པདྨ་མཚོ།

བྲག་རྡོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-09-05

  དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རང་བྱུང་ཁམས་ཀྱང་དེ་བཞིན་དུ་འགྱུར་བཞིན་ཡོད།ཁ་བ་བུ་ཡུག་གྲང་ངར་རྒོད་པ་ནས་ཉི་འོད་ཀྱི་དྲོད་ཁོལ་འཛོམས་པའི་དུས་ལ་འགྱུར།དེ་བཞིན་དུ་མི་ཡི་སེམས་ཁམས་དང་གཤིས་ཀ་ཀྱང་འགྱུར་བཞིན་ཡོད་དེ།ཞི་དུལ་བབ་ཆགས་ཀྱི་མི་ནས་གདུག་རྩུབ་རྩུབ་རེག་ཅན་གྱི་མི་རུ་འགྱུར།འདི་དག་ཐམས་ཅད་ནི་དུས་ཀྱི་འགྱུར་བ་དང་བསྟུན་ནས་འགྲོ་བཞིན་ཡོད་པའི་རྐྱེན་གྱིས།ངས་ཇི་ལྟར་ལེ་བདའ་བྱས་ཀྱང་ཕན་ཐོགས་མེད་པ་ཁྱོས་ཀྱང་ལོས་ཤེས། པད་མ་མཚོ།
  ང་ལ་མཚོན་ན་རང་ཉིད་ཀྱི་སེམས་ནང་དུ་ཤར་བའི་ཚོར་འདུ་འདྲ་མིན་ཅི་རིགས་དག་སྐད་ཆའི་ལམ་ནས་ཐད་ཀར་བརྗོད་ནུས་ཀྱིན་མེད།རང་ཉིད་ཀྱི་སེམས་ནང་དུ་ཤར་བ་དག་ཐད་ཀར་བརྗོད་མ་ནུས་པའི་རྐྱེན་གྱིས་ངས་ཁྱོད་ལ་སྐད་ཆ་ཞིག་གཞི་ནས་ཤོད་མེད།ལྷག་ཏུ་ངས་ཁྱོད་ལ་བརྗོད་འདོད་པའི་སྐད་ཆ་མང་པོ་ཞིག་ད་དུང་ངའི་སེམས་ནང་དུ་ལུས་ཡོད།ངའི་སེམས་ནང་དུ་ལུས་པའི་སྐད་ཆ་དག་ངའི་ལུས་ཀྱི་བྱ་སྤྱོད་ཀྱིས་མཚོན་དུ་འཇུག་འདོད་མོད།འོན་ཀྱང་ང་ཁྱོད་ལ་འཕྲད་པའི་སྐལ་བ་ཞིག་སྐར་ཆ་གཅིག་ཙམ་ཀྱང་མི་འདུག་པས།ད་ནི་ངའི་རང་ཉིད་ཀྱི་སེམས་གཏིང་དུ་ཉར་ཏེ་སྟོང་བསམ་གྱི་རྨི་ལམ་གྱི་རྒྱལ་ཁམས་འགྲིམས་པ་ལས་ང་ལ་བྱ་ཐབས་ཅི་ཞིག་ཡོད། པད་མ་མཚོ།
  “ང་ཁྱོད་ལ་དགའ་མྱོང་།ད་ལྟའང་ང་ཁྱོད་ལ་དགའ་བཞིན་ཡོད།འབྱུང་འགྱུར་ཀྱང་ང་ཁྱོད་ལ་དགའ་སྲིད།པད་མ་མཚོ།ངས་འཇིག་རྟེན་འདི་ནས་བུད་མེད་ཅིག་གི་ཐོག་ལ་བརྩེ་བ་རྣལ་མ་བཅངས་པའི་ཐོག་མ་ནི་ཁྱོད་ཡིན།དེ་ཁྱོད་ཀྱིས་ཤེས་སམ།”
  “ཉོག་གཏམ།དེ་འདྲ་ཡིན་མི་སྲིད།འུ་གཉིས་ཀྱིས་ངོ་ཤེས་ནས་དུས་ཚོད་མང་པོ་འགོར་མེད།ལྷག་ཏུ་འུ་གཉིས་འདྲིས་ཆ་མེད་པའི་དེ་འདྲ་ཡིན་མི་སྲིད”
  “ངས་ཁྱོད་ལ་མང་པོ་ཞིག་བཤད་འདོད།འོན་ཀྱང་ངས་ཅི་ལྟར་བཤད་དགོས་པ་དངོས་གནས་ཤེས་ཀྱིན་མེད།གང་ཞིག་ནས་མགོ་བརྩམས་ཏེ་ཁྱོད་ལ་བཤད་དགོས་པ་ངས་ཁྱོན་ནས་ཤེས་ཀྱིན་མེད།འདི་ནི་ང་ལ་མཚོན་ན་    འཇིག་རྟེན་འདིའི་སྟེང་གི་ཆེས་ཆེ་བའི་སྡུག་བསྔལ་ཡིན།པད་མ་མཚོ།ངའི་མིག་ཆུའི་ཁྱོད་ལ་འགྲེལ་བརྗོད་བྱེད་འདོད།ཁྱོད་མྱུར་ཏུ་རྩལ་སྦྱང་ར་བར་ཤོག”
  “དེ་རིང་ཕྱི་དྲོར་སློབ་ཁྲིད་ཡོད།ཡང་གཅིག་བཤད་ན་ང་ཁྱོད་ལ་ཐུག་འདོད་རྦད་ནས་མི་འདུག དགོངས་པ་མ་ཚོམ། ངོ་མ་ཡིན”ཟེར་མ་ཐག་ཁ་པར་སྒོ་ཐག་སེ་བརྒྱབ་སོང་།
  སྟོང་ཤུར་ཤུར་གྱི་སེམས་པར་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་ཡོང་སུ་བསྟིམས།མྱ་ངན་གྱི་ཐང་སྟོང་དུ་གྲང་ཤུར་ཤུར་གྱི་རླུང་བུ་ལྡང་ཏེ་ཤི་མ་གསོན་གྱི་སྐྱེ་དངོས་དག་བཅོམ་ནས་འགྲོ་བ་བཞིན།ངའི་སེམས་པ་ཀྱང་འཇིག་རྟེན་འདིའི་སྟེང་གི་ལག་དམར་མཁན་པོའི་ལག་ལ་ཐོགས་པའི་རལ་གྲི་རྣོ་པོ་དེའི་གཏུབ་དང་གཞོག་བཞིན་པ་དང་འདྲ་བར་འདུག་བཟོད་མེད་པའི་ཚོད་དུ་བསྐྱལ།
  རྒྱུན་དུ་མི་རྣམས་སྟོན་ཀ་ལ་འཁྲེང་ཞིང་སྟོན་ཀ་ལ་དགའ།ད་དུང་འབྲས་ལྡན་གྱི་དུས་ཚིགས་ཞེས་མིང་ཡང་སྙན་མོ་ཞིག་བཏགས་ཡོད་པ་མ་ཡིན་ནམ།འོན་ཀྱང་ང་རང་དེ་ལས་ལྡོག་ཏེ་སྟོན་ཀ་ལ་སུན་ཞིང་སྟོན་ཀ་ལ་སྡིགས་འདོད་སྐྱེས།རྒྱུ་མཚན་ནི་རྩྭ་ལྗང་མེ་ཏོག་སྣ་ཚོགས་བཞད་ཡོད་པའི་དུས་ཚིགས་འདི་ལ་རྒོལ་མཁན་ནི་སྟོན་ཀ་ཡིན་ཏེ།སྟོན་ཀ་ཟེར་བའི་དུས་ཚིགས་འདི་མེད་ཚེ་ངས་ད་དུང་རྩྭ་ལྗང་དང་མེ་ཏོག་སོགས་ཀྱི་མཛེས་སྡུག་ལ་རོལ་ཆོག་པ་མ་ཡིན་ནམ།དེའི་རྐྱེན་ང་སྟོན་ཀ་སླེབས་པར་སྐྲག་ཅིང་དབྱར་ཁ་འགྲོ་བར་སྐྲག་བཞིན་ཡོད།དེ་བཞིན་དུ་ང་ཁྱོད་དང་བྲལ་བར་དངོས་གནས་སྐྲག རྒྱུ་མཚན་ནི་ངའི་མཐོང་ལམ་ན་ཁྱོད་རང་མེད་ཚེ་ངའི་ཚེ་སྲོག་གི་རྒྱུ་བ་འགག་འགྲོ་ཀྱང་སྲིད།ང་གསོན་ཀྱང་སྙིང་བོ་གང་ཡང་མེད་པ་འདྲ། རྙོག་འཛིང་གི་འཇིག་རྟེན་འདི་ནས་སྙིང་པོ་མེད་བཞིན་དུ་གསོན་ནས་སྡོད་པ་ནི་ཆེས་ཐབས་ཐབས་སྡུག་གི་ཐབས་སྡུག་ཅིག་མ་ཡིན་ནམ།པད་མ་མཚོ། འདི་དག་ཁྱོད་ཀྱིས་ཤེས་སམ།གཏན་ནས་ཤེས་མི་སྲིད།རྒྱུ་མཚན་ནི་ཁྱོད་ཀྱིས་ངའི་སེམས་ཁམས་ལ་རྒྱུས་ལོན་སྤུ་ཙམ་ཀྱང་བྱས་མྱོང་མེད།དེ་མིན་ཀྱང་སྲིད། གང་ལྟར……
  ངས་མང་པོ་ཞིག་ལ་ཨུ་ཚུགས་བྱེད་འདོད་མེད།ལྷག་ཏུ་ང་རང་ཉིད་ཨུ་ཚུགས་ལ་དེ་འདྲའི་དགའ་བོ་ཀྱང་མེད་མོད།འོན་ཀྱང་ངས་འུ་གཉིས་བར་གྱི་དོན་དག་དག་ལ་ཨུ་ཚུགས་བྱེད་འདོད།ངས་ཨུ་ཚུགས་ཀྱིས་ལམ་ཞིག་བསྐྲུན་འདོད།ཨུ་ཚུགས་ཀྱིས་བྱ་བ་གང་ཞིག་བསྒྲུབ་ཀྱང་དེ་འདྲའི་སྤྲོ་བ་ཞིག་ཕན་ཚུན་སུ་ལ་མཚོན་ནའང་མེད་པ་ངས་གཞི་ནས་ཤེས་ཡོད་མོད།འོན་ཀྱང་འདི་ནི་ངས་ཆེས་ཐབས་སྡུག་གི་བྱ་བ་སྒྲུབ་སྟངས་ཤིག་ཡིན།ཁྱོད་ཀྱིས་བཟོད་སྒོམ་ཐེངས་གཅིག་གནང་རོགས།པད་མ་མཚོ།
  “དགུན་གནང་གི་དུས་ཚོད་འདི་ཁྱོད་ཀྱིས་བདེ་སྐྱིད་ངང་ནས་སྐྱེལ་ཐུབ་པའི་སྨོན་འདུན་ཞུ།པད་མ་མཚོ།”
 “བཀའ་དྲིན་ཆེ།ཁྱོད་ཀྱིས་ཀྱང་དེ་ལྟར་སྐྱེལ་ཐུབ་པའི་སྨོན་འདུན་ཞུ།ད་ང་ལམ་ལ་ཆས་རན་སོང་།བདེ་མོ།”
  པད་མཚོ་ཕྱི་མིག་ཙམ་ཡང་མེད་པར་རླངས་འཁོར་དུ་བུད་མ་ཐག་སྐྱེལ་འདྲེན་རླངས་འཁོར་ཀྱང་ལམ་ལ་ཆས། སེམས་ནང་དུ་གློག་ཞགས་ཀྱིས་རྒྱག་པ་དང་འདྲ་བར་སེམས་ནང་ཧྲིལ་པོ་བཟོད་མེད་ཀྱི་ན་ཟུག་ཅིག་གིས་ཡོང་སུ་བསྟིམས།པད་མ་མཚོ་བསྡད་ཡོད་པའི་རླངས་འཁོར་གྱི་རྗེས་ལ་བལྟས་ཀྱིན་བལྟས་ཀྱིན་དུ་སེམས་ནང་དུ་སྐད་ཆ་མང་པོ་ཞིག་ཤར་ཡོང་།ཁ་ནས་དབང་མེད་“འཇིག་རྟེན་གྱི་སྟེང་གི་ཆེས་ཆེ་བའི་སྡུག་བསྔལ་ནི་གྱེས་བྲལ་རེད་”ཅེས་ཤོར་མ་ཐག གཉིད་ནས་སད་པ་བཞིན་རང་ཉིད་ཀྱང་ལམ་ལ་ཆས་རན་འདུག་པ་ཤེས།དེ་མུར་རླངས་འཁོར་དུ་བུད་དེ་ལམ་ལ་ཆས།ཕྱིར་མིག་གིས་གྱེས་བྲལ་གྱི་ས་ཚིགས་ལ་བལྟ་བཞིན་དེ་དང་རྒྱང་དུ་གྱེས།   
                    2014.5.7

                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པདྨ་མཚོ།

2014-09-05 བྲག་རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།