ཉིན་གཅིག་གི་རིང་ལ།

  དེ་རིང་ནི་བཀྲ་ཤིས་ལ་མཚོན་ན་ཉི་མ་ཁྱད་པར་བ་འདྲ་མིན་ན་ཡང་ལོ་ངོ་མང་པོ་ཞིག་ལ་ཐེ་ཚོམ་དང་འཇིགས་སྣང་། རྨི་ལམ་དང་རེ་བ་གང་མང་ཞིག་གིས་མནར་བའི་སེམས་ཀྱི་ནད་རིགས་ཡོད་ཚད་གཤགས་བཅོས་བྱེད་པའི་ཉིན་མོ་ཡིན་ཞེས་བཤད་ཆོག  ཡང་གཅིག་བཤད་ན་ཚེ་སྒྲོལ་གྱི་བརྩེ་དུང་གི་འདབ་མ་ཕྱོགས་རེ་རེར་རྒྱས་ཐུབ་པའི་ཡིན་མོ་ཡང་ཡིན་ཤས་ཆེ། གང་ལྟར་ཀྱང་། བཀྲ་ཤིས་ཀྱིས་ཉི་མ་འདིར་བསྒུག་ནས་དུས་ཡུན་རིང་བོ་ཞིག་འགོར་ཡོད་པ་སེམས་ཐག་ཆོད། ཉི་མས་འཛུམ་མདངས་ཞིག་ཁྱེར་ནས་བཀྲ་ཤིས་ཀྱི་རྐང་ལམ་ཇེ་གསལ་དུ་བཏང་ཞིང་། ནམ་མཁའ་ཧྲིལ་བོ་སྔོ་ཡུག་ཡུག་གི་གོས་ལྭ་ཞིག་དང་འདྲ་ལ་ཆུང་དུས་བཀྲ་ཤིས་ཀྱིས་ཚེ་སྒྲོལ་རུམ་སའི་གོས་ལྭ་སྔོ་ནག་དེ་དང་ནོར་འགྲོ་བར་ཞེ་དོགས་ཆེ།དེ་ལྟར་གྲ་སྒྲིག་གང་མང་ཞིག་བྱས་རྗེས་བཀྲ་ཤིས་ཚེ་སྒྲོལ་གྱི་སློབ་ཁང་ཕྱོགས་སུ་འགྲོ་མགོ་བརྩམས།  
  རྒྱུན་ལྡན་ལྟར་ན་སློབ་ཁང་ནང་དུ་འགྲོ་དགོས་ཚེ་མ་མཐའ་ཡང་སྐར་མ་བཅུ་ལྷག་དགོས་མོད་དེ་རིང་བཀྲ་ཤིས་ལ་མཚོན་ན་སྐར་མ་གསུམ་བཞི་ཙམ་མ་གཏོགས་མ་འགོར་བར་ཚེ་སྒྲོལ་གྱི་སློབ་ཁང་སྒོ་ཁར་ཐོན་སོང་། དུས་ཚོད་གང་མང་ཞིག་ལ་ཐེ་ཚོམ་ངང་བསྡད། རླུང་བུས་ཚོད་མེད་ལ་སྒོ་རྡུང་བ་མ་ཟད། སྒོས་ཚོད་མེད་ལ་འུག་སྐད་འབྱིན་ཀྱིན་འདུག སྐབས་འདིར་བཀྲ་ཤིས་སྙིང་སྟོབས་དང་བཅས་སྟེ་སྒོ་ཕྱེས་ནས་ནང་དུ་འཛུལ་མ་ཐག་དགེ་རྒན་དོན་གྲུབ་ཀྱིས་མིག་ཤེལ་ཕུད་ནས་སློབ་ཁྲིད་མཚམས་བཞག་དེ་བཀྲ་ཤིས་གང་འདོད་དུ་སློབ་ཁང་ནང་འཛུལ་ཡོང་ཟེར་ནས་གཅར་རྡུང་ཆེན་པོ་ཞིག་བྱས་པར་མ་ཟད་ད་དུང་སྡིག་དམོད་ཚད་ལས་བརྒལ་ཞིག་བྱས། ཚེ་སྒྲོལ་ལྟད་མོ་ལྟ་མཁན་ཞིག་ཡིན་པའི་ངོས་ཐད་ནས་སྙིང་རྗེ་ཙམ་སྐྱེས་པ་མ་གཏོགས་ཁོ་མོའི་ཆེད་དུ་ཡིན་པ་གཏན་ནས་རྟོགས་མི་འདུག དགེ་རྒན་དོན་གྲུབ་ཀྱིས་བཀྲ་ཤིས་ལ་གཅར་རྡུང་བྱེད་བཞིན་པའི་སྐབས་དེར་གློ་རྡེག་དུ་རུམ་ནས་འཕྲིན་ཡིག་ཅིག་ལྷུང་སོང་། དགེ་རྒན་དོན་གྲུབ་འབུ་མེ་ལྕེབས་ཇི་བཞིན་མྱུར་བ་མྱུར་མོར་འཕྲིན་ཡིག་དེར་ལྟ་མགོ་བརྩམས། བཀྲ་ཤིས་ཁ་རོག་ལ་འདུག་པ་ལས་ཐབས་གཞན་མ་བྱུང་། དེའི་རྒྱུ་མཚན་ཡང་གཅར་རྡུང་དང་དམའ་འབེབས་གང་མང་ཞིག་ཉོ་མ་འདོད་པས་ལོས་ཡིན།དགེ་རྒན་དོན་གྲུབ་ཀྱིས་མྱུར་མོར་ཚར་གཅིག་བཏོན་རྗེས་ཁོང་དགོད་ཅིག་བྱེད་ཞོར་སློབ་གྲོགས་ཡོངས་ལ་བཤད་རྒྱུར༼ཚང་མ་ཁ་རོག་ལ་སྡོད་དང་ཁྱི་སྐྱག་འདིས་བྲིས་པའི་འཕྲིན་ཡིག་ཅིག་འདོན༽ དགེ་རྒན་དོན་གྲུབ་གྱིས་གློ་ལུད་འགའ་བྱས་རྗེས་འདོན་མགོ་བརྩམས། ༼སྙིང་ཉེ་བའི་ཚེ་སྒྲོལ། ངས་ཁྱོད་ལ་འདི་ལྟར་འབོད་ཆོག་པར་སྨོན། འུ་གཉིས་གཉེན་ཉེ་མིན་ཡང་ཆུང་དུས་ནས་རྩེད་ར་གཅིག་ནས་ནར་སོན་པ་ཡིན། དྲང་མོར་བཤད་ན་སྐབས་དེ་ནས་བཟུང་ང་ནམ་ཡིན་ཡང་ཁྱོད་ཀྱི་འགེབས་སྲུང་བ་ལྟ་བུ་བྱས་ནས་བསྡད་པ་ཡིན། ད་སྐབས་ཕྱིར་འདང་བརྒྱབ་ན་འདི་ཡང་ང་ཁྱོད་ལ་དགའ་བའི་འདོད་ཆགས་ཀྱི་རྔམ་པ་ཡིན་ངེས། དང་ཐོག་ཁྱོད་ནི་ཤོག་ལྷེ་དཀར་པོ་ཞིག་ཡིན། ཅི་ཡང་བྲིས་མེད་པའི་ཤོག་ལྷེ་དཀར་པོ་ཞིག་ཡིན།ཁ་དོག་སྣ་གཅིག་གིས་གྲུབ་པའི་ཤོག་ལྷེ་དཀར་པོ་ཞིག་ཡིན། དེ་ནི་ང་རང་ཆུང་དུས་ནས་ཁྱེད་ལ་དགའ་མྱོང་བའི་རྒྱུ་མཚན་གཅིག་པུ་ཡིན།ངས་ནམ་རྒྱུན་ང་ནི་ཤོག་ལྷེ་དེའི་ཐོག་མའི་དབུ་ཁྱུད་འབྲི་མཁན་གྱི་མི་སྣ་གཅིག་པུ་ཡིན་ན་བསམ་མྱོང་། དེ་ནི་ང་ལ་མཚོན་ན་འཛིན་རེག་བྲལ་བའི་འཇའ་ཚོན་གྱི་སྣེ་མོ་ལྟ་བུ་ཨེ་ཡིན་ནམ།  གང་ལྟར་ཀྱང་། ཚེ་སྒྲོལ་ཁྱོད་རང་ད་སྐབས་ང་དང་མཉམ་དུ་མི་ཚེ་གསར་བ་ཞིག་ལོངས་སྤྱོད་བྱེད་པའི་སེམས་འདུན་ཡོད་དམ།ཡང་ན་སུས་ཀྱང་མ་རྙེད་པར་ཡོད་པའི་བརྩེ་དུང་རྣལ་མ་ཞིག་གི་མགོ་བརྩམས་ན་ཆོག་གམ། ཁྱོད་ནི་ང་ལ་མཚོན་ན་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་གྲིབ་མ་ལྟ་བུ་ཡིན། དེ་བས་ཁྱོད་རང་ང་དང་དུས་གཏན་དུ་ཁ་མི་འབྲལ་བའི་དམ་བཅའ་མེད་ཀྱང་། ཡང་དག་པའི་བརྩེ་དུང་ལྷད་མ་འདྲེས་པ་ཞིག་ནས་མགོ་བརྩམས་ན་ཆོག་གམ། ཞེས་ཆུང་འདྲིས་ཀྱི་རྩེད་གྲོགས་བཀྲ་ཤིས་ནས།༽དེ་ལྟར་བཏོན་ཚར་རྗེས། ཚེ་སྒྲོལ་མ་གཏོགས་འཛིན་གྲྭ་ཡོངས་རྫོགས་སྤྱང་ཀིས་ལུག་མཐོང་བ་ཇི་བཞིན་དགེ་རྒན་དོན་གྲུབ་ཀྱི་ལག་དུ་བཟུང་བའི་འཕྲིན་ཡིག་དེའི་ཕྱོགས་སུ་རྒྱུགས་མགོ་བརྩམས། དགེ་རྒན་དོན་གྲུབ་ཀྱིས་བཀྲ་ཤིས་ལ་ཁྱོད་རང་སློབ་གྲྭ་ནས་ཕུད་རྒྱུར་སྒུག་སྡོད་ཟེར། སྐབས་དེར་མཐའ་འཁོར་གྱི་སློབ་མ་མང་ཆེ་བའི་རང་ཉིད་སློབ་མ་སླད་མ་འདྲེས་པ་ཞིག་ཡིན་འདོད་པའི་ང་རྒྱལ་དེ་དབྱར་གྱི་ཆུ་བོ་བཞིན་རྒྱས་མགོ་བརྩམས། ཚེ་སྒྲོལ་དགོད་ཞོར་དུ་བཀྲ་ཤིས་ཀྱི་རྣ་བའི་ནང་བཤད་རྒྱུར༼དེ་ནི་དཔེ་མི་སྲིད་པ་ཞིག་རེད། ཐུགས་བརྒྱལ་མ་བཞེངས།༽དེ་ལྟར་བཤད་བཞིན་དུ་ཚེ་སྒྲོལ་འདུག་གནས་སུ་བུད་སོང་།བཀྲ་ཤིས་ཀྱིས་ཚེ་སྒྲོལ་ལ་མུ་མཐུད་དུ་བཤད་རྒྱུར། ༼ང་ལ་མཚོན་ན་ཁྱོད་ནི་ཆར་བ་ཡིན། ཁྱོད་ཁོ་ནས་ད་གཟོད་ངའི་ནང་སེམས་ཀྱི་མི་མཛེས་པ་ཡོད་ཚད་བཀྲུ་ཐུབ། ང་ལ་མཚོན་ན་ཁྱོད་ནི་མི་ཚེ་འདིར་ཀློག་མི་ཚར་བའི་དཔེ་ཆ་ལྟ་བུ་ཞིག་ཡིན། ཁྱོད་ཁོ་ནས་ད་གཟོད་ང་ཡི་མ་འོངས་པའི་སྟོང་ཆ་གང་མང་ཞིག་སྐོང་ཐུབ། ཚེ་སྒྲོལ། ང་རང་བྱིས་པ་ཡིན་དུས་ནས་བཟུང་ཁྱོད་ནི་ང་ལ་མེད་དུ་མི་རུང་བའི་རྩེད་གྲོགས་གཅིག་པུ་ཡིན། ད་སྐབས་ང་ཚོ་ནར་སོན་ཡོད། འོན་ཏེ་ངའི་བརྩེ་དུང་ལ་ལར་ནས་ནར་སོན་རྒྱུ་མི་འདུག ལུས་སེམས་གཉིས་ཀ་ཁྱོད་ཀྱི་ཕྱོགས་སུ་འཁོར་ཡོད།༽ ཚེ་སྒྲོལ་གྱིས་ཧ་ཆེན་པོ་མ་གོ་ཡང་ཧ་ཅང་ཤེས་མདོག་དང་བཅས་སྟེ་༼ངས་ཁྱོད་ལ་ལན་བཏབ་ཚར་སོང་། ང་ལ་འདི་ལས་ལྷག་པའི་ལན་ཅི་ཡང་མེད། དྲང་མོར་བཤད་ན། ང་ཁྱོད་ལ་ལར་ནས་དགའ་མ་མྱོང་།༽བཀྲ་ཤིས་ཀྱིས་ཞིབ་འདང་ཇི་ལྟར་བརྒྱབ་ནའང་། ཚེ་སྒྲོལ་གྱི་ཚབ་བྱེད་ཐུབ་པའི་བུ་མོ་ཞིག་རྙེད་ཐབས་མ་བྱུང་།  བཀྲ་ཤིས་མ་གཞི་ནས་ཚེ་སྒྲོལ་གྱི་འགེབ་སྲུང་བ་ལྟ་བུར་གྱུར་ཡོད། དེ་ཡིན་ཡང་། བཀྲ་ཤིས་ལ་མཚོན་ན་ཕམ་ཁར་མགོ་མི་སྒུར་བའི་རང་གཤིས་མཁྲེགས་པོ་དེ་དུས་དང་རྣམ་པ་ཀུན་དུ་དོར་མ་མྱོང་། ཚེ་སྒྲོལ་རང་ཉིད་ལ་དགའ་བའི་ཡིད་ཆེས་བརྟན་པོ་དེའང་འགྱུར་བ་བྱུང་མ་མྱོང་། 
  ས་རུབ་ལ་ཉེ་དུས། བཀྲ་ཤིས་ཀྱིས་སྒེའུ་ཁུང་ནང་ནས་ཉི་མ་ནུབ་ཚུལ་ལ་ལྟ་ཞོར་སེམས་ཀྱི་ན་ཟུག་གང་མང་ཞིག་བརྗེད་པར་གྱུར། མ་གཞི་ཉི་མ་ཡོད་ཀྱང་སའི་གོ་ལ་ཟླ་བས་གཉོར་ཆོག་པའི་བསམ་གཞིགས་ཞིག་འགོོག་མེད་དུ་སྐྱེས་པ་མ་ཟད། ཚེ་སྒྲོལ་གྱི་བརྩེ་དུང་ཡང་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ཞིག་མིན་པར་འདོད་ནས་རྟབ་རྟབ་པོར་དངངས་འདར་འགའ་བརྒྱབ་རྗེས་ཉལ་ཁང་གི་ཕྱོགས་སུ་བུད་སོང་།
 
              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་གཅིག་གི་རིང་ལ།

2014-11-03 ཞགས་ཐག༼རྨ་ཆུ༽ ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།