནས་བླངས་མྱོང་། 
  སྐབས་དེར།  ཁོས་རང་ཚང་གི་སྦྲ་ནག་ལ་ཞང་ཡ་རེ་བླངས། ཞང་ཡ་རེ་ཡང་ཡང་བླངས་པས།  ཁོ་དང་ཁོའི་སྦྲ་ནག་ཀྱང་དགུང་སྔོན་གནམ་ལ་འཕུར།  དེ་བས། ཁོས་ཞང་ཡ་རེ་ནམ་མཁའ་ལའང་བླངས་མྱོང་།  ཆར་བསིལ་མ་འདྲ་ཞིག་བབས་ནས་བླངས་མྱོང་།
  སྐབས་དེར།  ཁོས་ཞང་ཡ་རེ་མང་བོ་བླངས།  རི་བོའི་མཐོ་སར་བླངས།  ཆུ་བོའི་གཙང་སར་བླངས།  མེ་ཏོག་དགོད་སར་བླངས།  ལུག་ཆུང་རྩེན་སར་བླངས།  གང་ལྟར། ཁོས་ཞང་ཡ་རེ་མང་བོ་བླངས་ལ།  ཁོ་ཞང་ཡ་རེ་མང་བོ་ལེན་པར་དགའ། 
   དེ་བས།   རྩེད་གྲོགས་ཚོས་ཁོ་ལ་ཨག་ཁ་ཟེར།  ཁྱིམ་མཚེས་ཚོས་ཁོ་ལ་གླུ་བ་ཟེར།  ཁྱིམ་མི་ཚོས་ཁོ་ལ་གླུ་ཁ་ཟེར།  ཡིན་ཡང་།  ཁོས་མུ་མཐུད་དུ་ཞང་ཡ་རེ་བླངས།  ཞང་ཡ་རེ་བླངས་ནས་ལུག་ཁྱུ་རི་ལ་དེད།  ཞང་ཡ་རེ་བླངས་ནས་ལུག་ཁྱུ་འདབས་ལ་བསྐོར།  ཞང་ཡ་རེ་བླངས་ནས་གཉིད། ཞང་ཡ་རེ་བླངས་ནས་སད།  གང་ལྟར།  ཁོ་དང་ཁོའི་ལུག་ཁྱུ་ཡོད་ས་རུ་ཞང་ཡ་རེ་ཡོད་ལ།  ཞང་ཡ་རེ་ཡོད་ས་རུ་ཁོ་དང་ཁོའི་ལུག་ཁྱུ་ཡོད།
   དེ་ལྟར།  མེ་ཏོག་ལག་ཆགས་སོང་། 
  དེ་ལྟར། ལུ་གུས་བསམ་ཤེས་སོང་། 
  ཁོ་དང་ཁོའི་རྩེད་གྲོགས་ཚོ་ཡང་མེ་ཏོག་དང་མཉམ་དུ་ལག་ཆགས་ལ།  ལུ་གུ་དང་ལྷན་དུ་བསམ་ཤེས་སོང་།   ལག་ཆགས་ནས་བསམ་ཤེས་སོང་བས། ཁོས་ཞང་ཡ་རེ་མང་བོ་ལེན་ཤེས་སོང་།  ཁོས་ཞང་ཡ་རེ་སྙན་མོ་ལེན་ཤེས་སོང་། ཞང་ཡ་རེ་སྙན་མོ་མང་དུ་ལེན་ཤེས་སོང་བས།  ཞང་ཡ་རེ་ལེན་ཐེངས་རེ་ནི་འོ་སྤྲི་སྣུམ་པོ་ཞིག་ལྡག་པ་དང་འདྲ། ཞང་ཡ་རེ་ལེན་ཐེངས་རེ་ནི་མེ་ཏོག་ཅིག་བག་མར་ལེན་པ་དང་འདྲ།  ཞང་ཡ་རེ་ལེན་ཐེངས་རེ་ནི་དབྱུག་པ་ཞིག་རྟ་རུ་ཞོན་པ་དང་འདྲ།  
  དེ་བས།  ཁོ་ཞང་ཡ་རེ་ལེན་པར་ཧ་ཅང་དགའ།  ཧ་ཅང་དགའ་བས་ཁོའི་སེམས་པར་དགའ་སྤྲོ་དཔག་མེད་སྐྱེས།  དགའ་སྤྲོ་དཔག་ཏུ་དཀའ་བ་དེས་ཁོར་རང་ཉིད་ཀྱང་མི་རྒན་ཞིག་ཡིན་བློ་ཤར་ལ། ས་གང་ཞིག་དང་།  མི་སུ་ཞིག་གི་མདུན་དུའང་ཞང་ཡ་རེ་ལེན་སྤོབས་པའི་ཡིད་ཆེས་སྐྱེས། 
  ཡིད་ཆེས་འདིར་རུ་སྐོར་ཚོས་ང་རྒྱལ་ཟེར་བཞིན་འདུག  འོན་ཏེ། ཁོས་ང་རྒྱལ་ཟེར་བ་འདི་ཅི་ཞིག་ཡིན་པ་མི་ཤེས། 
 དེ་ལྟར།  ལག་ཆགས་ནས་བསམ་ཤེས་སོང་བས། ཁོའི་རྩེད་གྲོགས་ཚོ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། དེ་དང་མཉམ་དུ།  ཁོའི་ཞང་ཡ་རེ་ལ་ཉན་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར།
  གོ་ཐོས་སུ།  ཁོ་ཚོ་སློབ་གྲྭ་ཟེར་བ་ཞིག་ཏུ་བུད་སོང་ཟེར།  འོན་ཏེ།  ཁོས་དེ་ནི་ཅི་ཞིག་ཡིན་པ་མི་ཤེས།   གང་ལྟར་ཁོའི་ཞང་ཡ་རེ་ལ་ཉན་མཁན་ཇེ་ཉུང་དུ་བུད་སོང་། 
  གོ་ཐོས་སུ།  ཁོ་ཚོས་ཀ་ཁ་ཟེར་བ་ཞིག་ལ་ཉན་བཞིན་འདུག་ཟེར། འོན་ཏེ། ཁོས་དེ་ཅི་ཞིག་ཡིན་པ་མི་ཤེས།  གང་ལྟར་ཁོའི་ཞང་ཡ་རེ་ལ་ཉན་མཁན་ཇེ་ཉུང་དུ་བུད་སོང་།
  གོ་ཐོས་སུ།  ཁོ་ཚོས་ཀ་ཁ་ཟེར་བ་ཞིག་ལེན་བཞིན་འདུག་ཟེར།  འོན་ཏེ།  ཁོས་དེ་ཇི་ལྟར་བླང་དགོས་པ་མི་ཤེས།  གང་ལྟར།  ཁོ་དང་མཉམ་དུ་ཞང་ཡ་རེ་ལེན་མཁན་ཇེ་ཉུང་དུ་གྱུར་སོང་།
  ཁོའི་ཞང་ཡ་རེ་ལ་ཉན་མཁན་ཇེ་ཉུང་དུ་བུད་སོང་བས།  ཁོའི་དེ་སྔོན་གྱི་དགའ་བ་ཇེ་ཆུང་དུ་གྱུར།  ཁོའི་དེ་སྔོན་གྱི་སྤོབས་པ་ཇེ་ལྷོད་དུ་གྱུར།  ཡིན་ཡང་།  ཁོས་མུ་མཐུད་དུ་ཞང་ཡ་རེ་བླངས།  ཁོ་ནམ་ཡང་ཞང་ཡ་རེ་ལེན་པར་དགའ། 
  ཁོའི་རྩེད་གྲོགས་ཚོས་སློབ་གྲྭ་ཞེས་པ་དེར།   ཀ་ཁ་ཞེས་པ་ཞིག་ལེན་བཞིན་པའི་ཞོགས་པ་རེ་རེར།  ཁོ་དང་ཁོའི་ལུག་ཁྱུ།  མེ་ཏོག་གི་ཁྲོད་ནས།  སྤྲིན་དཀར་གྱི་གསེང་ནས། ཞང་ཡ་རེ་ལེན་བཞིན་ལམ་ལ་ཆས། 
   ཁོའི་རྩེད་གྲོགས་ཚོས་སློབ་གྲྭ་ཞེས་པ་དེར།  ཀ་ཁ་ཞེས་པ་ཞིག་ལེན་བཞིན་པའི་སྲོད་དུས་རེ་རེར།  ཁོ་དང་ཁོའི་ལུག་ཁྱུ།  རི་བོ་གཏུབ་ནས།  ཆུ་བོ་གཤགས་ནས།  ཞང་ཡ་རེ་ལེན་བཞིན་ཡུལ་དུ་ལོག 
  ཞང་ཡ་རེ་ཡིས་ཞང་ཡ་རེ་ལེན་བཞིན་ཕ་ལོ་བཅོ་ལྔར་བུད།  
  ཞང་ཡ་རེ་ལེན་བཞིན་ཕོ་ལོ་བཅུ་དྲུག་ལ་བུད།
  བཅུ་བདུན། བཅོ་བརྒྱད་་་་་་་
   ཞང་ཡ་རེ་ལེན་བཞིན་ཁོ་རང་ཇེ་ཆེ་ནས་ཇེ་ཆེར་གྱུར། དེ་དང་མཉམ་དུ།  ཁོའི་ཞང་ཡ་རེའང་ཇེ་མང་ནས་ཇེ་མང་དུ་གྱུར།  ཁོའི་ཞང་ཡ་རེའང་ཇེ་སྙན་ནས་ཇེ་སྙན་དུ་གྱུར། ཞང་ཡ་རེ་སྙན་པོ་མང་བོ་ཞིག་ལེན་ཤེས་སོང་བས།  ཁོའི་ཞང་ཡ་རེ་ལ་ཉན་མཁན་སླར་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།
  སྐབས་འདིར།  ཁྱིམ་མི་ཚོས་ཁོར་ཅི་ཡང་མི་ཟེར།  འོན་ཏེ་ཁོའི་ཁྱིམ་མཚེས་ཚོས་ཁོ་ལ་གླུ་བ་ཟེར།  ཁོས་རྣམ་ཀུན་ཕྱིར་ལན་དུ་འཛུམ་རེ་སྟོན། ཁོའི་རྩེད་གྲོགས་ཚོས་ཁོར་སྒྱུ་རྩལ་པ་ཟེར།  ཁོས་རྣམ་ཀུན་ཕྱིར་ལན་དུ་འཛུམ་རེ་སྟོན། ཡིན་ཡང་།  ཁོས་དེ་ཅི་ཞིག་ཡིན་པ་མི་ཤེས། 
   ཕ་ཨ་ཁུ་ཚོ་ལ་ལོ་སར་འཁྱེར་དུས།  “ཨ་གནམ་གྱིས་སྲུང་རྒྱུ་བོ།  གླུ་ཞིག་ལོངས་དང་།”ཟེར།
   ནང་ཁ་ཡ་ན་ཟླ་མཉམ་དུ་འཛོམས་དུས། “ཨ་རོག་གླུ་བ།  གླུ་ཞིག་ལོངས་དང་།”ཟེར།
   ཁོས་ཀྱང་ཐེ་ཚོམ་ཅི་ཡང་མེད་པར“ཞང་ཡ་རེ་འདི་ཡ་རེ་་་་ཡེ་་་་་ཡང་ཡ་རེ་ཞིག་ལེན་གོ་་”ཞེས་ཁྲོམ་པ་ཡོངས་རྫོགས་འཇམ་ཅག་གེར་གཏོང་ངེས། 
   འདི་ལྟར།  ཁོའི་ཞང་ཡ་རེ་ལ་ཉན་མཁན་སྔར་བས་ཇེ་མང་དུ་གྱུར་ལ།  ཁོ་རང་ཤེས་མཁན་ཡང་སྔར་བས་ཇེ་མང་དུ་གྱུར། འོན་ཏེ། ཁོའི་མིང་ངོ་མ་ཤེས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། མི་ཚང་མས་ཁོ་རང་གླུ་བར་འབོད། 
ཁོས་ཀྱང་རང་ཉིད་གླུ་བར་སྙམ་ཡོད།  ཆེས་མ་མཐའ་ཡང་གླུ་བ་ཞིག་ཏུ་གྲག་ན་བསམས་ཡོད།
   ཞང་ཡ་རེ་ཉིན་གཅིག་ལའང་སློབ་གྲྭར་འགྲོ་མ་མྱོང་། འོན་ཏེ། ཁོར་ཡི་གེ་སྐྱོར་ཀློག་གི་ཆུ་ཚད་ངེས་ཅན་ཞིག་ཡོད།  འདི་ནི་ཁོའི་ཕ་རྒན་གྱི་བཀའ་དྲིན་ཡིན།  འོ། མ་རེད།  དོན་ངོ་མར་བཤད་ན།  ཞང་ཡ་རེ་ཡི་བཀའ་དྲིན་ཡིན། 
ཁོ་རང་ཕོ་ལོ་བཅོ་ལྔར་བུད་པའི་ལོ་དེར།  ཁོའི་ཕ་རྒན་ཟི་ལང་དུ་ཐེངས་ཤིག་སོང་།  རེབ་དེར་ཁོས་ཕ་རྒན་ལ་ཞུ་བ་ཡང་ཡང་བྱས་མཐར།  ཁོར་དམངས་གླུའི་དཔེ་ཆ་ཞིག་ཉོ་རྒྱུ་བྱས། དེ་བས།  ཁོས་ནམ་ཡང་ཞང་ཡ་རེ་བླངས་ནས་ཕ་རྒན་ཕྱིར་ལོག་པར་རེ།  ཁོས་རྒྱུན་དུ་ཞང་ཡ་རེ་བླངས་ནས་དཔེ་ཆ་དེ་ཐོབ་པར་ལྟོས། དྲན་དྲན་ཞིང་གླེང་གླེང་བའི་མཐའ་མར། ཕ་རྒན་ཕྱིར་ལོག་བྱུང་ལ།  ཁོར་དཔེ་ཆ་ཡང་ཉོས་འདུག  
   རེབ་དེར།  ཕ་རྒན་གྱིས་ཁོར་དཔེ་ཆ་གཉིས་ཉོས་མོད། འོན་ཀྱང་། དེ་གཉིས་ལས་གཅིག་ནི་《བསྟོད་སྨོན་ཕྱོགས་བསྒྲིགས།》རེད། 
   གང་ལྟར།  དེ་ནས་བཟུང་། ཁོས་ཀྱང་སྔོན་ཆད་གོ་ཐོས་སུ་ཡོད་པའི་ཀ་ཁ་སྦྱོང་འགོ་ཚུགས། ཞང་ཡ་རེ་ཡི་བཀའ་དྲིན་གྱིས་ཁོས་ཀ་ཁ་ཟེར་བ་དེར་འབད་པ་ལྷུར་ལེན་བྱས། ཞང་ཡ་རེ་ཡི་བཀའ་དྲིན་གྱིས་ཁོས་ཀ་ཁ་ཟེར་བ་དེར་སྦྱངས་འབྲས་གཡུར་ཟ་བླངས། 
   གང་ལྟར།  དེ་ནས་བཟུང་། ཁོས་《དམངས་གླུ་ཕྱོགས་བསྒྲིགས།》དང་《བསྟོད་སྨོན་ཕྱོགས་བསྒྲིགས།》ཁྱེར་ནས་ལུག་རྫིར་སོང་།  དེ་ནས་བཟུང་། ཁོས་《དམངས་གླུ་ཕྱོགས་བསྒྲིགས།》དང་《བསྟོད་སྨོན་ཕྱོགས་བསྒྲིགས།》ཁྱེར་ནས་ཞང་ཡ་རེ་བླངས། ལུག་རྫིར་ཡང་ཡང་སོང་ནས།  ཞང་ཡ་རེ་ཡང་ཡང་བླངས་པས།  ཁོས་ཞང་ཡ་རེ་གསར་བ་མང་བོ་ཞིག་ལེན་ཤེས་སོང་ལ།  ཁོའི་ཞང་ཡ་རེ་མུ་མཐུད་དུ་ཇེ་མང་ལ་སོང་།  ཁོའི་ཞང་ཡ་རེ་མུ་མཐུད་དུ་ཇེ་སྙན་ལ་སོང་།  དེ་དང་མཉམ་དུ།  《དམངས་གླུ་ཕྱོགས་བསྒྲིགས་》ཀྱི་རྒྱབ་ཤོག་བརྡོལ་སོང་། 《དམངས་གླུ་ཕྱོགས་བསྒྲིགས་》ཀྱི་དཔེ་བྱང་བསུབས་སོང་།
   ཡིན་ཡང་།  《དམངས་གླུ་ཕྱོགས་བསྒྲིགས།》ཀྱི་ནང་དོན་ཇེ་གསལ་ནས་ཇེ་གསལ་རེད།  ཁོའི་བློ་ན་ཇེ་གསལ་རེད།
   ཡིན་ཡང་།  《བསྟོད་སྨོན་ཕྱོགས་བསྒྲིགས།》སྔར་བཞིན་སོ་མ་རེད།
   དེ་ལྟར།  ཞང་ཡ་རེ་ཡིས་ཁོའི་ཉི་མ་རེ་རེར་དོན་སྙིང་གསར་བ་རེ་སྣོན་བཞིན་ཡོད། དེ་ལྟར།  ཞང་ཡ་རེ་ཡིས་ཁོ་རང་ན་མཉམ་ཀུན་ལས་མི་གྲལ་དུ་ཚུད་པར་བྱས།  དེ་ལྟར། ཞང་ཡ་རེ་ཡིས་ཁོར་སྙན་གྲགས་དང་དགའ་བ་དཔག་མེད་བྱིན།  དེ་བས། ཁོས་ཞང་ཡ་རེ་རང་ཉིད་ལ་བཀའ་དྲིན་ཆེ་བར་འདོད་ཡོད།   དེ་བས།  ཁོ་ཞང་ཡ་རེ་ལ་བརྩེ་དུང་ཡ་མཚན་ཞིག་ཆགས་ཡོད།
   ཁོ་ཞང་ཡ་རེ་ལ་བརྩེ་དུང་ཆགས་དོན་ཏག་ཏག་འདི་ཙམ་ག་ལ་ཡིན།  ཁོ་རང་ཕོ་ལོ་ཉི་ཤུ་ལ་སོན་པའི་ཉིན་ཞིག་ལ། ཁོས་ནམ་རྒྱུན་ལྟར་ཞང་ཡ་རེ་རི་ལུང་ཐང་གསུམ་ལ་སྐྱིལ་བཞིན་ལུག་རྫིར་སོང་། ལུག་རྫིར་སོང་ནས་ཚེ་བཟང་སྐྱིད་ལ་ཐུག ཚེ་བཟང་སྐྱིད་ཀྱི་བརྩེ་དུང་ལ་ཐུག  ཚེ་བཟང་སྐྱིད་ཀྱིས་ཁོར་བསྟོད་པ་སྣ་ཚོགས་བྱས་ནས་ལ་གཞས་ཤིག་ལེན་དུ་བཅུག  ལ་གཞས་དེ་བླངས་པས་ཚེ་བཟང་སྐྱིད་ལ་མིག་ཆུ་ཤོར་སོང་། 
ཡིན་ཡང་།  མིག་ཆུ་དེ་ཁོས་མཐོང་མེད།
   ཡིན་ཡང་། ཚེ་བཟང་སྐྱིད་ཀྱི་སྐད་ཆ་ཞིག་ཁོས་ནམ་ཡང་བརྗེད་མི་སྲིད།  རྒྱུ་མཚན། ཁོས་ནམ་ཡང་སྐད་ཆ་དེའི་ཧ་མ་གོ་བས་རེད།
   “ཁྱོས་གླུ་བླངས་ན།  ང་ལ་ངུ་རྒྱུ་ཡོང་གི”
   སྐད་ཆ་འདི་ཐོས་མ་ཐག  ཁོས་ཅི་ཞིག་བྱ་དགོས་པའང་མ་ཤེས། ཅ་ཞིག་བྱ་དགོས་པའང་མ་ཤེས་པར་ཚེ་བཟང་སྐྱིད་ཀྱི་ལག་ཕྱིས་ཕྲོགས་ནས་བྲོས་སོང་། ཚེ་བཟང་སྐྱིད་ཀྱིས་ཁོར་སྡིགས་བཞིན་འདུག  དེར་མ་ཟད།  ཨོང་བ་སྐམ་པོ་ཞིག་ཀྱང་ཁོའི་རྗེས་ལ་འཕངས་བྱུང་། ཡིན་ཡང་། སྐབས་དེར་མོའི་གདོང་ལ་འཛུམ་ཞིག་ལངས་ནས་འདུག
   ཉིན་དེའི་དགོང་མོ།  ཁོའི་གླུ་སྐད་ཚེ་བཟང་སྐྱིད་ཚང་གི་ཕྱོགས་ན་བསྐྱིལ་ནས་འདུག་ཟེར། 
   ལོ་དེའི་སྟོན་ཁ།  ཚེ་བཟང་སྐྱིད་ཁོ་ཚང་གི་སྒོ་ཕྱི་ནང་ཀུན་ན་འཚུབ་མ་འཁོར་འཁོར་བྱེད་བཞིན་པར་གྲགས།
   འདི་ལྟར།  ཞང་ཡ་རེ་ཡིས་ཁོ་ལ་ཚེ་བཟང་སྐྱིད་དང་།  ཚེ་བཟང་སྐྱིད་ཀྱི་ཡག  ཚེ་བཟང་སྐྱིད་ཀྱི་འདང་སོགས་བསྩལ་བ་རེད།  དེ་བས།  ཁོ་ཞང་ཡ་རེ་ལ་ཚེ་བཟང་སྐྱིད་ལ་ཡོད་པའི་ཡིད་ཆེས་ཤིག་ཡོད།  ཁོས་ཞང་ཡ་རེ་ལ་ཚེ་བཟང་སྐྱིད་ལ་བཅངས་པའི་བརྩེ་དུང་ཞིག་བཅངས་ཡོད། 
    དེ་བས་ཀྱང་ཁོས་ཞང་ཡ་རེ་རང་ཉིད་ལ་བཀའ་དྲིན་ཆེ་བར་བསམས།
    ཚེ་བཟང་སྐྱིད་དང་གཉེན་བསྒྲིགས་པའི་ཕྱི་ལོར།  ཁོ་ཚོའི་སྡེ་བའི་བུ་མོ་ཞིག་སྡེ་བ་གཞན་པ་ཞིག་ཏུ་གནས་ལ་སོང་།  བུ་མོ་བསྐྱལ་བའི་ཉིན་དེར། ཁྱིམ་ཚང་དེས་ཆེད་དུ་ཁོ་རང་གླུ་ལེན་པར་ཁྲིད།  ཁོས་ཀྱང་སྟོན་ཐོག་ནས་ཞང་ཡ་རེར་བཀུག་ནས་གླུ་མང་དུ་བླངས་ལ།  ཉིན་དེར་ཡང་ཁོས་ཁྲོམ་པ་ཡོངས་རྫོགས་འཇམ་ཅག་གེར་བཏང་། 
    ཞང་ཡ་རེ་མང་བོ་བླངས་རྗེས།  ཁོས་གྲལ་དཀྱིལ་ནས་ཝུ་ཆང་འཐུང་བཞིན་བསྡད། སྐབས་དེར་ཁོར་རང་ཉིད་ཀྱིས་འཐུང་བཞིན་པ་ནི་ཝུ་ཆང་མིན་པར་རྒྱལ་ཁ་ཞིག་གམ།  ལ་རྒྱ་ཞིག་ཡིན་པའི་ཉམས་སྣང་ཞིག་སྐྱེས། 
ཏག་ཏག་སྐབས་དེར།  གཉེན་ཚང་གི་བུ་མོ་ཞིག་གིས་ལ་གཞས་ཤིག་ཐོལ་གྱིས་བཀྱགས་བྱུང་།  ལ་གཞས་ཤིག་སང་སང་དུ་བཀྱགས་ནས་ཨ་ཞང་གི་གྲལ་དུ་འཁོར།  ག་ལེར་འཁོར་བཞིན་ཆང་དཀར་ཁོའི་ལག་ཏུ་གཏད་བྱུང་།  ཁོས་ཀྱང་ཞང་ཡ་རེ་ཡིས་བསྐྱེད་པའི་སྤོབས་པ་དང་ཆང་མངར་མོ་ཡིས་བསླངས་པའི་རྩེད་ཕྱོགས་ཀྱིས་ཆང་དཀར་དེར་རྫི་མ་བྱས། ལ་གཞས་དེར་རྫི་མ་བྱས། གླུ་མ་དེར་ཡང་རྫི་མ་བྱས།  
    ཆང་དཀར་ལག་ཏུ་བླངས་ནས།  གླུ་ཚིག་ཁོག་ནས་སྒྲིག་བཞིན།  གླུ་སྐད་རླུང་ལ་སྐུར་བཞིན། ཁོ་རང་བརྒྱ་ཚོགས་སྟོང་འདུས་ཀྱི་ཁྲོམ་དབུས་ནས་དལ་གྱིས་འཁོར་བྱུང་། དལ་གྱིས་འཁོར་བྱུང་བས་ཁྲོམ་པ་ཡོངས་འཇམ་ཅག་གེར་འདུག  འཇམ་ཅག་གེར་འདུག་པས་ཁོའི་གླུ་སྐད་ཕྱོགས་ཕྱོགས་ན་བྲག་ཅར་འཁྱིལ། བྲག་ཅ་དེ་ཧ་ཅང་གསལ། 
   ཉིན་གུང་ཡོལ་སོང་།  ཁྲོམ་པ་ཡོངས་འཇམ་ཅག་གེར།  ཁོའི་གླུ་སྐད་སྙན་ལྷང་ངེར།
   ཕྱི་དྲོ་སླེབས་བྱུང་། ཁྲོམ་པ་ཡོངས་འཇམ་ཅག་གེར།  ཁོའི་གླུ་སྐད་སྙན་ལྷང་ངེར།
   ཁོའི་གླུ་སྐད་སྙན་པ་ཙམ་ག་ལ་ཡིན།  ཁོའི་སྐད་ངག་བདེ་བ་ཙམ་ཡང་ག་ལ་ཡིན། ཁོའི་གླུ་ཚིག་ཀྱང་ཀུན་གྱིས་གོ་མ་མྱོང་བའི་གསར་བ་ཏག་ཏག་རེད།  དེ་ཙམ་ཡང་ག་ལ་ཡིན།  ཁོས་ཐ་ན་ལེན་རོགས་ཀྱང་རང་ཉིད་ཀྱི་ལ་གཞས་ལེན་པའི་བསམ་བློ་རུ་བཅུག་ནས་འོང་ཐུབ་ཟེར།  རོགས་ཐུག་པའི་སྐོར་ནས། རོགས་འགྲོགས་པའི་སྐོར། རོགས་མཐུན་པའི་སྐོར་ནས།  ཁ་གྱེས་པའི་སྐོར་སོགས་གོ་རིམ་རེ་རེ་བཞིན་བླང་རྒྱུ་ཡོད་པས། གླུ་བླངས་ནས་ཚར་རྗེས།  ལེན་རོགས་བུ་མོ་དེའི་སེམས་ཀྱང་གཞི་ནས་བཀུག་ཡོད་པར་གྲགས།
    སྟོན་མོ་གྲོལ་སོང་།  ཨ་ཞང་རྣམས་ཀྱང་ཕྱིར་ལོག་བྱུང་། ཁོ་ཡང་ཨ་ཞང་རྣམས་དང་མཉམ་དུ་ཕྱི་ལོག འོན་ཏེ། ཁོའི་གླུ་སྐད་དུས་གཏན་དུ་སྡེ་བ་དེར་ལུས་སོང་། དེར་མ་ཟད། ཁོ་དང་འབྲེལ་བའི་གླེང་གཞི་གང་མང་ཞིག་ཀྱང་ཁོའི་གླུ་སྐད་དང་འདྲ་བར་སྡེ་བ་དེའི་རི་ལུང་ཐང་གསུམ་དུ་བྲག་ཅར་འཁྱིལ།
   སྡེ་བ་དེའི་མི་མང་བོ་ཞིག་གིས་ཁོའི་མིང་མི་ཤེས་པས།  ཚང་མས་ཁོར་གླུ་བ་ཞང་ཡ་རེ་ཞེས་འབོད་བཞིན་པར་གྲགས།  དེའི་རྗེས་ནས།  གླུ་བ་ཞེས་མ་བོས་ཀྱང་ཁོ་རང་གླུ་བ་ཡིན་པ་སུ་ལའང་ཆ་རྒྱུས་ཡོད་པས།  མི་ཚང་མས་ཐད་ཀར་དུ་ཁོ་ལ་ཞང་ཡ་རེ་ཞེས་བོས་པ་རེད། 
    དེ་ནས་བཟུང་། ཞང་ཡ་རེ་ཞེས་པའི་གླུ་སྐད་འདི་མི་ཞིག་གི་མིང་དུ་གྱུར་བ་རེད། 
    ཡང་གཅིག་བཤད་ན།  དེ་ནས་བཟུང་།  སྡེ་ཕྱི་ནང་ཀུན་གྱིས་ཁོ་ལ་ཞང་ཡ་རེ་ཞེས་བོས་པ་རེད། 
   དེ་ནས་བཟུང་།  ཁོ་རང་ཞང་ཡ་རེ་ཞེས་ས་ཕྱོགས་ཀུན་ལ་གྲགས།  
   དེ་ནས་བཟུང་།  ཁོ་ཚེ་བཟང་སྐྱིད་ལ་དགའ་དགའ་ཞིག་ཞང་ཡ་རེ་ལ་དགའ།  ཁོས་ཚེ་བཟང་སྐྱིད་གཅེས་གཅེས་ཤིག་ཞང་ཡ་རེ་གཅེས། གལ་སྲིད། ཞང་ཡ་རེ་ཡང་ཚེ་བཟང་སྐྱིད་ལྟར་མཐོང་རྒྱུ་རེག་རྒྱུ་ཡོད་པ་ཞིག་ཡིན་ན།  ཁོས་གཞི་ནས་དེ་ལ་བལྟས་བལྟས་ནས། རེག་རེག་ནས་ཟད་ལ་ཁད་ཅིག་བྱས་ཡོད་ངེས། 
    ཁོ་དང་ཁོའི་ཞང་ཡ་རེ་དེ་ལྟར་རླུང་གིས་ཁུར་སོང་། སྙན་པོར་རླུང་གིས་ཁུར་སོང་།
    རླུང་གིས་ཁུར་ནས་ཡུལ་ཕྱོགས་ཀུན་ལ་གྲགས་སོང་། སྙན་པོར་གྲགས་སོང་།
    རླུང་གིས་ཁུར་ནས་ཁུལ་མི་རིགས་གླུ་གར་ཚོགས་པའི་བར་སྣང་ལ་སླེབས།  ཁུལ་མི་རིགས་གླུ་གར་ཚོགས་པའི་བར་སྣང་ལ་ཡང་སྐོར་བསྐྱར་སྐོར་དུ་ཁུར་ནས་འོང་བས། ཁུལ་མི་རིགས་གླུ་གར་ཚོགས་པའི་རླངས་འཁོར་དེ་ལམ་ལ་མི་ཆས་ཀ་མེད་བྱུང་།
    ལམ་ལ་ཆས་ནས་འབྲོག་སྡེ་འདིར་སླེབས་ལ། དེ་ནས་ཁོ་ཚང་ལ་ཐོན།  དེ་ནས་ཁོ་རང་ཁྲིད་ནས་ཕྱིར་ལོག་སོང་བར་གྲགས།  འདི་ལྟར་གྲགས་སོང་བས།  སྡེ་མི་ཚང་མ་ཁོ་ལ་དད་པ་ལྷུག་ལྷུག་ཏུ་སྐྱེས།  ན་གཞོན་ཚང་མ་ཁོ་ལ་སྨོན་པ་དབང་མེད་དུ་ཤོར།  
    ཁོ་རང་ཡང་དགའ་བའི་དགོད་སྒྲ་དང་མཉམ་དུ་ཁོ་ཚོར་འགྲོགས་ནས་ཕྱིན།
    ཁོས་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་མི་ཡོངས་ཀྱི་མདུན་ནས་གླུ་ཞིག་བླངས། ཞང་ཡ་རེར་བཀུག་ནས་གླུ་ཞིག་བླངས།  ཞང་ཡ་རེར་བཀུག་ནས་གླུ་ཞིག་བླངས་པས། ཚོགས་མི་ཚང་མ་ཧ་ལས་སུ་བཅུག  ཚོགས་མི་ཕལ་མོ་ཆེ་ངོ་གནོང་བར་བྱས། དེ་བས། ཁུལ་མི་རིགས་གླུ་གར་ཚོགས་པའི་འགོ་བས་ཆེད་དུ་ཁོ་དང་མཉམ་དུ་ཁ་བརྡ་ཞིག་བྱས། 
   “གླུ་བ་ཞང་ཡ་རེ།  ཁྱོད་ཀྱི་སྐད་ངོ་མ་སྙན་མོ་རེད།”
    ཁོ་འཛུམ་ཙམ་བྱས་པ་ལས། ཅི་ཡང་མ་བཤད། དེ་ནི་སྨྲ་བ་མེད་པའི་ཡིད་འཐད་ཅིག་ཡིན་པ་སུས་མི་ཤེས།
    “འོན་ཏེ།  དེང་སང་། སྤྱི་ཚོགས་སྟེང་ན་རྒྱུགས་ཆེ་བ་དེང་གཞས་ཡིན་པ་ཁྱོས་ཀྱང་ཤེས་རྒྱུ་རེད། དེ་བས་་་་”
   ཁོ་སྔར་བཞིན་ཁ་རོག་གེར་བསྡད། འོན་ཀྱང་ཐེངས་འདིར་ཁོའི་གདོང་གི་འཛུམ་མདངས་མི་འདུག
   “གལ་སྲིད་ཁྱོད་ཀྱི་སྐད་ངག་འདིས་དེང་གཞས་ཤིག་བླང་རྒྱུ་ན་་་་་་”
   ཁོས་ཅི་ཡང་མ་བཤད། ཁོས་ཅི་ཡང་མ་བཤད་པར་ཕྱིར་ཡུལ་དུ་ལོག  ཕྱིར་ཡུལ་དུ་ལོག་ནས་ཀྱང་ཁོས་ཉི་མ་འགར་ཅི་ཡང་མ་བཤད་ཟེར། 
   འོན་ཏེ། འབྲོག་སྡེ་སོ་སོར་ཁོ་རང་སྔར་བས་ཀྱང་གྲགས་སོང་། ཁོས་ཁུལ་མི་རིགས་གླུ་གར་ཚོགས་པའི་གདན་ཞུའང་དང་ལེན་མ་བྱས་པ་རེད་ཅེས་གྲགས་སོང་། 
   འདི་ལྟར་གྲགས་སོང་བས།  ཁོས་མུ་མཐུད་དུ་ཞང་ཡ་རེ་བླངས། ཞང་ཡ་རེ་བླངས་ནས་རྩྭ་ཐང་ཡོངས་ལ་སྙན་འཇེབས་བསྐྱིལ། 
   ཅང་མ་འགོར་བར།  ཁོས་ཕ་རྒན་གྱིས་བརྙན་འཕྲིན་ཟེར་བ་ཞིག་ཉོས་བྱུང་། ཁོས་དེ་ནི་ཅི་ཞིག་ཡིན་པའང་མི་ཤེས། ཡིན་ཡང་།  ཁོས་དེ་ལས་ད་གཟོད་དེང་གཞས་ཟེར་བ་དེ་ཇི་འདྲ་ཞིག་ཡིན་པ་གོ་སོང་།  གོ་སོང་བས།  ཁོ་རང་དེང་གཞས་ཟེར་བ་འདིར་དགོད་རྒྱུ་ཞིག་འོང་། དེ་བས་ཀྱང་སྙིང་རྗེ་ཞིག་སྐྱེས། དེ་བས་ཀྱང་ཁུལ་མི་རིགས་གླུ་གར་ཚོགས་པའི་འགོ་བ་དེར་སྙིང་རྗེ་ཞིག་སྐྱེས། 
   ཅང་མ་འགོར་བར། ན་གཞོན་སྐོར་ཞིག་གིས་ལག་འཁྱེར་ཁ་པར་ཟེར་བ་ཞིག་བཟུང་བྱུང་། དེ་དག་ལས་ཀྱང་དེང་གཞས་སྣ་མང་ཞིག་གཏོང་བཞིན་འདུག་ལ། མི་རིགས་གཞན་གྱི་དེང་གཞས་ཀྱང་གྲག་བཞིན་འདུག འོན་ཏེ། ཁོ་སྔར་བཞིན་དེང་གཞས་དེ་དག་ལ་དགོད་ཁ་རེ་ཤོར་ཞིང་།  ན་གཞོན་དེ་ཚོར་སྙིེང་རྗེ་ཞིག་སྐྱེས། 
    ཅང་མ་འགོར་བར།སུ་ཞིག་གིས་mp༣ཟེར་བ་ཞིག་ལ་ཉན་བཞིན་འདུག་ཟེར།  དེར་མཐུད་ནས།  mp༤དང་ mp༥སོགས་བྱུང་འདུག་པར་གྲགས།  ན་གཞོན་རྐྱལ་སྟོང་སྐོར་ཞིག་གིས་ད་དུང་ mpསྟོང་འབྱུང་བར་ཡང་ཁྲིགས་ཁྲིགས་མེད་ཅེས་སྒྲོག་བཞིན་འདུག་ཟེར།
   གང་ལྟར།  འབྲོག་སྡེ་འདིའི་བར་སྣང་ན།  ཁོའི་གླུ་སྐད་དང་མཉམ་དུ་མང་བོ་མང་བོ་ཞིག་གྲག་བཞིན་འདུག  གྲག་སྐད་ཇེ་ཆེ་ནས་ཇེ་ཆེར་གྱུར། ལྷག་པར་དུ་ལོ་འདིར་ཁོས་ཕ་རྒན་ཡང་འདས་སོང་བས། ཁོས་ལོ་གཅིག་གི་རིང་ལ་ཞང་ཡ་རེ་ལེན་མ་ཐུབ། ལོ་གཅིག་གི་རིང་ལ་སྡེ་མི་ཚོས་ཁོའི་ཞང་ཡ་རེ་གོ་མ་ཐུབ། དེ་བས། གྲག་སྐད་དེ་དག་སྔར་བས་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་།
   གྲག་སྐད་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར་བས།  འདུན་འོག་ནས་གྲོལ་མ་ཐག ཁོས་ཡང་བསྐྱར་ཞང་ཡ་རེ་བླངས།
   ཞང་ཡ་རེ་སྙན་མོ་བླངས། ལེན་བཞིན་ལེན་བཞིན།  ཁོས་ཁྱིམ་ཚེས་བྱིས་པ་ཚོར་ཞང་ཡ་རེ་ལེན་སྟངས་འཁྲིད་རྩིས་བྱས། འོན་ཏེ།  ཁོས་རྣམ་ཀུན་བྱིས་པ་ཚོར་ཞང་ཡ་རེ་ལེན་སྟངས་ཁྲིད་ཟེར་དུས།  བྱིས་པ་ཚོས་ནམ་ཡང་ཁོ་ལ་སྐད་ཆ་སྙིང་ལ་ཟུག་པ་ཞིག་བཤད་འོང་། 
   “ཨ་ཁུ་ཞང་ཡ་རེ།  ངས་ཁྱོད་ལ་དེང་གཞས་ལེན་སྟངས་འཁྲིད་ན་ཇི་འདྲ་རེད།”
   ཞང་ཡ་རེ་སྙན་མོ་བླངས།  ལེན་བཞིན་ལེན་བཞིན།  ཁོས་ཁ་ཡ་ན་ཟླ་ཚོའི་ཁ་པར་དུ་རང་ཉིད་ཀྱི་ཞང་ཡ་རེ་བླང་ན་བསམས། འོན་ཏེ།  ཁོས་རྣམ་ཀུན་ཁོ་ཚོའི་ཁ་པར་དུ་རང་ཉིད་ཀྱི་ཞང་ཡ་རེ་ལེན་ཟེར་དུས།  མི་དེ་ཚོས་ནམ་ཡང་ཁོ་ལ་སྐད་ཆ་སྙིང་ལ་ཟུག་པ་ཞིག་བཤད་འོང་།
     “ཞང་ཡ་རེ།  ངས་ཁྱོད་ཀྱི་ཁ་པར་དུ་དེང་གཞས་བླང་ན་ཇི་འདྲ་རེད།”
       འདི་ལྟར།  ཁོའི་ཞང་ཡ་རེ་ལ་ཉན་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར།  འདི་ལྟར་ཁོ་དང་ཁོའི་ཞང་ཡ་རེ་ཁེར་རྐྱང་དུ་ལུས། ཡིན་ཡང་།  ཁོས་སྔར་བཞིན་ཞང་ཡ་རེ་བླངས།  ཁོ་ནམ་ཡང་ཞང་ཡ་རེ་ལ་དགའ།
        སྐབས་འདིར།  ཁོས་ཡང་བསྐྱར་ལུག་ཁྱུ་དང་སྤྲིན་དཀར་ལ་ཞང་ཡ་རེ་བླངས།  ལྷོ་གཡུ་འབྲུག་འདྲ་ཞིག་གྲགས་ནས་བླངས།
        སྐབས་འདིར།  ཁོས་ཡང་བསྐྱར་ས་ཆེན་དང་ནམ་མཁའ་ལ་ཞང་ཡ་རེ་བླངས། ཆར་བསིལ་མ་འདྲ་ཞིག་བབས་ནས་བླངས། 
        སྐབས་འདིར།  ཁོས་ཡང་བསྐྱར་རི་བོའི་མཐོ་སར་བླངས།  ཆུ་བོའི་གཙང་སར་བླངས། མེ་ཏོག་དགོད་སར་བླངས།  
        འདི་ལྟར།  ཁོའི་ཡིད་ལ་ཆུང་དུས་ཀྱི་རང་ཉིད་ཤར། ཁོའི་རྣ་བར་ཆུང་དུས་ཀྱི་ཞང་ཡ་རེ་གྲགས། ཁོའི་སེམས་ལ་ཆུང་དུས་ཀྱི་ཚེ་བཟང་སྐྱིད་མངོན། དེ་བས་ཀྱང་ཁོ་མོས་བཤད་པའི་སྐད་ཆ་དེ་དྲན་ཞིང་གྲགས།  ཡང་ཡང་གྲགས།
       “ཁྱོས་གླུ་བླངས་ན།  ང་ལ་ངུ་རྒྱུ་ཡོང་གི”
       སྐབས་འདིར།  ཁོའི་སེམས་སུ་སྐད་ཆ་འདི་སྔར་བས་ཀྱང་རྟོགས་དཀའ་བ་ཞིག་ཏུ་གྱུར་སོང་། 
        དེ་ནས་ཅང་མ་འགོར།  འབྲོག་ཁུལ་འདིར་ཤེས་མེད་ཚོར་མེད་ངང་སྲིད་ཇུས་ཤིག་ཁྱབ་བསྒྲགས་བྱས་བྱུང་ལ། འབྲོག་པ་ཚོས་ཤེས་མེད་ཚོར་མེད་ངང་དང་ལེན་བྱས་འདུག  དང་ལེན་བྱས་པ་དེ་ད་དུང་དགའ་དགའ་སྤྲོ་སྤྲོའི་ངང་དང་ལེན་བྱས་པ་རེད།  འོན་ཏེ། ཅི་ཞིག་དགའ་བཞིན་པ་ཤེས་མཁན་ཞིག་མེད་ལ། གང་ཞིག་ལ་སྤྲོ་བཞིན་པ་ཤེས་མཁན་ཞིག་ཀྱང་མེད།
གང་ལྟར།  ཁོ་ཚོས་དེ་ལྟར་དང་ལེན་བྱས་བྱུང་།  ཞང་ཡ་རེ་ཡང་དེ་བཞིན་རེད།  ཁོས་ཀྱང་དགའ་སྤྲོའི་ངང་དང་ལེན་བྱས།
ཡིན་ཡང་།  ཅང་མ་འགོར་བར།  ཁོ་ཚོས་སྲིད་ཇུས་དེ་ཅི་ཞིག་ཡིན་པ་ཤེས་སོང་།
   ཅི་ཞིག་རེད་ཟེར་དུས།  འབྲོག་དམངས་གཏན་སྡོད་བྱ་རྒྱུའི་སྲིད་ཇུས་ཤིག་རེད་ཟེར།
   ཚང་མས་དེ་ལྟར་ཡིན་པར་བསམས་ནས་ཅང་མ་འགོར་བར།  ཡང་མི་དྲན་དགུ་དྲན་བྱེད་མཁན་སུ་ཞིག་གིས་འབྲོག་དམངས་གཏན་སྡོད་ཅེ་ན་ཅི་ཞིག་རེད་ཅེས་དོགས་པ་ཞིག་བསླངས། 
   དེ་བས།  འབྲོག་སྡེ་འདི་ཡང་བསྐྱར་ཁུ་སུམ་མེར་ལུས། 
   ཡིན་ཡང་།  ཞང་ཡ་རེ་ཡི་ཞང་ཡ་རེ་སྐབས་འདིར་ལྷང་ལྷང་དུ་གྲག་བཞིན་འདུག མི་ཚང་མས་ད་གཟོད་ཅི་ཞིག་དྲན་འོང་བ་ལྟར།  ངོ་མ་སྙན་པོ་རེད་ཅེས་བསྟོད།
དེ་ནས་ཅང་མ་འགོར་བར། མི་ཞིག་གིས་འབྲོག་དམངས་གཏན་སྡོད་ཅེས་པ་ནི་རྒྱལ་ཁབ་ཀྱིས་འབྲོག་པ་མི་དམངས་གསོ་རྒྱུ་ཡིན་ཞེས་པའི་དོན་རེད་ཅེས་བསྒྲགས་བྱུང་། རིན་མི་དགོས་པར་གསོ་རྒྱུ་རེད་ཅེས་བསྒྲགས་མ་ཐག  མི་ཚང་མས་དེ་ལ་ཡིད་ཆེས་བྱས། མི་ཚང་མས་དེ་རེ་སྒུག་བྱས།  མི་ཚང་མས་དེ་ལ་བཀའ་དྲིན་ཞུས།
   ཞང་ཡ་རེ་ཡང་དེ་ལས་མ་འདས། ཁོས་ཞང་ཡ་རེ་ལ་ཡིད་ཆེས་བྱས་པ་ལྟར་དེ་ལ་ཡིད་ཆེས་བྱས།  ཁོས་ཞང་ཡ་རེ་ལ་བཀའ་དྲིན་ཞུས་པ་ལྟར་དེ་ལ་བཀའ་དྲིན་ཞུས།
   དེ་ནས་ཅང་མ་འགོར་བར། འབྲོག་པ་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་གཏན་སྡོད་བྱ་བར་ཞོགས། དེ་ནས་ཅང་མ་འགོར་བར། འབྲོག་པ་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་གཏན་སྡོད་བྱས་བྱུང་།
གཏན་སྡོད་བྱས་རྗེས། འབྲོག་པ་ཚོས་ཞང་ཡ་རེ་ལ་བསྟོད་པ་བཞིན་སྲིད་ཇུས་འདིར་བསྟོད་པ་བྱས།  འབྲོག་པ་ཚོས་ཞང་ཡ་རེ་ལ་ཉན་པ་བཞིན་སྲིད་ཇུས་འདི་ལོངས་སུ་སྤྱད།   གཏན་སྡོད་བྱས་རྗེས། འབྲོག་དམངས་ཚོར་སྐྱིད་ལྷ་ཡུལ་དུ་གྱུར།  འབྱོར་ཀླུ་ཡུལ་དུ་གྱུར།  ཟླ་རེར་དམངས་སྒོར་སྟོང་ཕྲག་འགའི་འཚོ་བའི་ཁ་སྣོན་ལེན་བཞིན།  སྐྱིད་ལ་རོལ།  འབྱོར་བ་རྒྱས། 
   འདི་ལྟར་ལོ་གཅིག་འགོར་སོང་།
   འདི་ལྟར་ལ་གཉིས་་གསུམ་་་བཞི་་་་་
   གློ་བུར་དུ།  འབྲོག་སྡེ་འདིར་གྲག་འགུལ་གསར་བ་ཞིག་བྱུང་།  ཆེས་ཐོག་མར་གྲག་འགུལ་འབྱུང་མཁན་ནི་ཞང་ཡ་རེ་རེད། 
   ཞང་ཡ་རེ་ཚང་གཏན་སྡོད་བྱས་པ་ནས་བཟུང་།  ཁོས་སྲིད་ཇུས་གསར་བ་དེའི་དཔལ་ལ་རོལ་བཞིན།  ཞང་ཡ་རེ་བླངས།  ཞང་ཡ་རེ་སྙན་མོ་བླངས།
    ཞང་ཡ་རེ་སྙན་མོ་བླངས་པས།  དགོང་མོ་ཞིག་ལ་ཁོའི་བློ་ཡུལ་ལས་འདས་པའི་དོན་ཞིག་བྱུང་སོང་།
       དགོང་མོ་དེར།  ཁོིས་རང་གི་ཁང་མིག་ཆུང་ངུ་དེར་ཞང་ཡ་རེ་ལེན་བཞིན་ཡོད། བཟའ་མི་གང་བོར་ཞང་ཡ་རེ་བླངས་ནས་འདུག གློ་བུར་དུ་ཁོས་ཞང་ཡ་རེ་ལེན་མཚམས་ཆད་སོང་། 
        རྒྱུ་མཚན།  མི་ཞིག་གིས་ཁོ་ཚང་གི་སྒོ་བརྡུངས་བྱུང་བས་རེད།
        ཁོ་རང་སོང་ནས་སྒོ་ཕྱེས་རྗེས།  ཁོ་རང་ཕྱིར་ཡོང་རྒྱུ་མ་བྱུང་། 
        ཚེ་བཟང་སྐྱིད་ཁོའི་རྗེས་སུ་བརྒྱུགས་ནས་བལྟས་པ་ན།  ཁོ་རང་མངགས་གཏོང་ཁང་གི་མི་འགས་ཁྲིད་ནས་བུད་སོང་།  ཁོ་མོས་ཧ་མ་གོ  ཁོ་ཚོས་ཅི་ཞིག་ལ་ཁོ་རང་གཟུང་དགོས་པ་རེད།  བསམ་བློ་ཡང་ཡང་བཏང་།  ཕྱིར་འདང་ཡང་ཡང་བརྒྱབ།  ཡིན་ཡང་ཁོ་མོས་ཅི་ཡང་མ་རྟོགས། བསམ་བློ་བཏང་ནས།  ཕྱིར་འདང་བརྒྱབ་ནས་ཐོབ་འོང་བ་ནི་ཏག་ཏག་མིག་ཆུ་དང་མིག་ཆུ་རེད།
        ཁོའང་དེ་བཞིན་རེད།   ཁོས་ཀྱང་ཧ་མ་གོ  ཁོ་ཚོས་རང་ཉིད་ཅི་ཞིག་གཟུང་དགོས་པ་ཡིན་ནམ།  བསམ་བློ་བཏང་ནས། ཕྱིར་འདང་བརྒྱབ་ནས་ཐོབ་འོང་བ་ནི་ཏག་ཏག་ཞེ་སྡང་དང་ཞེ་སྡང་རེད།
         འོན་ཏེ།  མངགས་གཏོང་ཁང་དུ་སླེབས་པ་ན།  ཁོས་ཡོད་ཚད་རྟོགས་སོང་། རྟོགས་སོང་བས་ཁོ་རང་ཧ་ལས་སོང་།
         མ་གཞི་ཁོའི་ཁྱིམ་མཚེས་ཚོས་ཁོ་རང་གཏུགས་པ་རེད།  ཡིན་ཡང་།  ཁོ་རང་ཧ་ལས་དོན་ནི་ཁྱིམ་མཚེས་ཚོས་ཁོ་རང་གཏུགས་པ་དེ་མ་ཡིན་པར།  དེ་ཚོས་ཁོ་རང་གཏུག་དགོས་པའི་རྒྱུ་མཚན་དེ་རེད། 
          ཁྱིམ་མཚེས་ཚོས།  ཞང་ཡ་རེ་ཡིས་ཉིན་མཚན་མེད་པར་ཞང་ཡ་རེ་བླངས་པས། ཁོ་ཚོའི་ལྷིང་འཇགས་ཀྱི་འཚོ་བར་བར་ཆད་བྱས་འདུག་ཅེས་གཏུགས་འདུག  ཁྱིམ་མཚེས་དེ་དག་ནི་སྔོན་ཆད་ཁོའི་ཞང་ཡ་རེ་ལ་དགའ་མཁན་ཏག་ཏག་ཡིན།  དེ་བས་ཀྱང་ཁོའི་ཞང་ཡ་རེ་ལ་བསྟོད་བསྔགས་བྱེད་མཁན་ཏག་ཏག་ཡིན། 
          དེ་བས།  ཁོ་རང་མངགས་གཏོང་ཁང་ནས་ཕྱིར་ཡོང་རྗེས། ཉིན་འགར་ཁ་རོག་གེར་ལུས་སོང་། 
          ཁ་རོག་གེར་ལུས་སོང་བས།  འབྲོག་སྡེ་འདིའི་བར་སྣང་ན་ཞང་ཡ་རེ་མེད།  ཞང་ཡ་རེ་བླངས་རྗེས་ཀྱི་དགོད་སྒྲ་མེད།  དེ་དག་མེད་པས།  འབྲོག་སྡེ་འདི་དངོས་གནས་ལྷིང་འཇགས་སེ་འདུག
          དེ་ནས་བཟུང་།  ཁོས་འབྲོག་དམངས་གཏན་སྡོད་ཀྱི་སྲིད་ཇུས་འདིར་འཁང་ར་བྱས། ལེ་བདའ་བྱས།  དེ་དང་ཆབས་ཅིག   ཁོས་རྩྭ་ཐང་དྲན།  རྩྭ་ཐང་གི་ཆུ།  རྩྭ་ཐང་གི་རི།  རྩྭ་ཐང་གི་གནམ།  གནམ་གྱི་སྤྲིན།  ད་དུང་མང་བོ་མང་བོ་ཞིག་དྲན་ནས་འོང་། 
          རྩྭ་ཐང་མེད་པས། ཞང་ཡ་རེ་དང་ཞང་ཡ་རེ་ཡི་གླུ་སྐད་ཀྱང་ཡལ་ལ་ཉེ། རྩྭ་ཐང་མེད་པས།  ཞང་ཡ་རེ་ཡི་ཁྱིམ་མཚེས་རྣམས་ཀྱང་མེད་ལ་ཉེ། 
           རེད་ཨ།   མཐའ་ཡས་པའི་རྩྭ་ཐང་མེད་པས་ཞང་ཡ་རེ་མེད་ལ། ཞང་ཡ་རེ་མེད་པས་ཁོར་དངོས་གནས་ཅི་ཡང་མེད།
           ཞང་ཡ་རེ་མ་བླངས་པའི་ཉི་མ་འདི་ཚོར།  ཁོས་ད་གཟོད་རང་ཁྱིམ་ལ་ཅི་ཡང་མེད་པ་ཤེས། ཞང་ཡ་རེ་མེད་ན་རང་ཁྱིམ་ནི་སྟོང་བ་སྟོང་བ་ཞིག་ཡིན་པ་ཐོག་མར་ཚོར། སྐབས་འདིར།  ཁོའི་ཆུང་དུས་ཀྱི་ལུག་ཁྱུ་དེའི་འབའ་སྒྲ་ཐོས་རྒྱུ་མེད་ལ། དམངས་སྒོར་སྟོང་ཕྲག་འགའི་འཚོ་བའི་ཁ་སྣོན་ཡང་ཐོབ་མ་བྱུང་། 
           ཏག་ཏག་སྐབས་འདིར།  ཁོའི་ཆུང་དུས་ཀྱི་རྩེད་གྲོགས་ཤིག་གིས་ཁོར་ཡོང་སྒོ་འཚོལ་བའི་ལམ་ཞིག་བསྟན།  ཁོ་རང་ཁུལ་མི་རིགས་གླུ་གར་ཚོགས་པར་འགྲོ་འགྲོ་བྱས་ནས་རྩེད་གྲོགས་དེར་ཐུག་ཏུ་སོང་།
           འོན་ཏེ།  ཅང་མ་འགོར་ཁོ་རང་ཁོ་ཁུལ་མི་རིགས་གླུ་གར་ཚོགས་པ་ལས་ཕྱིར་ཡོང་ཡོང་བྱས་ནས་ཕྱིར་ལོག་བྱུང་།  ཕྱིར་ལོག་རྗེས་ཉི་མ་འགར་ཁ་རོག་གེར་ལུས་སོང་།
             རྒྱུ་མཚན།  ཁོའི་གྲོགས་པོ་དེས་ཁོ་དང་མཉམ་དུ་ཆེད་བསྒྲིགས་བརྙན་འཁོར་ཞིག་ཕབ་བསྐྲུན་བྱ་འདོད་ཡོད་པ་རེད།  ཡིན་ཡང་།  བརྙན་འཁོར་དེར་གཙོ་ཆེར་རྡུང་ལེན་དབབ་རྩིས་ཡོད་པས།  གྲོགས་པོ་དེས་ཁོར་ཡང་རྡུང་ལེན་འགའ་ལེན་པར་བསྐུལ་བ་རེད། 
             དེ་བས།  ཁོ་གྲོགས་པོ་དེར་དགོད་ཁ་རེ་ཤོར་ཞིང་།  ཁོས་གྲོགས་པོ་དེ་སྙིང་རྗེ། ཡང་ན་སྙིང་ལངས། 
              གང་ལྟར། ཕྱིར་ལོག་ནས་ཁོས་ནམ་ཡང་རྩྭ་ཐང་དྲན། རྩྭ་ཐང་ན་འཁྱིལ་བའི་རང་ཉིད་ཀྱི་གླུ་སྐད་དྲན། 
              དེ་ནས་ཅང་མ་འགོར་བར།  ཁོར་ཡང་བསྐྱར་འཕྲིན་བཟང་ཞིག་འབྱོར་སོང་། འཕྲིན་བཟང་དེ་ནི་ཁུལ་མི་རིགས་གླུ་གར་ཚོགས་པའི་བཏང་བ་རེད་ལ།  ཁོ་ཚོས་ཞང་ཡ་རེ་ཡང་བསྐྱར་གདན་འདྲེན་བྱ་འདོད་པ་རེད།  དེར་མ་ཟད།  ཁོ་རང་གདན་དྲངས་ནས་དམངས་གླུ་ལེན་པར་གཞུག་འདོད་པ་རེད།
              ཁོར་མཚོན་ན་འདི་ནི་དངོས་གནས་འཕྲིན་བཟང་ཞིག་ཡིན། དེ་བས། ཁོ་རང་དུས་ལྟར་ཁུལ་མི་རིགས་གླུ་གར་ཚོགས་པར་སོང་། 
              ཁོ་རང་འབྱོར་ཙ་ན། ཁུལ་མི་རིགས་གླུ་གར་ཚོགས་པའི་འགོ་བས་ཡང་བསྐྱར་ཁོ་ལ་ཁ་བརྡ་ཞིག་བྱས།
    “ཁྱོད་ལྟ་བུའི་སྐད་ཆེན་ཞིག་འདི་ལྟར་རྒས་སོང་ན། སུར་མཚོན་ནའང་གྱོང་ཞིག་རེད།”
ཁོ་འཛུམ་ཙམ་བྱས།
   “དེ་བས། ཁྱོད་ལ་དམངས་གླུ་ལེན་དུ་གཞུག་བསམས་པ་ཡིན། ”
   ཁོ་ད་དུང་འཛུམ་ནས་འདུག
   “འོན་ཏེ།  ཁྱོད་ཀྱིས་བླང་རྒྱུ་ནི་གླུ་རྡུང་ལེན་ཞེས་པ་དེ་ཡིན།”
   ཁོས་ཧ་མ་གོ་བའི་བརྡར་ཡང་བསྐྱར་འཛུམ་ཙམ་བྱས།
   “གསལ་བོར་བཤད་ན། དམངས་གླུ་ལ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་འགྱུར་བ་ཏོག་ཙམ་ཞིག་གཏོང་བསམས་པ་ཡིན།”
    ཁོས་ཅི་ཡང་མ་བཤད།  གདོང་ན་འཛུམ་ཡང་མི་འདུག དེ་ལྟར་ཁ་རོག་གེར་སྐད་ཆ་དེར་བསམ་བློ་བཏང་།
    བསམ་བློ་གཏོང་བཞིན་ཡུལ་དུ་ལོག
    ཡུལ་དུ་ལོག་ནས་ཀྱང་བསམ་བློ་བཏང་་་་་་་

                           ༢༠༡༡ལོའི་༡པོའི་ཚེས་༩ཉིན་ལྷ་སྡེ་གཡུ་ཐང་ནས་འཚག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞང་ཡ་རེ་ཟེར་ནས་གླུ་ཞིག་ལེན།

2011-05-02 གློག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།