སྙན་ངག་པ་དབུལ་བོ་དང་ཁོའི་ཉིན་གཅིག་གི་མི་རྐྱང་གི་འཚོ་བ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-02

  ཁོ་རང་སློབ་ཆེན་ནས་མཐར་ཕྱིན་རྗེས་ལོ་གཅིག་ལ་བྱ་བ་མེད་པར་ཡུལ་ནས་བསྡད་དེ་རྗེས་སུ་གཞི་རིམ་གྱི་དགེ་རྒན་ཞིག་ལ་ལས་བསྐོས་བྱས་སོང་བ་འདྲ།ཁོ་འགྲོ་སའི་སྡེ་བ་དེ་ལ་འགྲུམ་འགྲུལ་གྱི་སྟབས་མི་བདེ་ཞིང་ཁོ་ལས་ཚོགས་སུ་འགྲོ་དུས་རྒྱུན་དུ་རང་གི་མིག་འབྲས་བཞིན་གཅེས་བའི་སྦག་སྦག་འཁོར་ལོ་དེར་ཞོན་ནས་ལམ་ལ་ཆས་རྒྱུ་ནི་    ཁོ་ལ་མཚོན་ན་རྒྱུན་ལྡན་གྱི་གོབས་ལོབས་སུ་གྱུར་བའི་འཚོ་བ་རོལ་སྟངས་ཞིག་རེད།  ཁོ་འགྲོ་སྐབས་རང་གི་སྟོད་ལྭ་ནག་པོ་དེ་བརྗེད་མི་རུང་བར་དོགས་ནས་ནམ་རྒྱུན་སང་ཉིན་འགྲོ་དགོས་ཚེ་དེ་དགོང་ནས་བསྡུ་གསོག་བརྒྱབ་ཏེ་ཁུག་མ་ཐད་པོ་དེའི་ནང་དུ་འཇུག་ཅི་ཐུབ་བྱས།  སློབ་འགོ་ཚོགས་པའི་ཉིན་དང་བོར་ཞོགས་པའི་སྐྱ་རེངས་ཀྱི་ཡོལ་བ་དལ་ཀྱིས་ཕྱེས་དུས་ཁོ་རང་སྔ་མོ་ནས་ལམ་ལ་ཆས་འགོ་བརྩམས།ཨ་མས་ཁོ་རང་འགྲོ་སྐབས་“རྣ་ལོ།  ནངས་ཇ་འཐུང་དང་སོང་།”ཞེས་སྐད་ཆེན་པོས་ཡང་དང་ཡང་དུ་བསྐྱར་དུ་རྣ་ལམ་དུ་བརྒྱབ་ནའང་ཁོས་དེ་ལ་དོགས་སྣང་ཅི་ཡང་མེད་པར་སྔར་ནས་རླུང་འཚུབ་འཁོར་བ་བཞིན་ཁུག་མ་ཐད་པོ་དེ་འཕྲུལ་རྟའི་གཞུག་ཏུ་བསྡམས་ནས་ཁ་ཕྱིར་ཙམ་ཡང་མི་འཁོར་བར་“ང་འགྲོ་རྒྱུ་ཡིན”ཞེས་བཤད་མ་ཐག་དེ་ལྟར་བུད་སོང་། སྤྱི་ལེ་གཉིས་ལྷག་གི་མཚམས་ན་སྡེབ་ཚོང་ཁང་ཞིག་ཡོད་ལ་ཁོས་དུས་རྒྱུན་དུ་དངོས་བོ་རེ་ཉོས་ན་དེ་ནས་ཉོས་ཤིང་ནངས་མོ་དེར་དེའང་སྒོ་ཕྱེས་མི་འདུག  ཁོས་མྱུར་མོར་ཚོང་ཁང་དེའི་སྒོ་གླེགས་སྤྲུགས་སྤྲུགས་འགའ་གནང་རྗེས་ཚོང་བདག་མས་“སུ་ཡིན།  ད་དུས་ཚོད་དུ་རེད། ”ཁོས་ངག་འཇམ་པོས་“ང་ཡིན།  ཚོང་ཞིག་རྒྱག་དགོས།”དེ་འཕྲལ་ཁོ་ཡིན་པ་ཤེས་ནས་“ཡ་ཡ  ངས་གོན་རྒྱུ་གོན་བཞིན་ཡོད།”དེ་ནས་ཅུང་མ་འགོར་སྒོ་སིར་སྒྲ་དང་བཅས་ཁྱིམ་བདག་མས་མིག་ཕུར་འགའ་བྱས་རྗེས་“ཁྱོད་ལ་ཅི་ཞིག་དགོས།
  ཁོས་“སྒོར་གཉིས་ཡིན་པའི་ལན་གྲུ་རྟགས་ཅན་གྱི་དུ་བ་དེ་ཨེ་ཡོད”ཁོ་མོས་“དུ་བ་དེ་བག་ཆ་གསུམ་མ་གཏོགས་ལྷག་མི་འདུག གཞན་ཚང་མ་སྒོར་ལྔ་དང་བཅུ་ཅན་ཏག་ཏག་རེད།  གང་ཁྱེར་རྒྱུ།”
  ཁོས་“བག་ཆ་དེ་གསུམ་པོའི་ཆོག་གི”དེ་ཙམ་གྱིས་ཁོས་བསམ་པར་དུ་བ་བག་ཆ་གསུམ་པོའི་
གཟའ་འཁོར་གཅིག་ལ་མི་འདང་བ་ཤེས་ནས་མྱུར་མོར་ཁ་ཕྱིར་འཁོར་ནས་གྲོང་ཁྱེར་ན་འཚོང་བཞིན་པའི་དུ་བ་ལོ་མ་བཙོང་སའི་ཚོང་ར་དེར་ཕྱིན། སྐབས་དེ་དུས་ཏག་ཏག་དུས་ཚོད་དགུ་རེད།  ཁོས་རང་ལ་མཁོ་བའི་དངོས་བོ་དག་ཉོས་ཚར་རྗེས་ཞིབ་མདང་གང་ཡང་མ་བརྒྱབ་པར་རྒྱང་རིང་གི་ཕྱོགས་སུ་བསྒྱུར་འགོ་བརྩམས།  དུས་ཚོད་ཀྱི་མདའ་རྩེ་དང་འགྲོགས་ནས་གཟའ་འཁོར་གཅིག་དེ་ལྟར་འགོར་སོང་།  ཁོས་རང་གི་ཚིད་དྲེག་ཆགས་པའི་ལྭ་བ་དག་ཕྱིར་འཁྱེར་ཡོང་ནས་རང་གི་འདུག་སའི་ཁང་བ་ནང་ཐང་མ་བརྡལ་བ་བཞིན་བཞག་འདུག་པས་ཨ་མས་སེམས་ཀྱི་མ་བཟོད་པར་གྲ་དག་ཞིག་བཀྲུས་ཚར་རྗེས་རེ་རེ་བཞིན་སླར་ཡང་སྔོན་གྱི་ཁང་བ་དེའི་ནང་དུ་བཞག་ཡོད།  དགོང་མོ་དེར་དགོང་འཚལ་འཐུང་རྗེས་ཁོ་རང་དུས་ཚོད་སྐར་ཆ་གཅིག་ལའང་ཨ་མ་དང་མཉམ་དུ་མི་འདུག་པར་ཕྱིར་རང་གི་འདྲེ་ཁང་ལྟ་བུའི་ཁང་མིག་དེར་ལོག་ནས་དཔེ་ཆ་ཞིག་ལ་གཞི་ནས་བལྟ་མགོ་བརྩམས།
  གྲོང་ཁྱེར་གྱི་གློག་སྒྲོན་དག་གི་གཟི་འོད་ཟླ་འོད་ཀྱི་མདངས་དང་འདྲ་བར་སྒེའུ་ཁུང་གི་ཡོལ་རས་བརྟོལ་ནས་ནང་དུ་འཛུལ་འོང་དུས་ཁོའང་འདུག་མི་བཟོད་པར་སྣང་བ་ཞིག་སྐྱེས་ཏེ་སེམས་འཚབ་འཚུབ་ངང་ཕྱི་རོལ་དུ་འཆམ་འཆམ་དུ་འགྲོ་རྒྱུ་བསམ།  ཁོས་རྒྱུན་དུ་ལོབས་ཕྱོགས་ཤིག་ལ་དབྱར་དགུན་སྟོན་དཔྱིད་མེད་པར་གོ་ལྷམ་རྙིང་བ་ཤིག་གྱོན་ནས་རྐང་འབོབ་མི་གྱོན་པ་ནི་རང་ཉིད་མལ་ལས་ལངས་དུས་སུ་སྟབས་བདེའི་ཡོང་ཆེད་དུ་ཡིན་པར་འདོད་ཀྱང་སུས་ཀྱང་ཁོ་ལ་དབང་རྩ་མི་ཚང་བའི་ནད་རྟགས་ཡོད་པའི་བསམ་པ་དེ་ནི་ཅིས་ནས་ཀྱང་ཡོད་ངེས་བ་ཞིག་རེད།  དེ་ནས་ཁོས་གློ་བུར་དུ་དཔེ་ཆ་ཁ་སུམ་ནས་ཤོག་སྟོང་ཤིག་གི་ངོས་ལ་སྙན་ངག་ཅིག་འབྲི་རྒྱུ་རེ་བའང་ཡོད་མོད་སྨུག་ཧ་ཅང་ནག་པས་ཁོས་གོ་ལྷམ་རྙིང་བ་དེ་གོན་མ་གོན་དུ་རྐང་བས་དྲུད་ནས་སྒོར་ཕྱིར་བུད་སོང་།  ཐོག་མར་ཁོ་རང་ཟ་ཁང་སྟབས་བདེ་ཞིག་གི་ནང་དུ་སོང་ནས་ལུག་ཤ་བརྐྱུས་མ་རྐང་་ཉི་ཤུ་དང་།  ཝུ་ཆང་དམ་བུ་གཉིས་འཐུང་ཞོར་འདུག་ཞོར་དུ་བལྟས་བ་ཙམ་ཀྱི་གློག་སྒྲོན་གྱི་འོག་ཏུ་གསར་བུ་གསར་མོ་གཉིས་ཀྱིས་ཕན་ཚུན་བར་ཤབ་ཤུབ་ཀྱི་སྙིང་གཏམ་རེ་བརྗོད་ཀྱིན་འདུག  ཁོས་དུས་ཚོད་རིང་བོ་འི་ནང་ཁོ་གཉིས་ལ་ཅེར་ནས་ལན་རེར་དགོད་བཞིན་དུ་ལན་སྐབས་རེར་སེམས་སྐྱོ་བའི་མགོ་བོ་དུད་ནས་བསམ་འཚོར་དུ་ཨག་སྐད་མཐོན་པོ་ཞིག་བརྒྱབ་པས་དེ་གཉིས་ཀྱང་འདུག་མ་བཟོད་པར་མགྲོན་ཁང་གཙང་མ་ཞིག་གི་སྒོ་ནས་ཅུང་ཙམ་ལངས་རྗེས་དལ་བུར་ནང་དུ་འཛུལ་སོང་།  མུན་ནག་གི་རྔམས་ཁ་ཇེ་ཐུག་ནས་གཏིང་ཇེ་ཟབ་ཏུ་གྱུར་རྗེས་རྒྱ་སྲང་ནའང་རིམ་གྱིས་མི་ཇེ་ཉུང་དུ་གྱུར་བ་དང་གྲོང་ཁྱེར་ཀྱི་གློག་སྒྲོན་དག་གི་མིག་ཟུང་ཡང་རེ་རེ་བཞིན་ཉམས་པར་གྱུར་སོང་།  འདི་ལྟར་ཁོས་དུས་ཚོད་རིང་བོ་ཞིག་ཅི་ལྟར་འགོར་བ་མ་ཤེས་བར་ཟ་ཁང་གི་སྒོ་དེའང་སྟོན་ལ་ཉེ་བར་ཐོན་བྱུང་།
  དེ་ནས་ཁོ་སྒོར་ཕྱིར་བུད་རྗེས་ཆང་འཐུང་འདོད་ཀྱི་བསམ་པ་ཡེ་ནས་སྐྱེས་ཞིང་ལྷག་པར་དུ་ཆང་དཀར་འཐུང་འདོད་ཀྱི་འདུན་པ་འགོག་ཐབས་མེད།  མྱུར་དུ་ཁུག་མ་ནང་བསློག་ནས་སྒོར་ཁུག་ནག་པོ་ཕྱིར་ཕྱངས་རྗེས་ཏག་ཏག་སྒོར་ལྔ་མ་གཏོགས་ལྷག་མི་འདུག  དེ་ནས་གོམ་པ་མྱུར་བགྲོད་ཀྱི་གློག་གཟིམ་མེད་པའི་ཚོང་ཁང་ཞིག་གི་ནང་ནས་ཝུ་ཆང་དམ་བུ་གཉིས་འཁྱེར་ཏེ་སླར་ཡང་རང་གི་མལ་ཤག་གི་ཕྱོགས་སུ་བསྒྱུར་འགོ་བརྩམས།  ཁོའི་ཨ་ཕ་གློ་ལུད་བྱུང་ནས་ལོ་གང་མང་ཞིག་འགོར་ཡོད་པས་ལུད་བརྒྱལ་འཕར་རྒྱུ་ནི་ངེས་གཏན་གྱི་དུས་ཚོད་ཞིག་ཡོད་མི་འདུག  ཁོ་རང་རྒྱ་སྒོའི་འགྲམ་དུ་ཐོན་མ་ཐག་ཐོག་མར་ནང་དུ་མཛུལ་བར་ཨ་ཕའི་ལུད་བརྒྱལ་འཕར་ཡོད་མེད་ལ་ཉན་ཞིབ་ཞིག་བྱས་རྗེས་ད་གཟོད་ནང་དུ་འཛུལ་བ་རེད།  དེ་ནས་ཁོས་ཝུ་ཆང་དམ་བུ་གཅིག་གི་ཁ་ཐེག་སེ་ཕྱེས་ན་མཆོད་ཁ་གསུམ་འཕངས་རྗེས་སྤྱང་ཀིའི་ཤ་རྔམས་པར་ལྟར་སྐད་ཅིག་ཅིག་རིང་ལ་གཞི་ནས་བཏུང་ཚར་སོང་།  དེ་སྔོན་ཁོས་འབྲི་བསམ་པའི་སྙན་ངག་དེའི་མགོ་བསླངས་བ་རེད།
  ཁོས་ཐོག་མར་ཁ་བྱང་ལ་“ངས་དབུལ་བའི་སྙན་ངག་པ་ཞིག་ཆུང་མ་ལེན་འདོད།”ཞེས་བྲིས་ཡོད།
  དུས་ཚོད་ཕྱེད་ཀ་ཞིག་གི་རིང་ལ་ཤད་མར་སྒོས་ལེགས་འགྲུབ་ཆ་ཚང་བ་ཞིག་བྱུང་རྗེས་གཞི་ནས་སེམས་ལྷོད་ལྷོད་སྒོས་གྱེར་འདོན་ཐེངས་བྱས་བ་དང་མཉམ་དུ་གཏི་མུག་གཉིད་ཀྱིས་ཡོངས་སུ་བཏུམ་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་དབུལ་བོ་དང་ཁོའི་ཉིན་གཅིག་གི་མི་རྐྱང་གི་འཚོ་བ།

2012-09-02 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།