སང་ཉིན་ད་དུང་སང་ཉིན་ལ་དབང་སྲིད་དམ།

           དང་པོ།
   མདང་ནུབ་ཕལ་ཆེར་མཚན་གང་བོར་ཚེ་སྒྲོན་མལ་དུ་གཉིད་ཁུགས་མ་བྱུང་ལ།མཚན་སྨད་ཅིག་ཏུ་གཉིད་ཟ་ཟི་ཞིག་ཐོན་ཙམ་བྱུང་མོད།དེ་འཕྲལ་གཉིད་ལོངས་མ་བྱུང་བར་སྐྱ་མདའ་བཀྱགས་བྱུང་བས་གཉིད་ཟ་ཟི་དེ་ཡང་དེ་མ་ཉིད་དུ་གཅོག་ཅི་ཐུབ་ཀྱིས་མལ་ལས་མི་ལངས་ཐུ་མེད་དུ་གྱུར།ཚེ་སྒྲོན་གྱིས་མེ་ཁ་གསོ་ནས་ཅུང་ཞིག་གིས་ཚེ་སྒྲོན་གྱི་ཨ་མ་དཔལ་ལོ་ཡང་མལ་ལས་ལངས་བྱུང་།ཁྱིམ་ཚང་འ དི་བ་ཚང་ལ་མཚོན་ན་ཡང་མལ་ལས་ལངས་བ་ཆེས་འཕྱི་བ་དང་ཆེས་རྗེས་མ་དེ་ཨ་ཕ་ཚེ་སྐྱབས་ཡིན་པ་ནི་བཤད་ག་ལ་དགོས་ཏེ།རོང་འབྲོག་གི་འཚོ་བ་ལ་རྒྱུས་མངའ་ཉུང་ཙམ་ལས་མེད་མཁན་ཞིག་ཡིན་ཀྱང་རྒྱུན་ལྡན་ལྟ་བུའི་སྐྱེས་བ་ཚོ་ལ་ཡོད་པའི་སྣང་ཚུལ་འདི་གསལ་བོར་མི་ཤེས་མཁན་མེད།
  ནམ་གསལ་ཞིང་ཉི་འོད་རིམ་གྱིས་ས་གཞི་ཡོངས་སུ་ཁྱབ་དང་ཚེ་སྒྲོན་ཚང་གི་བཟང་མི་གང་བོས་ཀྱང་ཁྱིམ་ཚང་གཞན་དག་ལྟར་ཞོགས་ཇ་དེ་གཞི་ནས་བཏུངས་ཚར་བར་བྱས་སོང་།
  ཚེ་སྒྲོན་གྱི་ཕ་ཡུལ་ཡིན་པའི་རུ་སྡེ་བ་འདི་ནི་རྫོང་དང་སྤྱི་ལེ་ཉི་ཤུའི་མཚམས་སུ་གཞིས་ཆགས་ནས་ཡོད་ལ།རྫོང་དང་ཁ་ཐག་ཉེ་བའི་སྟབས་ཀྱིས་རུ་སྡེ་འདི་ནས་ཉིན་ཉིན་མི་རྣམས་རྫོང་དུ་འགྲོ་འདུག་གི་རྒྱུན་ཆད་དུ་མེད།
  དེ་རིང་གི་ཚེ་སྒྲོན་གྱི་ཉིན་ཧྲིལ་བོའི་བྱ་བ་ནི་མདང་ནུབ་ནས་གཏན་ཁེལ་བྱས་ཟིན་པས།ནམ་ལངས་བ་དང་ཁྱིམ་དུ་མེ་ཁ་གསོ་བ་དང་།ཇ་ཁོལ་རྗེས་ཕ་མ་གཉིས་ལ་ཁ་ལག་དྲངས་བ་དང་།ཁྱིམ་གྱི་ལས་ཀ་ཙག་ཙིག་དག་བསྒྲུབ་པ།དེ་རྗེས་མཇུག་གི་བྱ་བ་གཅིག་ནི་དུས་ཚོད་ཀྱི་བར་གསེང་ཞིག་ངེས་པར་བཙལ་ནས་རྫོང་གི་སྨན་ཁང་དེར་འགྲོ་རྒྱུ་དེ་རེད།འོན་ཀྱང་།ཚེ་སྒྲོན་ལ་སྐབས་ཐོག་ཏུ་དང ོས་སུ་ཕྲད་བྱུང་བའི་དཀའ་ཁག་ཅིག་ཡོད་པ་ནི།ཁོ་མོས་རང་ཉིད་འགྲོ་དགོ་སའི་སྨན་ཁང་དེ་རྫོང་གི་གང་ཞིག་ཏུ་ཡོད་པ་གཏན་ནས་མི་ཤེས་བ་དེ་རེད།དེ་ནི་ཅིས་ཀྱང་མི་ཞིག་ལ་དྲི་ཐབས་མ་བྱས་ཐབས་མེད་ཡིན་པས་།གལ་ཏེ་དྲིས་ན་ཁོ་མོའི་ངོས་ནས་ཇི་ལྟར་དྲི་བ་སོགས་ཀྱང་བསམ་བློ་ནན་གྱིས་གཏོང་དགོས་བའི་ཕྱོགས་ཤིག་རེད།ཐ་ན་སྨན་པའི་མདུན་དུ་རང་གི་ངོ་གདོང་འདི་ཇི་ལྟར་གཏོད་དག ོས་ཚུལ་ལའང་བསམ་བློ་རེ་གཏོང་དགོས་ཡོང་གིན་འདུགསྐབས་འདི་འདྲ་ལ་ཚེ་སྒྲོན་གྱིས་རང་དང་ཧ་ཅང་འདྲིས་བོ་ཡོད་པའི་གྲོགས་མོ་བདེ་མཚོ་སེམས་སུ་འཁོར་ཡོང་བ་དང་།ཡང་རང་གི་གནས་ཚུལ་འདི་ནི་དེ་འདྲ་བཤད་རྐྱང་ཞིག་མིན་པ་དེས་བདེ་མཚོ་ཡང་བཙལ་འཚོལ་དུ་འགྲོ་མ་ཕོད།མཐར་ཁོ་མོས་རང་དང་སྡེ་བ་མི་གཅིག་པ་དང་ངོ་མི་ཤེས་པའི་མི་ཞིག་ལ་དྲི་རྒྱུ་དང་སྨན་པ་ཡང་མི་གཞན་ཞིག་གི ་ངོས་ནས་ལྟ་ཚུལ་བཟུང་ནས་སྨན་ཁང་དུ་འགྲོ་བ་ལས་རང་ལ་ཐབས་ཤེས་གཞན་མི་འདུག་པ་དེ་ཚོར་བྱུང་།
  ཉིན་དཀྱིལ་ཡོལ་ཙམ་གྱི་ཕྱི་དྲོའི་དུས་སུ་ཚེ་སྒྲོན་རྫོང་གི་ག་གེ་མོ་ན་ཡོད་པའི་སྨན་ཁང་དེར་འགྲོ་བའི་ལམ་ལ་གཞི་ནས་བུད།ཚེ་སྒྲོན་སྲང་དུ་ཐོན་པ་ན་ད་ནི་ཚེ་སྒྲོན་ལ་མཚོན་ན་སྐད་ཆ་འདྲི་སའི་མི་འོས་མཚམས་ཤིག་ཨེ་རྙེད་ལྟ་རྒྱུ་དེ་ཡིན་པས།ཐོག་མར་ཁོ་མོས་སྲང་གི་མི་དག་རེ་རེ་ནས་མིག་གིས་བཤེར་འགོ་བརྩམས།ཡུད་ཙམ་ནས་ཚེ་སྒྲོན་གྱི་སེམས་སུ་སྲང་གི་མི་དག་གི ས་ཁོ་མོ་ལ་ཐད་གར་བལྟས་བསྡད་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་ལ།སྲང་གི་མི་དག་གིས་ཁོ་མོ་ལ་ཚུར་བལྟས་བསྡད་ཡོད་པའི་སྣང་བ་དེས་ཁོ་མོས་ཁོ་ཚོའི་ངོ་ལ་ཐད་གར་ཕར་བལྟ་རྒྱུའི་སྤོབས་པ་ཡང་གཞི་ནས་ཉམས་པར་གྱུར།རིམ་གྱིས་སྲང་གི་ངོ་གདོང་དག་ནི་རང་ལ་ཆ་ཡོད་རྒྱུས་ཡོད་དག་དག་ཡིན་པའི་སྣང་བ་རེ་ཡང་འགོག་མེད་དུ་སྐྱེས་ནས་ཡོང་།དེ་བས་ཚེ་སྒྲོན་ནི་སྲང་ལམ ་ན་བླ་བོར་བ་ལྟར་དངངས་ཚབ་ཀྱིས་གོམ་པ་བསྒྱུར་དགོས་བྱུང་ལ།རང་ཉིད་ནས་སྨན་ཁང་དག་གཅིག་རེ་གཉིས་རེ་བྱས་ནས་འཚོལ་ཐབས་ལ་མི་ཕྱོགས་རང་ཕྱོགས་སུ་གྱུར།
  སྟབས་ལེགས་པ་ཞིག་ལ།ཁོ་མོས་ཡར་ཉུལ་མར་ཉུལ་གྱིས་སྲང་གི་སྨན་ཁང་ཁ་ཤས་ཉུལ་བ་ན་ཏག་ཏག་སྨན་ཁང་ཞིག་ཏུ་བུད་མེད་རེས་སྨན་པར་བསྟན་བཞིན་པ་དང་འཕྲད་པ་དང་།ཁོ་ཚོས་ཁ་བརྡ་དང་བྱ་བའི་གནས་ཚུལ་དག་གིས་དེ་ནི་ཚེ་སྒྲོན་གྱི་འཚོལ་བཞིན་པའི་སྨན་ཁང་དེ་ཡིན་པ་ཤེས་སོང་ལ།ཞིབ་ཏུ་བལྟས་ཚེ་དེ་ན་ཡོད་པའི་བུད་མེད་དག་དང་སྐྱེས་པ་རྣམས་ཀྱང་ངོ་ཤེས་བ་དང་སྡེ་བ་གཅིག་པ་ག ཅིག་ཀྱང་མི་འདུག་པས།ཚུལ་དེ་ཡིས་ཚེ་སྒྲོན་གྱི་སེམས་ལ་ངལ་གསོ་ཞིག་ཀྱང་རང་བཞིན་གྱིས་ཐོབ་པར་གྱུར།ཡིན་ནའང་།དེ་ན་ཡོད་པའི་བུད་མེད་དང་སྐྱེས་པ་ཚོའི་ཆེས་རྣོ་བའི་མིག་ཟུང་དག་གིས་ཁོ་མོ་ལ་ཡང་ནས་ཡང་དུ་བལྟས་བྱུང་བ་དེས་ཚེ་སྒྲོན་ཡང་བསྐྱར་དོགས་མི་བདེ་བ་ཞིག་ཏུ་བཏངས།
  སྨན་ཁང་དེ་ཡི་འགྲོ་འོང་གི་འདུས་སྡོད་ཀྱང་སྲང་གི་འདུས་སྡོད་གཞན་ལྟར་རང་ག་བ་ཞིག་མ་ཡིན་པས།ཡུན་གྱིས་ཚེ་སྒྲོན་གྱི་སེམས་སུ་སྔར་གྱི་དངངས་ཚབ་དེ་ཡང་བསྐྱར་དུ་ལངས་འགོ་བརྩམས།དུས་ཚོད་ཀྱི་གོམ་འགྲོས་སོང་བ་དང་བསྟུན་དོགས་འཚེར་དང་དངངས་ཀྱི་འཇིགས་པ་དེས་ཚེ་སྒྲོན་གནས་དེ་རུ་སྡོད་མི་ཚུགས་པ་རུ་གྱུར་ཞིང་དེ་མ་ཐག་གང་ཞིག་ཏུ་ལོག་གྲབས་ཀྱང་བྱེད་པར་རྩོ མ།ཅིས་ཀྱང་སྲ་ཚུགས་བཟུང་ཐུབ་མི་ཐུབ་ཙམ་མཚམས་ཤིག་ཏུ་གཞི་ནས་སྨན་ཁང་དེ་རུ་བསྟན་ཐུབ་པ་བྱུང་སོང་།
ད་ནི་ཉི་མ་ཡང་ནུབ་ཁའི་རི་བོ་དག་དང་ཐག་ཉེ་ཙམ་གྱིས་བཅར་བ་ནི་ས་སྲོས་ཀྱི་ངལ་གསོ་ལ་ཀུན་ནས་ཕྱོགས་ཀྱིན་འདུག་པ་དང་མཚུངས།སྲང་དང་སྤྱི་ལེ་འགའ་ཡི་མཚམས་སུ་བུད་མེད་ཅིག་ཕྱིར་ལོག་པའི་ལམ་ཁ་ན་ཁེར་རྐྱང་དུ་ངལ་དུབ་ཀྱིས་གོམ་པ་བསྒྱུར་གྱིན་འདུག་པ་དེ་ནི་ཚེ་སྒྲོན་རེད།ཁོ་མོའི་ལུས་ལ་རས་རྐྱང་ཡིན་པའི་ལྭ་བ་ཁམས་སྐྱ་ཞིག་གོན་འདུག་ལ།ཅུང་ལྟེབས་གཉེར་བྱས་བ འི་རས་ཞྭ་ཟངས་མདོག་ཅན་ཞིག་ཀྱང་གྱོན་ཡོད།གོར་ཞིང་དཀར་བའི་ངོ་གདོང་དེའི་འོག་ན་ཅུང་དོང་ལ་ལྷུང་འདུག་པའི་མིག་ཟུང་གིས་ཐད་གར་མདུན་གྱི་ལམ་སྣེ་གཏད་དེ་འགྲོ་ཡི་ཡོད་པ་དེས་ཁོ་མོ་འདང་རྒྱག་ཅིག་ནང་དུ་རང་བཞིན་གྱིས་ལྷུང་འདུག་པ་ཚོར་ལ།རྐང་ལམ་དེ་རུ་ཁོ་མོས་གོམ་པ་ལྗིད་ཏིག་ཏིག་གིས་བསྒྱུར་ནས་འགྲོ་བཞིན་པའི་ངང་ཚུལ་དེ་ལ་གཞིགས་ན་ཉི་ཤུའི་ནང་ཡིན་པའི་ན་ཚོ ད་ཀྱི་ལང་ཚོ་འདི་ནི་ཅི་འདྲའི་ངལ་དུབ་ཀྱིས་ཁེངས་བ་ཞིག་རེད་ཨང་།འཇིག་རྟེན་འདི་ནས་མཐའ་འཁྱོངས་བའི་འཚོ་བ་ཞིག་རོལ་ནས་ཡོང་རྒྱུ་ནི་ཏག་ཏག་སླ་མོ་ཞིག་མིན་པ་འདྲ་ལ།སྡུག་བསྔལ་དང་ལན་ཆགས་ཉུང་ཉུང་ཡིན་པའི་འཚོ་ཞིག་རོལ་རྒྱུ་ནི་དེ་བས་ཀྱང་དཀའ་ཁག་ཆེ་བར་འདྲ།
 
              གཉིས་པ།
    དོ་ནུབ་ཀྱི་སྨག་ཧ་ཅང་འཐུག་ལ་ལྷག་རླུང་གི་རྒྱུ་བས་ཁྱི་སྐད་རེ་གཉིས་ཀྱི་ཟུག་ངུ་རི་ལུང་ནས་རི་ལུང་དུ་ཁུར་སྟེ་འགྲོ། ད་ནི་མཚན་མོའི་དུས་ཚོད་ག་ཚོད་ཅིག་ཡིན་ནམ།མཚན་མོའི་ནི་འཇིག་རྟེན་གྱི་ངལ་དུབ་ཡོད་ཚད་སུལ་བུར་ཐོར་ཞིང་སོ་སོས་རྨི་ལམ་གྱི་འཇུག་སྒོ་རང་རང་ན་ལྷོད་ལ་བབས་པའི་དབུགས་ཀྱི་འཕྲོ་འདུ་ཡང་མོ་དག་གཏོང་ལེན་བྱེད་ཆོག་པའི་སྟི་གནས་ཁྱད་པར་བ་ཞིག་གོ སྐབས་འདིར་སུ་ཞིག་གིས་སེམས་ཁྲལ་དང་བཅས་ཏེ་ཕྱི་རོལ་གྱི་གྲག་འགུལ་ཁོ་ན་ལ་ཉན་ནས་རྡོག་སྒྲ་ཞིག་ཉེ་བ་ནས་ཉེ་བར་ཐོན་པར་རེ་ཞིང་སྒུག་བཞིན་ཡོད་དམ།
  ཉིན་མོར། འཇིག་རྟེན་གྱི་ཕོ་མོ་དག་འཁོར་བའི་བྲེལ་ཚུབ་ཀྱིས་ཅི་འདྲ་ངལ་ཞིང་དུབ་ན་ཡང་།མཚན་མོས། ད་གཟོད་ཁོ་ཚོ་ལ་རང་གི་བསམ་གཞིག་དང་ཕྱིར་དྲན་ལ་གང་འདོད་ཀྱིས་རོལ་མྱོང་བྱེད་ཆོག་པའི་གོ་སྐབས་ཤིག་སྟེར་སྲིད་པ་ཡིན།དེ་བས་སུ་ཞིག་དྲན་པའི་གདུང་བཞིན་པའི་སྐབས་སུ་ཁེལ་ན།མཚན་མོ་ནི་ངོ་མ་རང་གི་སྙིང་སྡུག་གང་ཞིག་ལྟར་རེ་ཞིང་སྒུག་དགོས་བའི་དུས་ཁྱད་པར་བ་ཞིག་གོ
 “ཤུ ―ཁོ་ནམ་ཞིག་ལ་ཡོང་རྒྱུ་ཡིན་ནམ།
ཏག་ཏག་ཟླ་བ་གཅིག་ལྷག་འགོར་འདུག
ད་ནི་ཁོ་ལ་གྲག་འགུལ་ཙམ་ཡང་མེད་དོན་འདི་ཅི་ཡིན་ནམ།”
ཚེ་སྒྲོན་གྱིས་རང་གི་རྣ་བ་ཕྱི་རོལ་དུ་ཇི་ལྟར་གཏད་ཀྱང་སྒོའི་ཁྱིའི་ཟུག་སྐད་དང་ལྷག་རླུང་གི་རྒྱུ་བ་ལས་སྔར་བཞིན་ཅི་ཡང་ཐོས་རྒྱུ་མ་བྱུང་།
“ཨ་ཙི། དེ་རིང་སྨན་ཁང་དུ་སོང་བ་དེས་རང་གི་ཚོད་དཔག་བྱས་བ་དེ་ལ་ཡང་གཞི་ནས་གསལ་ཁ་བྱས་སོང་བ་མ་ཡིན་ནམ། ད་ནི་གནས་ཚུལ་དངོས་སུ་གྱུར་སོང་བས་་་་ ”དེ་ལྟར་ཚེ་སྒྲོན་གྱི་སེམས་སུ་དེ་རིང་རང་ཉིད་སྨན་ཁང་དུ་སོང་དོན་དག་རྣམས་རེ་རེ་བཞིན་ཤར་བ་དང་དེ་མཚུངས་སུ་རང་གི་ཨ་ཕའི་ཁ་ན་ཡང་གླེང་བསྐྱར་གླེང་བྱེད་ཀྱིན་པའི་སྐད་ཆ་རེ་ཡང་འཆར་ནས་ཐོན།
“ཨེ།ཚེ་སྒྲོན།ད་ཁྱོད་ལོ་དུ་ལ་བུད་པ་རེད།”
“ཉེར་གཅིག་རེད།”
“མོ་ལོ་ཉེར་གཅིག ཨེ། ད་ནི་དངོས་གནས་ཁྱོད་རང་ཡང་ཆུང་རྒྱུ་མི་འདུག་གི་ཡ།”
ཚེ་སྒྲོན་གྱི་ཨ་ཕའི་སྐད་ཆའི་ནང་དོན་ནི་ཁྱིམ་མི་གང་བོས་གསལ་བོར་གོ་བ་ཡིན་ལ་ཚེ་སྒྲོན་གྱིས་ཀྱང་གསལ་བོར་གོ་ཡི་ཡོད་པ་ཡིན།ཡིན་ཡང་།ཚེ་སྒྲོན་གྱིས་ནམ་ནམ་ཨ་ཕས་རང་ལ་གཟིས་ནས་སྐད་ཆ་དེ་འདྲ་གླེང་ཡོང་དུས་ཅི་ཡང་མི་གོ་ཁུལ་བྱེད་པ་དང་ཡང་ན་ཅི་ཡང་མི་ཟེར་བ་སོགས་བྱས་ནས་གཡོལ་ཐབས་ཀྱིས་ད་དུང་ཡིན་མིན་ཚིག་གཅིག་གི་ལན་ཡང་བཏབས་མ་མྱོང་།དེ་བས་ཚེ་སྒྲོན་གྱི ་ཨ་ཕས་ཨ་མར་སྐུལ་ནས་རང་གཉིས་ལོ་ན་རྒས་ཡོད་ཚུལ་ནས་ཁྱིམ་འདིའི་ཁ་དོན་མང་བོ་ལ་དེ་ལྟར་ལུས་སེམས་གཉིས་ཀྱིས་ལྕོག་དཀའ་ཚུལ་སོགས་གླེང་དེ།ད་ནི་ཁྱིམ་འདིར་ཁོ་མོར་ཁ་འཛིན་བྱེད་རན་ཡོད་པའི་གནས་ཚུལ་གསལ་བཤད་བྱེད་དུ་འཇུག་གིན་ཡོད་ལ།དེ་མཚུངས་སུ་རུ་སྡེ་བའི་ནང་གི་སྐྱེས་པ་ག་གེ་མོ་རེའི་མིང་ནས་བཟུང་ནས་དེ་ག་འདྲ་ཡིན་ཚུལ་སོགས་ཀྱི་བློ་ཡང་དྲིས་ནས་ཡོང་།
“ཐྲིག་ཐྲིག  ཐྲིག”
ཕྱི་རོལ་ན་ཡང་ཟོར་གྱིས་རྒྱུ་བཞིན་པའི་ལྷག་རླུང་གིས། ཚེ་སྒྲོན་ཉལ་སའི་ཁང་མིག་གི་སྒེའུ་ཁུང་ལ་བརྡབ་བརྡབ་བྱས་པའི་སྒྲ་དེ་ལས་སྔར་བཞིན་གྲག་འགུལ་གཞན་ཅི་ཡང་བྱུང་མ་སོང་།
“དཔེ་སྲིད་དམ། ཁོ་དེ་འདྲའི་མྱི་ཞིག་ཨེ་ཡིན་ནམ།”
དོ་ནུབ། དངོས་གནས་ཚེ་སྒྲོན་གྱིས་གཉིད་ཁུགས་ཀྱིན་མི་འདུག ཟད་དུ་མེད་པའི་མཚན་ངོགས་རིང་མོ་འདི་ཁོ་མོས་ཇི་ལྟར་ཕར་སྐྱེལ་རྒྱུ་ཡིན་ནམ།དངོས་གནས་དྲན་གདུང་གིས་གཟུར་བའི་ཕོ་མོ་ཞིག་ལ་མཚོན་ན་ཟད་དུ་མེད་པའི་མཚན་ངོགས་ནི་བདེ་སྐྱིད་ཅིག་རེད་ལ་སྡུག་བསྔལ་ཅིག་ཀྱང་ཡིན་པ་འདྲ།ཚེ་སྒྲོན་གྱིས་བསམ་བློ་ཇི་ལྟར་ནང་དུ་སྐོར་ན་དེ་ལྟར་ཁོ་མོའི་མིག་མདུན་དུ་དཀའ་རྙོག་ཆེ་བའི་གནད་དོན་དང་དྲི་བ་མང་བོ་ཞིག་གིས་འཕྲོ་རིམ་འཕྲོ ར་འཚང་ཀ་བརྒྱབ་ནས་ཐོན་ཡོང་ཞིང་།ཟླ་གཅིག་ལྷག་ལས་འགོར་ཡོད་མེད་ཀྱི་ཁ་སང་གི་བྱུང་རིམ་དེ་དག་ཀྱང་མིག་ལམ་དུ་གཅིག་གཅིག་གཉིས་གཉིས་སུ་འཆར་ནས་ཡོང་།
དེ་ཡང་འདི་ནས་ཡར་བརྩིས་བའི་མཚན་མོ་ཞིག་ལ།ལྷག་རླུང་དང་གྲང་ངར་ཅུང་ཙམ་རྒོད་པའི་མཚན་མོ་ཞིག་ལ།ཏག་ཏག་མི་ཞིག་གིས་དངོས་སུ་ཚེ་སྒྲོན་གྱི་མལ་ཁང་སྒོ་རྡུང་བྱུང་།དེ་ནི་དོ་ནུབ་ལྟ་བུའི་སྨག་ཧ་ཅང་འཐུག་པའི་མཚན་མོ་ཞིག་ཀྱང་ཡིན་ལ།སྒོ་ཁྱིའི་ཟུག་སྐད་རེ་རེ་རི་ལུང་ནས་རི་ལུང་དུ་ཁུར་ནས་འགྲོ་ཡི་ཡོད་པའི་མཚན་མོ་ཞིག་ཀྱང་རེད།
“ཏིང་ཏིང་། ཏིང་ཏིང་”
རྒྱུན་ལྡན་མིན་པའི་སྒོ་རྡུང་སྒྲ་དེས།ཚེ་སྒྲོན་གཉིད་དང་མ་གཉིད་པའི་མཚམས་དེ་ནས་འཕྲལ་མར་ཕྱིར་སླངས་ཤིང་སྐད་ཅིག་དེ་ཉིད་ལ་ཁོ་མོའི་ལུས་སེམས་གཉིས་ལྷིང་འཇགས་ཡོངས་སུ་དཀྲོགས་པར་བྱས་སོང་།
“ཏིང་ཏིང་། ཚེ་སྒྲོན། ཚེ་སྒྲོན། སྒོ་ཕྱེས་དང་ང་ཡིན།”
“ཁོ་སུ་ཡིན་ནམ།མཚན་མོ་འདི་འདྲ་ཞིག་ལ་འདི་ལྟར་འཛེམས་དོགས་ཅི་ཡང་མེད་པར་སྒོ་རྡུང་མཁན་འདི་ངོ་མ་སུ་ཞིག་ཡིན་ནམ།”
“ཏིང་ཏིང་། ཚེ་སྒྲོན། སྒོ་ཕྱེས་དང་ང་ཡིན།”
“ཏིང་ཏིང་། ཏིང་ཏིང་། ་་་་་”
“ཝེ། ཁྱོད་སུ་ཡིན།”
“ཨ། ང་་ ཨུན། ང་་ ང་དར་རྒྱས་ཡིན།”
“ཏིང་ཏིང་། ཏིང་ཏིང་།  ཚེ་སྒྲོན། ཚེ་སྒྲོན། སྒོ་ཕྱེས་དང་ང་དར་རྒྱས་ཡིན།”
དར་རྒྱས་ཞེས་བའི་མིང་ཚིག་དེས་ཚེ་སྒྲོན་གྱི་མིག་ལམ་དུ་མི་ཞིག་གི་གཟུགས་རིས་ཆ་ཚང་བོ་ཞིག་དེ་མ་ཐག་ཏུ་འཆར་དུ་བཅུགས་བྱུང་།གདོང་བ་གོར་ཞིང་ཤ་མདངས་ཅུང་སྨུག་པའི་མི་ཞིག སྨྲ་བ་ཉུང་ཞིང་ལྷོད་བག་ཆེ་བའི་མི་ཞིག དར་རྒྱས་ཀྱི་རྣམ་པ་དང་རང་བཞིན་གྱི་གཤིས་ཀ་དེ་དག་གིས་ཚེ་སྒྲོན་ལ་ཞེ་སེམས་ལྷོད་དུ་བབས་ཆོག་པའི་ཚོར་བ་ཞིག་སྔ་མོ་བྱིན་ཡོད་ལ།དེ་ལྟར་རུ་སྡེ་བའི་ཁྲོད་དུའང་དར་རྒྱས་ནི་ཁ་ལས་དགེ་ཙམ་ཡོད་པའི་གཞོན་ནུ་ཞིག་ཡིན་པས་ཁོ་ལ་དོ་སྣང་བྱེད་པ་དང་སེམས་ཤོར་བའི་བུ་མོ་ཡང་མི་ཉུང་བ་ཞིག་ཡོད་ངེས།
ཏག་ཏག་སྒོ་རྡུང་མཁན་ཁོ་ཡིན་པ་དེས་ཚེ་སྒྲོན་གཞི་ནས་ལྷོད་ལ་བབས་ཐུབ་པ་བྱུང་སོང་།
“ཏིང་ཏིང་། ཏིང་ཏིང་།”
“ཨེ། དངོས་གནས་ཁོ་རེད། དངོས་གནས་ཁོ་རེད། ཚེ་སྒྲོན་ཡ་ཚེ་སྒྲོན། ད་ཅི་བྱ།མཚན་མོ་ཞིག་ལ་ཁྱོད་ཀྱི་མལ་ཁང་གི་སྒོ་མོ་འདི་ལྟར་སྐྱེས་པ་ཞིག་གིས་དལ་དལ་ལྷོད་ལྷོད་ཀྱིས་རྡུང་བ་ཐེངས་དང་བོ་ཡིན།ད་ལོ་ནས་ཁྱོད་ཀྱི་ལོ་ཡང་ཉེར་གཅིག་ལ་བུད་ཚར་བ་རེད།ཁྱོད་དང་ན་ཟླ་ཡིན་པའི་གཡང་འཛོམས་ཀྱིས་སྔར་ལོ་ནས་མག་པ་བཞག་ཏེ་བྱིས་པ་ཞིག་ཀྱང་སྐྱེས་ཚར་ཡོད་པ་མིན་ནམ།ཁྱོད་ད་རུང་འདི་ལྟར་མོ་རྐྱང་གིས་བསྡད་ན།ནམ་ཞིག་གོ་རྒས་ཀྱི་མའི་མིང་གིས ་ཀྱང་ཁྱོད་ལ་འཕྱ་སྨོད་བྱས་མི་ཡོང་ངམ།”
“ཏིང་ཏིང་། ཨེ།ཚེ་སྒྲོན། ཁ་དྲོ་སྒོ་ཕྱེས་དང་།
ཕྱི་ན་ངོ་མ་གྲང་བས་འདུག་ཐུབ་པ་ཞིག་མ་རེད།”
“ཁོ་དངོས་གནས་ལྷོད་ལ་བབས་འདུག ཁོ་འདི་འདྲའི་རྒྱུན་ལྡན་ཞིག་ཡིན་དོན་ཅི་ཡིན་ནམ།ཡར་མར་གང་ཡང་མ་བཤད་པར་རང་གི་མིང་ཡང་དེ་ལྟར་ཐད་གར་བཤད་བྱུང་།ཧུ་ཧུ།”
“ཁྱོད་གྲང་ན་རང་གི་སྡུག་གྱོང་རེད། ངས་ཁྱོད་ལ་ཞོག་ཟེར་བ་མིན།”
“ཧུ་ཧུ། ཚེ་སྒྲོན། ད་དེ་ལྟར་མ་བྱེད། སྒོ་ཕྱེས་དང་།ངོ་མ་འདི་ནས་གྲང་བས་བཟོད་ཐུབ་པ་ཞིག་མ་རེད། ཨེ་ངོ་མ་ཟེར་ནི།”
“ཧིན། མཚན་མོ་འདི་འདྲ་ཞིག་ལ་ངེད་ཚང་གི་སྒོ་འགྲམ་འདིར་ཁྱོད་སུ་ཞིག་གིས་ངའི་སྒོ་རྡུང་དུ་བོས་བ་རེད།གྲང་ན་ཡང་ཁྱོད་རང་གིས་ཉོས་ནི་རེད།དེ་ང་ལ་ལེ་བདའ་བྱེད་རྒྱུ་ཡོད་ནི་མ་རེད།”
“ཚེ་སྒྲོན། ཏིང་ཏིང་། ངོ་མ་སྒོ་ཕྱེས་རྒྱུ་མིན་ནས།”
“ངས་འུ་གཉིས་ཀྱི་བར་ལ་འཇིག་རྟེན་བྱ་བ་ཞིག་ཨེ་ཡོད་ལ་བསམ་ཏེ།མཚན་མོའི་གྲང་ངར་འདི་ཡང་གདོང་གིས་བསུ་ནས་ཡོང་བ་ཡིན།གལ་ཏེ་ངོ་མ་ཁྱོད་ང་ལ་སྒོ་ཕྱེ་རྒྱུར་འཐད་པ་མེད་པ་ཡིན་ན།ངས་ཁྱོད་ལ་བཙན་གྱིས་སྒོ་ཕྱེས་མི་ཟེར།སྤྱིར་ཡིན་ན་འཇིག་རྟེན་ཕོ་རེའི་རྩུབ་ན་མོ་ཟེར་བ་ལྟར་འུ་ཚོ་སུ་ཡིན་ཡང་འཇིག་རྟེན་གྱི་བྱ་བ་འདི་བསྒྲུབ་དགོས་བ་དེ་ང་མིན་ཡང་ཁྱོད་ཀྱིས་ཀྱང་ ལོས་ཤེས།དེ་འདྲ་ཡིན་ན་འཇིག་རྟེན་དཔེ་ལུགས་འདི་ལ་ཁྱོད་ཀྱང་མི་དཔེ་བའི་རྣམ་འགྱུར་དེ་འདྲ་ཞིག་བསྟན་དགོས་དོན་ཨེ་ཡོད་དམ།”
“ཨ། ཅི་ཞིག་གི་འཇིག་རྟེན་བྱ་བ།འཇིག་རྟེན་དཔེ་ལུགས་འདི་བསྒྲུབ་དགོས་རུང་།ངས་ཁྱོད་ཚོ་སྐྱེས་པ་ཚོའི་བཤད་བཤད་ཐམས་ཅད་ལ་རློམ་ཐུབ་པ་མི་འདུག”
 “དོན་ངོ་མ་བཤད་ན། ཁྱོད་རང་ང་ལ་ཡིད་ཆེས་ཀྱིན་མེད་པ་དེ་རེད་དམ། སུ་ཞིག་གིས་ཁྱོད་ཀྱི་མགོ་སྐོར་སོང་ནི་རེད།ངས་ཁྱོད་ཀྱི་མགོ་ཞིག་སྐོར་མ་མྱོང་།”
“ཨ་རོ། མྱི་ཞིག་ལ་ཡིད་ཆེས་རྒྱུ་དེ་འདྲ་སླ་མོ་ཞིག་ཨེ་ཡིན་ནམ།ཁྱོད་ལྟ་བུའི་འཇིག་རྟེན་བྱ་བ་ཤེས་མཁན་ཞིག་གིས་དེ་ལོས་ཤེས་ཨང་།”
“འོ་ན། ཁྱོད་ཀྱིས་སྒོ་ཕྱེས་དང་འུ་གཉིས་ཀྱིས་ཁ་བརྡ་ཞིབ་མོ་ཞིག་བྱས་ཆོག་གི་རེད།”
“… … ”
“… … ”
ད་ནི་མཚན་མོའི་ག་ཚོད་ཅིག་ཡིན་ནམ།ཚེ་སྒྲོན་ད་དུང་ཡང་གཉིད་ཀྱི་སྣང་བ་ཏོག་ཙམ་ཡང་མེད་པར་རང་གི་སོང་ཟིན་པའི་ཕྱིར་དྲན་གྱི་ཀློང་ན་འཁྱམས་ཏེ་གཏན་ནས་གཏན་དུ་ཕྱིར་ཡོང་མེད་པའི་ཚོད་དུ་ལྷུང་འདུག
ཇི་ལྟར་བསམ་བློ་བཏངས་ཀྱང་མཐར་ཚེ་སྒྲོན་ལ་དོ་ནུབ་ལྟ་བུའི་མཚན་མོ་འདིར་འདང་མི་ཕོག་ས་ཞིག་ལུས་ཡོང་བ་ནི།ཏག་ཏག་ད་སྐབས་དར་རྒྱས་ལ་རླུང་སྤུ་རྩེ་ཙམ་གྱི་གྲག་འགུལ་ཡང་མེད་པ་དེ་རེད།དེས་ནི་མོ་རང་འཇིགས་སྐྲག་དངངས་གསུམ་གྱི་གནས་སུ་ཅི་ཡིན་འདི་ཡིན་མེད་པར་ཐད་གར་དེད་ནས་ཡོང་།
“ཕྱི་སྡེ་བ་དང་ནང་ན་ཟླ།ཁྱིམ་བཟའ་ཚང་།”
“ངོ་མ་ཁོ་མྱི་དེ་འདྲ་ཞིག་ཡིན་ནམ།”
སླར་ཡང་ཁོ་མོ་དེ་རིང་རྫོང་གི་སྨན་ཁང་ག་གེ་མོ་དེ་རུ་སོང་བའི་གནས་ཚུལ་དག་ཀྱང་བློ་ལ་ཤར་ནས་ཡོང་།བསམ་བློ་བཞི་གསུམ་བཅུ་གཉིས་བཏངས་བའི་མཐར་དེ་རུ།ཁོ་མོའི་བློ་ལ་ཨུ་ཐུག་པའི་དྲན་ཚུལ་ཞིག་ཐོན་པ་ནི།གང་ལྟར་ད་ནི་དུས་ཚོད་མང་བོ་འགོར་ན་ཡག་པོ་ལར་ནས་མེད་པ་འདྲ་བས།ཅིས་ཀྱང་གོད་པ་མེད་སོང་ན་རང་གིས་ཕ་མ་གཉིས་ཀྱི་ཁ་ལ་བཞག་ནས་བྱ་བ་ཞིག་མྱུར་བར་འགྲུབ་ཐབས་ བྱེད་རྒྱུ་དེ་རེད།
“ཐྲིག་ཐྲིག ཐྲིག་ཐྲིག”
ད་ནི་མཚན་མོའི་ག་ཚོད་ཟིན་ཡོད་དམ།ཕྱི་རོལ་ན་ཁྱི་སྐད་སྔར་བཞིན་ཟུག་གིན་འདུག་ལ།ལྷག་རླུང་གི་རྒྱུ་བ་སྔར་བཞིན་ལྡིང་གིན་འདུགཚེ་སྒྲོན་གྱི་རྣ་བ་སྔར་བཞིན་ཕྱི་རོལ་གྱི་གྲག་འགུལ་གཞན་ཞིག་ལ་གཏད་ནས་བསྡད་འདུག
 
           གསུམ་པ།
   ཉིན་འགའ་ཡི་རྗེས་སུ་ཁོར་ཡུག་ཏུ་གཏམ་ཡན་ཞིག་རླུང་བུ་བཞིན་ལྡིང་བྱུང་བ་ནི་ཚེ་སྒྲོན་སྨན་ཁང་དུ་སོང་བའི་གནས་ཚུལ་དེ་རེད།སྦྱིར་གཏམ་ངན་རང་གིས་གོ་དཀའ་ཟེར་བ་ཡིན་མོད།འོན་ཀྱང་།ཚེ་སྒྲོན་གྱིས་རང་གི་བློས་ཐུབ་ཀྱི་གྲོགས་མོ་བདེ་མཚོ་བརྒྱུད་ནས་རུ་སྡེ་བ་ན་ཁྱབ་ནས་འགྲོ་བཞིན་པའི་གཏམ་ཡན་དེ་རྣ་བས་ཐོས་བར་གྱུར།
“ཨེ། ཨ་ཅེ་ཚེ་སྒྲོན།ཉི་མ་དེར་ཁྱོད་རྫོང་སྨན་ཁང་དུ་ཅི་ཞིག་བྱེད་དུ་སོང་བ་ཡིན།”
“ཨ་་ཨ། ཅི་ཞིག  སུས་ཁྱོད་ལ་ང་ཉི་མ་དེར་རྫོང་སྨན་ཁང་དུ་ཡོད་གི་ཟེར།”
“སུ་ཞིག་གིས་བཤད་པ་ང་རང་ལ་ཡང་གསལ་བོར་མེད།ངས་ཀྱང་གཞན་གྱི་ཁ་ནས་ཐོས་བ་ཡིན།”
“འོ་ན། གཞན་གྱིས་ཅི་ཞིག་བཤད་ཀྱིན་འདུག”
“ངས་ཁྱོད་ལ་དྲིས་བ་ཡིན། ཁྱོད་སྨན་ཁང་དུ་སོང་བ་བདེན་ནམ་མི་བདེན།”
 “མྱི་ཟེར་བ་འདི་ཚོ།ཁོམ་སོང་ན་མི་བཤད་དགུ་བཤད་བྱེད་ནི་རེད། གཞན་གྱི་བཤད་བཤད་ཚང་མ་ལ་ཉན་རྒྱུ་ཅི་ཡོད།”
“ཡིན་ཡང་།འུ་ཚོའི་སྡེ་བའི་མི་མང་བོ་ཞིག་གིས་ལྐ་ལྐོག་ན་དེ་བཤད་ཀི་འདུགརང་དང་ཐག་ཉེ་བའི་མྱི་ལ་ལྐོག་ནས་བླ་བཙགས་ཚུལ་དེ་དངོས་སུ་ཐོས་ན་ངོ་མ་སྙིང་ལངས་སྤྱད་ཅིག་རེད། ”
“ང་འདི་ནས་སྙིང་ལངས་ཀི་མེད་ན།ཁྱོད་དེ་འདྲ་སྙིང་ལངས་དགོས་དོན་ཅི།”
“ཨ་ཅེ།ངོ་མ་ཁྱོད་གཞན་གྱིས་ལྐོག་ན་ངན་སྨྲས་བྱེད་ཀྱིན་པ་ལ་སྙིང་མི་ལངས་ཀི་ནས།”
“རང་སེམས་ན་ཉེས་པ་མེད་ན།གཤིན་རྗེ་ལ་འཇིགས་སྐྲག་ཅི།”
“རེད། རང་སེམས་ན་ཉེས་པ་མེད་ན། གཤིན་རྗེ་ལ་འཇིགས་སྐྲག་ཡོད་དགོས་དོན་ཅི།”
 “བདེ་མཚོ།སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར་བ་མིན་ནམ།གཏམ་མྱི་ཁ་ཟེར་བ་འདི་སུས་ཀྱང་ཁོགས་དཀའ་ནི་རེད། དེ་བས་གཞན་གྱི་ཁ་ན་སྐད་ཅི་བཤད་ཀྱིན་ཡོད་ཀྱང་འུ་ཚོས་དེ་ལ་མ་ཉན་ན་རེད།”
“ཨུན། ཨ་ཅེ། ངོ་མ་བཤད་ན།ང་རང་ནམ་ཡང་ཁྱོད་ལ་ཡིད་ཆེས་ཡོད།”
“ངོ་མ།”
“ངོ་མ།”
“ཧུ་ཧུ”
“ཧུ་ཧུ”
“བདེ་མཚོ།འུ་གཉིས་ཆུང་དུས་ནས་མཉམ་འདྲིས་མཉམ་འགྲོགས་ཀྱི་གྲོགས་མོ་ཡིན་པས།
འུ་གཉིས་བར་ན་གསང་བ་ཟེར་བ་ཞིག་ཡོད་སར་འགྲོ་ནི་མ་རེད།”
“ཨ་ཅེ། ད་ཆོག་གི དོན་དག་དེ་ད་མི་གླེང་ནི་བྱེད།”
“ཡ་ཡ།ཆོག་གི ཆོག་གི དོན་དག་དེ་མི་གླེང་ནི་བྱེད།”
“ ཨ་ཅེ་ཡ། ཁྱོད་ཀྱིས་མདང་ནུབ་མཚོ་སྔོན་བརྙན་འཕྲིན་ཁང་གི་གླུ་གར་སྟེགས་བུ་རུ་བལྟས་སམ།”
“ཨུན། མ་བལྟས།”
“དེ་རུ་གླུ་མ་རིག་འཛིན་སྒྲོན་མའི་གླུ་གཞས་ཤིག་གཏོང་གིན་འདུག ངོ་མ་ཡག་པོ་འདུག”
“… … ”
ཚེ་སྒྲོན་ཚང་དང་ཐག་མི་རིང་བའི་ཉེ་ལོགས་དེ་ན་སྡེ་མི་ཡོངས་ཀྱིས་དུས་རྒྱུན་འཐུང་ཆུ་ལེན་ས་ཞིག་ཡོད།ཉི་མ་དེར་ཚེ་སྒྲོན་དང་བདེ་མཚོ་གཉིས་ཀྱིས་ཡུན་རིང་ལ་དེ་ནས་ཁ་བརྡ་བྱས་རྗེས་གཞི་ནས་ཕན་ཚུན་ལ་བདེ་མོ་བཞག་ཏེ་རང་རང་གི་ཁྱིམ་དུ་ལོགལམ་བར་དུ་ཚེ་སྒྲོན་གྱིས་ཆུ་ལེན་དུ་ཕར་འགྲོ་ཚུར་ཡོང་བྱེད་མཁན་གྱི་སྐྱེས་མ་དག་གི་མིག་གི་ལྟ་སྟངས་དང་འོད་མདངས་མཐོང་བ ས་དངངས་ཞེད་དང་མི་བདེ་བའི་ཚོར་བ་ཞིག་མཉམ་དུ་བསྐྱེད།
མི་བསམ་ས་ནས་གཏམ་འཆལ་ཞིག་རླུང་གི་རྒྱུ་བ་བཞིན་གློ་བུར་ཐོན་པ་ནི་ཚེ་སྒྲོན་ལ་མཚོན་ན་བློ་ཡུལ་དུ་ཤོང་དཀའ་བའི་དོན་དག་ཅིག་ཏུ་གྱུར་ལ།དེ་ཡང་ཁོ་མོས་ཞིབ་འདང་ཅི་ལྟར་བརྒྱབ་ཀྱང་རང་ཉིད་སྨན་ཁང་དེ་རུ་སོང་བ་རིག་མཁན་དང་ཤེས་མཁན་ཞིག་ལར་ནས་ཡོད་དཀའ་བ་དེ་རེད།གང་ལྟར་ད་ནི་བདེ་མཚོའི་སྐད་ཆ་དང་ཆུ་ལེན་དུ་ཡོང་བའི་སྐྱེས་མ་དེ་ཚོའི་མིག་མདངས་ལས་དོན་དངོས་ལ ་ཅིས་ཀྱང་བདེན་དཔང་བྱས་སོང་བས་བདེན་པར་མ་སོང་རང་སོང་དུ་གྱུར་འདུག་ཨང་།
སྡེ་བའི་ནང་དུ་ཚེ་སྒྲོན་གྱི་ཕྱོགས་སུ་གཏམ་ཡན་དེ་གྲག་ནས་ཉིན་འགའ་འགོར་ལོངས་བྱུང་བར་སླར་ཡང་ཁོར་ཡུག་ཏུ་གནས་ཚུལ་ཡ་མཚན་ཞིག་བྱུང་སོང་།བཅོ་ལྔའི་དུས་ཆེན་གྱི་མཚན་མོ་དེར་དགོན་དུ་མཆོད་མཇལ་དུ་འགྲོ་ས་ནས་ཚེ་སྒྲོན་སླར་ཁྱིམ་དུ་ལོག་རྒྱུ་ཡོད་མ་སོང་བ་དེ་རེད།མཚན་མོ་དེར་ཚེ་སྐྱབས་བཟའ་བ་གཉིས་ཀྱིས་མཚན་སྨད་བར་དུ་ཚེ་སྒྲོན་ལ་སྒུག་ཀྱང་ཚེ་སྒྲོན་སྦྱིར ་ཡོང་རྒྱུ་ཡོད་མ་སོང་།ཚེ་སྒྲོན་ཆུང་ནས་ད་བར་དུ་ཁྱིམ་ཚང་ཞིག་ཏུ་ཞག་གཅིག་ལའང་ཞག་འདུག་ཏུ་སོང་མ་མྱོང་བས།ནམ་གསལ་མ་གསལ་གྱི་མཚམས་སུ་ཚེ་སྐྱབས་བཟའ་བ་གཉིས་རླུང་སླངས་ཏེ་རུ་ཁ་ཁྱིམ་མཚེས་ཚུན་ཆོད་དུ་ཚེ་སྒྲོན་གྱི་གནས་ཚུལ་དྲི་རུ་སོང་མོད་འབྲས་བུ་ཅི་ཡང་ཡོད་མ་སོང་།སྐབས་ཤིག་ལ་གློ་བུར་དུ་ཚེ་སྒྲོན་གྱི་ཨ་མ་དཔལ་ལོའི་ཡིད་དུ་བདེ་མཚོ་ཤར་བྱུང་བས་དེ་མ་ཐ ག་བདེ་མཚོ་ཚང་འཐེན་ནས་རྒྱུགས།འོན་ཀྱང་།བདེ་མཚོས་བཤད་ན་མདང་ནུབ་ཚེ་སྒྲོན་ཁོ་ཚོ་ལྷན་དུ་མེད་པ་མ་ཟད་ཚེ་སྒྲོན་མཆོད་མཇལ་དུ་ཡོང་ཡོད་པ་ཡང་ཁོ་མོས་མཐོང་མ་སོང་ཟེར། དེའི་ཕྱིར་ཨ་མ་དཔལ་ལོ་དབུགས་རིང་དང་མཉམ་དུ་ཕྱིར་ཁྱིམ་དུ་མི་ལོག་ཐབས་མེད་བྱུང་།ཅུང་ཙམ་གྱི་རྗེས་ནས་བདེ་མཚོ་ཡང་ཁོ་ཚང་ལ་དངས་ཚུབ་ཀྱིས་ཐོན་བྱུང་ལ།བདེ་མཚོ་དང་ཚེ་སྐྱབས་བཟའ་ཟླ་གཉིས་ཁོ་ཚོ་གསུམ་པོ་ཡང་བསྐྱར་ཡར་མར་ཀུན་ལ་ཚེ་སྒྲོན་གྱི་གནས་ཚུལ་དྲི་རུ་སོང་།སྡེ་བའི་སྟོད་སྨད་ཀུན་ཏུ་ཚེ་སྒྲོན་མཐོང་མཁན་གྱི་མི་གཅིག་ཀྱང་རྙེད་མ་སོང་།
དེ་ནས་ཁོ་ཚོ་གསུམ་པོ་ཡིད་ཕམ་པ་དང་ཤུགས་རིང་ནར་ནར་གྱིས་ཕྱིར་ཁྱིམ་དུ་ལོག་ཏེ་ཚེ་སྒྲོན་གྱི་མལ་ཁང་དུ་གནས་ཚུལ་རེ་ཡི་གསལ་ཁ་ཨེ་ཡོད་བཙལ་བ་ན།ཏག་ཏག་ཚེ་སྒྲོན་གྱི་གོན་པ་འཇོག་སའི་ཤིང་སྒམ་ནང་ནས་བདེ་མཚོའི་ལག་ལ་ཤོག་བུ་ལྟེབས་མ་བྱས་པ་ཞིག་རྙེད་བྱུང་།ཁོ་ཚོ་གསུམ་གྱིས་འཕྲལ་དུ་ཤོག་བུའི་ཁ་ཕྱེས་ནས་བལྟས་བ་ན།
ཤོག་བུའི་སྟེང་དུ་རྒྱ་ཡིག་གི་ཡི་གེ་འགའ་བྲིས་འདུག འོན་ཀྱང་།ཚེ་སྐྱབས།དཔལ་ལོ།བདེ་མཚོ་སུ་ཡང་ཡིག་རྨོངས་ཡིན་པའི་སྟབས་ཀྱིས་ཁོ་ཚོ་སུས་ཀྱང་ཤོག་བུའི་སྟེང་གི་ཡི་གེ་དེ་དག་གི་ནང་དུ་དོན་ཅི་ཞིག་ཡོད་པ་ཤེས་ཐབས་མ་བྱུང་།དེ་བས་ཁོ་ཚོས་དེ་འཕྲལ་ཤོག་ལྷེ་ལེབ་མོ་དེའི་སྟེང་ན་ཡོད་པའི་ཡི་གེ་དག་ལ་ཆ་ཡོད་རྒྱུས་ཡོད་ཀྱི་མི་ཞིག་བཙལ་དུ་མི་འགྲོ་ཐུ་མེད་དུ་གྱུར།བདག་གི་ཀློག་པ་པོ་ལགས།འདིའི་གཞུག་ཏུ་ཁོ་ཚོས་ཤོག་ བུའི་སྟེང་གི་ཡི་གེ་ཤེས་མཁན་ཞིག་བཙལ་དུ་སོང་ནས་དོན་དག་ཅི་ཞིག་བྱུང་བ་ནི་སུས་ཀྱང་ཐོས་མི་འདོད་པ་ཞིག་ཡིན་ངེས་ལ་ཁོ་བོ་ལ་ཡང་མཚམས་འདི་ནས་འབྲི་བའི་མོས་པ་ལར་ནས་མི་འདུག་པས་ད་ནི་མུ་མཐུད་དུ་སྔ་མ་བསྐྱངས་ནས་འབྲི་རྒྱུ་མིན།
དེས་ན་མཚམས་འདི་ནས་ཚེ་སྒྲོན་དང་འབྲེལ་བ་ཡོད་པའི་བརྩམས་སྒྲུང་ཐུང་ཐུང་འདི་ཡང་དངོས་སུ་མཚམས་བཞག་པ་ཡིན།དགོངས་དག་ཞུ།གལ་ཏེ་ད་དུང་སྒྲུང་ཐུང་འདིའི་གཞུག་གི་དོན་དག་རྣམས་གསལ་བོར་ཤེས་འདོད་མཁན་རེ་ཡོད་ན།ཁྱོད་རང་དཀའ་ངལ་མེད་པར་ཚེ་སྒྲོན་གྱི་ཨ་ཕ་ཚེ་སྐྱབས་བཙལ་དུ་སོང་དང་ཁོས་ཁྱོད་ཚོ་ལ་སྒྲུང་ཐུང་འདིའི་མཇུག་དངོས་སུ་སྐྱོང་རྒྱུ་རེད།
                         2012.7.24ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སང་ཉིན་ད་དུང་སང་ཉིན་ལ་དབང་སྲིད་དམ།

2012-08-27 མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།