ཆང་ལ་དགའ་བའི་ཨ་ཕ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-27

  ལྷིང་འཇགས་ཀྱི་གནས་ཚང་དྲོན་མོ་ཞིག་གི་འགྲམ་ན་ནམ་ཡང་སྐྱོ་སྡུག་གི་སེམས་ཚེགས་བཏུས་བའི་ཨ་ཕའི་རྒས་གཉེར་ནི་ནམ་རྒྱུན་དང་མི་འདྲ་བར་ལྗོངས་རྒྱུ་བ་ཞིག་གི་སེམས་བྱུང་བཞིན་ག་ལེར་འཕྱོ་བཞི་གན་ལ་བརྟེན་བཞིན་ཁྱིམ་གཞི་དྲོན་མོ་འདི་དང་གཏན་ནས་ཁ་བྲལ་བྱུང་མ་མྱོང་།
  ང་རང་སློབ་ཆུང་ལོ་རིམ་དྲུག་པ་ནས་བཟུང་ཨ་ཕའི་དངོས་སུ་ཆང་འཐུང་བའི་བྱ་བྲལ་དེ་འགོ་བརྩམས་པ་འདྲ། བསྟུན་མར་ལོ་ངོ་བརྒྱད་ཀྱི་རིང་ལ་ཨ་ཕས་ཆང་དང་འགྲོགས་ནས་མི་ཚེ་འགྲུལ་བཞུད་རིང་མོ་ཞིག་དེ་ལྟར་བསྐྱལ་བྱུང་། འོན་ཀྱང་དུས་ད་ལྟའི་བར་དུ་ཨ་མས་ཁོ་ལ་ལེ་བདའ་ཕྲན་ཙམ་ཡང་བྱེད་མ་མྱོང་། དགུན་ཟླ་བཅུ་བའི་ལྷགས་རླུང་གི་རྩུབ་ཁ་རྒོད་པའི་དགུན་གཞུང་ཞིག་ལ་ཨ་ཕ་ཁོའི་གྲོགས་པོ་འགའ་དང་མཉམ་དུ་ཆང་འཐུང་བའི་བྱ་བ་དེར་བྲལ་ནས་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྟེང་ནས་ཀྱང་ཕྱིར་ཡུལ་དུ་ལོག་མ་བྱུང་། ང་ཚོ་དུས་རྒྱུན་དང་འདྲ་བར་གཉིད་ལ་ཤོར་ཏེ་རྨི་ལམ་གྱི་ནང་རོལ་ནས་འཕག་འཚག་བྱེད་ཀྱིན་བྱེད་ཀྱིན་ཨ་ཕའི་ཕྱོགས་ལ་སེམས་ཁུར་ཏོག་ཙམ་ཡང་མ་བྱེད། རྒྱུ་མཚན་ནི་ཁོ་རང་དགོང་མོ་དེར་མ་གཏོགས་པར་ད་དུང་འདི་འདྲའི་གནས་ཚུལ་ནི་རྒྱུན་ལྡན་གྱི་འབྱུང་གིན་པའི་གནས་ཚུལ་ཞིག་རེད། ཕྱི་ཉིན་ཞོགས་པར་སྐྱ་རེངས་ཀྱི་ཡོལ་བ་ཕྱེས་ཏེ་རྟ་བདུན་དབང་བོའི་ཉི་ཟེར་འོད་ལམ་ལམ་དུ་ཁྱབ་བྱུང་ཚེ་མི་རྣམས་ཐང་ཆད་པའི་ཉམས་སྣང་མེད་པར་རང་རང་གི་ཁྱིམ་ལས་དེ་དག་འགོངས་སུ་བཀུར་སྟེ་བྱིས་པ་རྣམས་སློབ་གྲྭ་བསྐྱལ་བ་དང་། ནོར་ལུག་རྣམས་རི་འགོར་འདེད་པའི་ལས་དག་ལ་མི་ཁོམ་པའི་འཚུབ་ཀྱིན་འདུག  ཡིན་ཡང་ངེད་ཚང་གི་ཨ་ཕ་ད་དུང་ཡང་ཕྱིར་ལོག་མེད་པས་ངེད་བཟའ་མི་གང་བོ་འཚུབ་ཆའི་ཀློང་ནས་ཅི་བྱ་གཏོལ་བྲལ་དུ་གྱུར། མི་སུ་ལ་དྲིས་ནའང་ཨ་ཕ་མཐོང་བའི་གཏམ་དེ་རྙེད་ཐབས་མ་བྱུང་། ང་ཚོའི་སྡེ་བ་དང་རྫོང་ཐོག་བར་ལ་ཕལ་ཆེར་སྤྱི་ལེ་ཉི་ཤུ་ཡས་མས་སུ་ཡོད་ཀྱང་ཨ་ཕ་ནི་གྲོང་ཁྱེར་གྱི་མི་ཡིན་པས་གྲོང་ཁྱེར་གྱི་འཚོ་བ་གོམས་ལོབས་སུ་གྱུར་ཡོད་ནའང་ཆང་གིས་བཟི་རྗེས་ཀྱི་ནག་ཉེས་དེ་ནི་སུས་ཀྱང་འགོག་ཐབས་ཡོད་པ་ཞིག་མ་རེད། སྐབས་དེར་ཨ་ཕའི་ཁ་པར་ཡང་སྒོ་བརྒྱབ་པའི་གནས་ཚུལ་ཤེས་རྗེས་ང་ཚོ་སྔོན་དང་མི་འདྲ་བར་སེམས་ཚེགས་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར།གློ་བུར་དུ་ཨ་ཁུ་སྐྱ་བྷ་ཚང་གི་བུ་མོ་གཡང་སྐྱིད་ངེད་ཚང་ལ་རྒྱུགས་ཡོང་སྟེ།  གཏམ་ངན་ཅི་ཞིག་ཁྱེར་ཡོང་བ་བཞིན“ཨ་མ་མཁའ་འགྲོ  ངེད་ཚང་གི་ཕུ་བོ་ཁ་སང་རྫོང་ཐོག་ལ་སོང་ནས་ཨ་ཁུ་རིག་གསལ་གྱི་ངོ་གདོང་ཡོད་ཚད་སེང་རས་ཀྱིས་བསྡམས་ནས་མི་དམངས་སྨན་ཁང་ན་སྨན་ཞིག་ཉོ་བཞིན་ཡོད་ཀི”ཟེར། “སེམས་ཚེགས་དེ་འདྲ་མ་བྱོས་དང་ཕལ་ཆེར་སྐྱོན་ཆེན་པོ་མི་འདུག”ཟེར། ཨ་མས་“ཡ་ཡ   ཚེ་རིང་རྒྱུ”ཟེར་བཞིན་སེམས་ནས་འཚུབ་ཆ་ཞིག་གིས་
བྱ་འཕུར་བ་ལྟར་རྫོང་ཐོག་ལ་ཨ་ཕའི་གམ་དུ་ཕྱིན། ཉིན་དེར་ང་རང་སློབ་ཁྲིད་ལའང་ཞུགས་མ་ཐུབ་པར་དགེ་རྒན་ལ་གནང་བ་ཞུ་རྗེས་ཁྱིམ་ཀྱི་ལས་ཀ་ཐར་ཐོར་དག་ལས་ཞོར་དུ་ཨ་ཕ་ཨ་མ་ཕྱིར་ཡུལ་དུ་ལོག་པར་རེ་ཞིང་སྒུག་ནས་འདུག  ད་ཐེངས་བྱུང་བའི་ཨ་ཕའི་གནས་ཚུལ་འདི་ནི་ཁོའི་མི་ལོ་བརྒྱད་རིང་ལ་ཆང་འཐུང་བའི་གོ་རིམ་ཁྲོད་ནས་ཐེངས་དང་བོར་ཁོ་ལ་ཐེབས་པའི་གྱོང་གུད་ཚབས་ཆེན་ཞིག་རེད།
  ཉིན་དེར་སྒུག་སྒུག་པའི་མཐའ་མར་བཟའ་མི་གང་བོ་མཉམ་འཛོམས་བྱུང་སོང་། དགོང་མོ་དེར་ཨ་ཕས་གནས་ཚུལ་དེ་མགོ་ནས་མཇུག་བར་གཏམ་རྒྱུད་ཅིག་ཚབ་ཏུ་ངེད་གཉིས་ལ་འཆད་སྟངས་ཤིག་གིས་ངའི་སེམས་ལ་ཆང་འདི་ནི་མ་གཞི་ནས་སྨྱོན་པའི་འཐུང་རྒྱུ་ཞིག་ཡིན་པ་གཞི་ནས་རྟོགས་བྱུང་། དུས་ད་ལྟའི་བར་དུ་ཨ་མས་ཁོ་ལ་ཆང་མ་འཐུང་ཟེར་བའི་ཁྭ་ཏ་སློབ་གསོ་ཞིག་ཐོས་མ་མྱོང་ཞིང་འོན་ཀྱང་དེ་དགོང་གཞི་ནས་འདིའི་ཕྱོགས་ཀྱི་ཁ་བརྡ་ཅུང་གླེང་བྱུང་། ཡིན་ཡང་ཨ་ཕའི་མི་ལོ་དུ་མའི་རིང་ལ་ཆང་འཐུང་བའི་སྲོལ་འདི་གོམས་ལོབས་སུ་གྱུར་ཡོད་པས་གཅིག་དཀྱོགས་སུ་ཆང་འདི་གཅོད་རྒྱུ་ནི་ཁོ་ལ་མཚོན་ན་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མིན།  མི་ལ་ལ་ཞིག་ལ་
མཚོན་ན་ཆང་འདི་རང་འགུལ་གྱིས་གཅོད་པའམ་ཡང་ན་བཙན་གྱིས་གཅོད་པའི་གནས་ཚུལ་མང་བོ་འདུག་ཀྱང་། ངེད་ཚང་གི་ཨ་ཕའི་བཙན་གྱིས་མ་བཅད་ན་གཅོད་མི་ཐུབ་པའི་དུས་དེར་སོན་འདུག  ཆང་ལ་དགའ་བའི་མི་ཞིག་ལ་མཚོན་ན་ཆང་གིས་རང་ཉིད་ལ་གནོད་པ་གཏོང་བའི་ཚུལ་དེ་ཤེས་རྟོགས་བྱུང་མེད་པ་མ་ཡིན་ཏེ་ཁོ་རང་ཆང་ལ་དགའ་བའི་རྐྱེན་གྱིས་རེད།དུས་དེ་ནས་བཟུང་ཨ་ཕའི་ཆང་འཐུང་བའི་ཁ་གྲངས་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་
  ཉིན་ཞིག་གི་ཞོགས་པར་ཨ་མས་ཁོ་རང་ཁྲིད་ནས་ཨ་ཁུ་བརྩོན་འགྲུས་བཟང་བོའི་སར་སོང་ནས་མགོ་ལ་ཆོས་དཔེ་བཞག་ཏེ་ཆང་བཅད་བྱུང་ལ་བོད་མི་ཞིག་ཡིན་ན་ཆོས་ལུགས་ཀྱིས་ནང་སེམས་འདུལ་ཡོད་པས་འདི་དང་རྒྱབ་འགལ་བྱས་མི་རུང་སྟེ་འདི་དང་རྒྱབ་འགལ་བྱས་ན་རྗེས་སུ་རང་ཉིད་ལ་ཆག་སྒོ་བྱུང་བའི་བཤད་སྲོལ་ཡོད། ཏག་ཏག་  ཉིན་དེ་ནས་བཟུང་ཨ་ཕས་ཅི་ཞིག་བོར་སོང་བ་བཞིན་ཁྱིམ་ནས་ཕར་འགྲོ་ཚུར་འོང་གི་བྱ་སྤྱོད་དག་མཐོང་གྱུར་ན་ངའི་སེམས་ནའང་བཟོད་མི་ཐུབ་པའི་འདི་ནི་ཉེས་བ་ཆེན་པོ་ཞིག་ཡིན་རྒྱུ་རེད་འདོད་ཡོད།ཟླ་གཅིག་དེ་ལྟར་འགོར་སོང་། ཨ་ཕ་སྔར་བཞིན་ཆང་ལ་དགའ་བའི་འདུ་ཤེས་དེ་དོར་མ་ཐུབ།སྐབས་དེར་བསྟུན་ཨ་ཕའི་ལག་ཏུ་སྒྲོལ་མ་དང་བཀྲ་ཤིས་གཉིས་ཀྱི་གཉེན་སྟོན་བརྡ་ཡིག་ཞིག་འབྱོར་བྱུང་ལ་སྟེང་དུ་རྫོང་ཐོག་གི་ཁམས་རའི་མགྲོན་ཁང་ནང་གཟབ་རྒྱས་ངང་འཚོགས་རྒྱུའི་གསལ་བརྡ་ཞིག་ཀྱང་་བརྒྱབ་ཡོད། སྤྱིར་དེད་ན་འདི་ནི་ཁོ་ཚང་ལ་མཚོན་ན་བཀྲ་ཤིས་བའི་དོན་ཞིག་ཏུ་བརྩི་རུང་སྟེ་འོན་ཀྱང་ངེད་ཚང་ལ་མཚོན་ན་ཆེས་སྐྲག་སའི་དོན་ཞིག་རེད།ཨ་ཕ་གཉེན་སྟོན་འདིར་མ་ཞུགས་ན་ངེད་ཚང་གིས་ཁོ་ཚང་གཉིས་ལ་བརྩི་འཇོག་མ་བྱེད་པའི་རྟགས་མཚན་ཞིག་ཏུ་གྱུར་འདུག་ལ་འོན་ཀྱང་གཉེན་སྟོན་འདིར་ཞུགས་པའི་དབང་དུ་བཏང་ན་ཨ་ཕས་ཆང་ཕྱིར་འཐུང་དང་ན་ང་ཚོའི་ལན་ཆགས་ཀྱི་་ཁུར་བོ་སླར་ཡང་འཁུར་རྒྱུ་རེད་བསམ་ནས་ཐེ་ཚོམ་གྱི་དྲ་རྒྱུའི་བར་ནས་དོན་འདི་ཐག་གཅོད་བྱེད་དཀའ་བ་ཞིག་ཏུ་གྱུར།འདི་འདྲའི་ཁ་དཔེ་ཞིག་ཡོད་དེ།གླང་གི་ཆུ་འཐུང་འདོད་མེད་ན་རྭའི་མནན་ན་འཐུང་ཐབས་མི་འདུགཅེས་བའི་དཔེ་དེ་བཞིན་དུ་འདིའི་ནང་དུའང་རང་འགུལ་གྱི་དོན་ཞིག་གི་ཟུར་སྣ་ནས་འཆད་ཀྱིན་འདུག་པ་ཡིན་ཏེ་ཨ་ཕའི་དངོས་གནས་ཆང་ཕྱིར་འཐུང་སོང་ན་ང་ཚོ་ལ་དངོས་གནས་བྱ་ཐབས་མི་འདུག དེ་བཞིན་ངེད་མ་བུ་གཉིས་ཀྱིས་ཀྱང་ཁོ་རང་འགྲོ་རྒྱུ་མོས་མཐུན་བྱུང་བ་ཡིན། ཉིན་གཉིས་པར་ཁོ་རང་ལམ་ལ་བཅུག་རྗེས་ཕྱིར་ཁྱིམ་དུ་ལོག་ནས་ངེད་མ་བུ་གཉིས་ཀྱིས་ཨ་ཕའི་དེ་རིང་གཉེན་སྟོན་དུ་ཆང་འཐུང་རྒྱུ་ཡིན་མིན་དཔྱད་པ་བཏང་བཏང་ནས་མཐར་མཇུག་འབྲས་ཅི་ཡང་རྟོགས་མ་བྱུང་།བཀྲ་ཤིས་སྐལ་བཟང་གི་ཉིན་མོ་དེར་ཕྱོགས་ཡོངས་ནས་ཕེབས་པའི་མགྲོན་པོ་མང་དུ་མཆིས་ཤིང་བརྟན་ཞིང་གནས་བའི་ཨ་ཕའི་སེམས་དེས་བདུད་རྩི་མངར་མོ་མཐོང་གྱུར་ན་རང་དབང་མེད་པར་ཆང་འཐུང་འདོད་ཀྱི་སེམས་པ་དེ་འགོག་ཐབས་མེད་པ་ཞིག་ཏུ་གྱུར་འདུག ཟང་ཟིང་གི་མི་ཚོགས་ཀྱི་ཁྲོད་ནས་དགའ་བའི་གླུ་དང་སྐྱིད་པའི་བྲོ་ལྡིང་བཞིན་ཨ་ཕའི་སེམས་འགྱུ་སྔར་ལྟར་བརྟན་པོ་རུ་གྱུར་འདུག་ནའང་མགྲོན་པོ་མང་བོ་ཞིག་གིས་ཆང་རྐ་ཡང་ཡང་དྲངས་རྗེས་དུས་དེ་ནས་བཟུང་ཨ་ཕས་སླར་ཡང་ཆང་གིས་མྱོས་བའི་བཟི་གཏམ་གང་སར་གཏོར་བཞིན་ཡང་བརྗོད་མི་ཚར་བའི་འགྲུལ་བཞུད་རིང་མོ་དེའི་སྒོ་ཆེན་ངང་གིས་ཕྱེས་སོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་ལ་དགའ་བའི་ཨ་ཕ།

2012-04-27 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།