རྨི་ལམ་རབ་ཏུ་འཁྲུག་བྱུང་།

            དང་བོ།

  གསར་ཏུ་བཙས་མ་ཐག་པའི་མེ་ཏོག་དང་ཤིན་ཏུ་ལྷོད་པོར་ལྡང་གིན་པའི་རླུང་བུ། ཉི་འོད་དང་དུས་ཚོད་ཀྱི་ཆུ་ཁར་གཡེང་བའི་ནམ་མཁའི་གླུ་སྐད་སྔོན་པོ། རྨི་ལམ་ཏུ་ང་ཡི་སྤྲོ་སྣང་གི་སྒྲོན་མེ་ལ་མར་ཁུ་བལྡུག་གིན་པའི་རོལ་དབྱངས་ཀྱི་ལྷ་མོ་དང་ཚེ་སྲོག་གི་མེ་ལྕེ་དྲོན་མོ། ཆར་བ་སམ་སིམ་ཞིག་གི་ཞོགས་པ་བརྒྱུད་ཀྱིན་བེའུ་ཆུང་འཚོས་མྱོང་ཞིང་། ས་གདན་འཇམ་པོ་ཞིག་ལྟར་ཁུ་སིམ་པའི་ན་ཁུག་གི་ལྷོད་བག་དེ་དྲན་བྱེད་ཀྱི་ཕྱིར་དྲན་གྱི་སྐར་ཁུང་ཆུང་ཆུང་། མཚན་རེ་བཞིན་ཁང་མིག་གི་སྒེའུ་ཁུང་ཁར་འཚང་ཞིང་རུབ་
ཏེ་འོང་བའི་གཤོག་པ་མེད་པའི་སྦྲང་ནག་གི་ཁྱུ་ལྟ་བུའི་མུན་པའི་ཚོགས། སྐད་ཅིག་ཀྱང་ང་ཡི་དྲན་པའི་རྐུབ་སྟེགས་སུ་ལྷོད་དུ་མི་ཆགས་པའི་འཆར་གཞིའི་དྲ་རྒྱ་དང་རྩོད་པའི་ལྕགས་ཀྱུས་འདྲུད་ཀྱིན་པའི་ཡིད་ཀྱི་ཤེས་པ་དག    གྲིབ་གཟུགས་ཀྱི་མེ་ལོང་ལས་ཉི་འོད་ཀྱི་གས་ཆག་དང་མུན་ནག་གི་སྲ་མཁྲེགས་འཚོལ་གྱིན་པའི་འཚོ་བའི་ལག་པ་དང་རྐང་བ། ལྷ་སྒྲུང་གི་ནགས་ཚལ་ལྟ་བུའི་དར་ལྕོག་གི་འཚང་ཀ་དང་ཨ་མའི་གཞས་ཚིག་ལྟ་བུའི་ཆུ་མིག་གི་བརྩེ་བ་བརྒྱུད་ཀྱིན་དུས་རབས་ཀྱི་འཛེར་མ་མཁྲེགས་པོས་གློ་སྙིང་ཕུགས་པའི་མི།  ད་ལྟ་སྐྱེ་འཆིའི་ལག་ཟུང་གིས་སྦར་བའི་དུས་ཚོད་ཀྱི་བསང་མེ་ཆེན་པོས་ཁྱོད་ཀྱི་བྲང་ཁོག་ནས་ཅི་ཞིག་བསྲེགས་སོང་། མངོན་སུམ་དང་ལྐོག་གྱུར་གྱི་ཉིན་མཚན་དཀར་ནག་གིས་ཁྱོད་ཀྱི་འཚོ་བའི་གྲུ་ཁ་གང་ཞིག་ཆག་རལ་ཏུ་བཏང་ཡོད།   གནམ་མཐའི་མཚམས་སྤྲིན་ཆེན་པོ་ཞིག་དང་འདྲ་བའི་མི་ཚོགས་ཀྱི་ཞེ་སྡང་དང་།  ཉི་འོད་འོག་གི་ཨར་འདམ་བཞིན་ཚ་བས་གཏོས་པའི་ཧམ་སེམས་ཀྱི་རྣོ་ངར་གྱིས་ཁྱོད་ཀྱི་ཁྲག་རྩ་གང་ཞིག་སྐམ་ཏུ་བཅུག་སོང་། དུག་སྦྲུལ་དང་། གྲོག་མ་དང་། ཕག་དང་ཁྱི་དང་།  གློག་ཆས་དང་། ལྕགས་ཆས་དང་། རྫས་རིགས་དང་། ནད་ཡམས་དང་། ཤྭ་འོད་དང་།  ས་ཡོམ་དང་། རླུང་འཚུབ་དང་། དམག་འཁྲུག་སོགས་ཀྱིས་ཁྱོད་ཀྱི་རྨི་ལམ་གྱི་སྐྱེད་ཚལ་ཏུ་ཐེད་པོ་དང་། རུལ་མྱགས་དང་། ཆག་རོ་དང་། འཇིགས་དངངས་དང་།  དོགས་ཟོན་དང་།   ཐེ་ཚོམ་སོགས་ཀྱི་ནམ་ཟླ་ཅི་འདྲ་ཞིག་ཆུའི་འཁོར་ལོ་བཞིན་ཡང་དང་བསྐྱར་གྱིས་བསྐོར་བྱུང་།
   མེ་ལྕེ་ནི་སྐྲ་ལོ་དང་།  མགྲིན་པ་ནི་གསང་བའི་ཕུག་པ།  རྣ་ཅོག་ནི་རླུང་གི་འདབ་མ། སྣ་ནི་དཔྱིད་ཀའི་ཡལ་ག མིག་ནི་གཟི་ཁྲ་ཡིན་པའི་མི་དེས་ཁྱོད་ཀྱི་ལག་ཏུ་ཁུག་མ་ཆུང་ཆུང་ཞིག་བཞག་བྱུང་། ཁྱོད་ཀྱིས་དེའི་ནང་དུ་ཁ་སང་གི་ལོ་རྒྱུས་དང་དེ་རིང་གི་ངལ་དུབ་འཇུག་གིན་“རྒྱུ་སྤུན་ནི་མིང་དང་བྱ་ཚིག་ཡིན་པའི་རས་ཕོད་འདིའི་ནང་དུ། ང་རང་འཁྱག་དུས་བྲང་ཁ་བསྲོ་བྱེད་དང་ང་རང་དྲོ་དུས་བསིལ་རླུང་གཡེབ་བྱེད་ཀྱི་བརྩེ་བ་བསྡུས་ཡོད”ཟེར།
   བྱེ་ཐང་ཆེན་པོ་ཞིག་གིས་ཞིབ་བུར་ཆགས་པའི་རང་གི་སྐྲ་ལོ་རླུང་ཁར་གསེད་ཀྱིན་འདུག འདམ་དང་དྲི་ཁུས་གྲུབ་པའི་གཙང་བོ་ཆེན་པོ་ཞིག་གིས་སྨུག་པ་ནག་པོ་ཐིབས་པའི་ལྕགས་ཀྱི་གྲོང་ཁྱེར་ཞིག་བསྐོར་གྱིན། མཐར་རྩེ་མོ་དགུང་ལ་བསྙེག་པའི་གད་སྙིགས་ཀྱི་
ཕུང་བོ་གཏོས་ཆེ་བ་ཞིག་གི་གསེབ་ཏུ་ཐིམས་སོང་། ཨར་འདམ་གྱི་སྡོང་བོ་ཞིག་གི་སྟེང་ན་འགྱིག་གི་སྤྲེའུ་ཕྲུག་ཅིག་གིས་ཤོག་ཆད་རིལ་རིལ་ཞིག་ཟ་བཞིན་འདུག ཕོ་མཚན་ནི་སྨེ་བ་ཞིག་ལྟར་ཆུང་ལ་རླིག་པ་ནི་ཁུ་ཚུར་ཞིག་ལས་ཆེ་བའི་སྐྱེས་པ་ཞིག་གིས་འཕོང་ཚོས་
ལས་ཆེ་བའི་མོ་མཚན་ཞིག་ཏུ་ལུས་ཕྱེད་བཏང་ནས་འཁུན་སྒྲ་འདོན་གྱིན་འདུག འཁོར་ལོར་བརྟེན་ནས་འགྲོ་བཞིན་པའི་རྟ་ཕོ་ཞིག་གིས་བེའུ་ཞིག་གི་རྗེས་མ་ཆོད་པར་ལུས་པོ་རྔུལ་ཆུ་སེར་བོས་ཚོས་འདུག
   ཁྱོད་ཀྱི་སྙིམ་པའི་ནང་དུ་བཟུང་བའི་གངས་རི་ཆུང་ཆུང་ལྡེ་མིག་འདྲ་བོ་མེ་ལྕེ་ཞིག་ལྟར་ལྷབ་ལྷུབ་འདར་གྱིན་འདུག དུས་ཚོད་འདིའི་གྱང་ལྡེབས་ཀྱི་ཕ་རོལ་ནི་ཁྱོད་ཀྱི་སྐྲ་ལོ་ལྟར་འཛིང་བའི་ནགས་ཚལ་ཞིག་ཡིན་ལ། དེའི་ཕ་མཐའ་ན་ཆགས་པ་ནི་ལང་ཚོས་རྒྱགས་པའི་བུ་མོ་ཞིག་གི་མྱོས་བུམ་ལྟར་འཇམ་པའི་སྤང་ཐང་ཞིག་ཡིན་ལ། དེའི་མཐའ་ན་མིའི་མིག་ཟུང་ལྟར་དྭངས་པའི་གངས་རི་ཞིག་གིས་བསང་དུད་ཀྱི་གཡུ་རལ་ངོམས་ཤིང་རླུང་རྟའི་གད་རྒྱངས་སྒྲོགས་ཀྱིན་འདུག  ཉི་འོད་ཀྱི་མེ་ལོང་ངོས་སུ་ཞི་འཇགས་ཀྱི་གྲིབ་མ་དང་རླུང་བུའི་གཟུགས་རིས་འགུལ་གྱིན་འདུག
   འོན་ཀྱང་།  ཚུ་རོལ་གྱི་ཆང་ཁང་ཞིག་ན་ལག་ཟུང་མེད་པའི་བུ་མོ་ཞིག་གིས་བྱིས་པའི་ཀླད་ཞོ་ཤེལ་ཕོར་གང་སྒྲོག་ཙེའི་སྟེང་བཞག་ཏེ་<<རྣག་ཁྲག་གི་འདབ་མའི་སྟེང་ན>>ཟེར་བའི་གླུ་དབྱངས་ཤིག་སྐད་དམའ་མོས་ལེན་འདུག ས་སྲོད་ཁྲོད་ཀྱི་སྐར་མ་རབ་རིབ་ཅིག་ལྟར་འོད་མདངས་མག་མོག་ཡིན་པའི་གློག་སྒྲོན་ཞིག་གི་མཐའ་ཁོར་ཏུ་རུལ་དྲི་འཐུལ་གྱིན་པའི་འབུ་མེ་ལྕེབས་འགས་གཤོག་ལྡེབ་བྱེད་ཀྱིན་འདུག    ལྕགས་ཀྱི་སྒྲ་ཁོ་ན་གྲགས་པའི་སྲང་ལམ་ཞིག་ཏུ་གཡེམ་དྲི་བྲོ་བའི་ཆར་བ་སམ་སིམ་ཞིག་འབབ་ཀྱིན་འདུག་ལ། ཆར་བའི་ཁྲོད་ནས་ཁྱོད་རང་གཞན་ཞིག་ལྕགས་ཀྱི་གྱང་ལྡེབས་ཤིག་ཏུ་ཐིམས་སོང་།    འཇིགས་དངངས་ཤིག་གིས་ཁྱོད་ཀྱི་ཡོད་ཚད་སྒྲོན་མེ་གཟིམ་པ་བཞིན་ནག་ཐོམ་མེར་གྱུར་སོང་།
                                                                     
            གཉིས་པ།
    
  སྐྱེ་བོ་ལ་ལས་ཞེ་སྡང་དང་བཅས་ཁྱོད་ལ་དུག་སྦྲུལ་ཞེས་སྡིག་གིན་འདུག་ལ། སྐྱེ་བོ་ལ་ལས་སྒྱིད་ལུག་དང་བཅས་ཁྱོད་ལ་གསོ་ཕག་ཞེས་དམོད་ཀྱིན་འདུག ཡང་སྐྱེ་བོ་ལ་ལས་ཅི་བསམ་འདི་བསམ་མེད་པར་ཁྱོད་ལ་ཁྱི་སྐྱག་ཅེས་འཕྱ་བཞིན་འདུག  འོན་ཀྱང་།
གཟེབ་དྲར་ཚུད་པའི་སྐྱེ་བོ་འདི་དག་གི་ཞེ་སྡང་དང་། སྒྱིད་ལུག་དང་། རྨོངས་འཐོམ་ནི་གཞན་ཞིག་གིས་བཙན་གྱིས་མི་ཚེའི་གསེབ་ཏུ་བླུགས་པ་ཞིག་མ་ཡིན་པར། ཁོ་རང་ཚོས་འབད་པ་ཆེན་པོས་འཚོལ་དང་འཚོལ་གྱིན་པའི་རྒྱུ་ནོར་དང་དབང་ཐང་།  མཚན་སྙན་
དང་ཆགས་སྡང་སོགས་ཀྱི་ཞིང་ས་རང་ནས་སྐྱེས་པ་ཡིན་ནོ།
  འོན་ཀྱང་། ཁྱོད་ཀྱིས་འཚོལ་གྱིན་པ་ནི་ཤིན་ཏུ་ཕྲ་བའི་ཐག་པ་ཞིག་ཡིན། ཐག་པ་ཕྲ་མོ་འདིས་མི་ཡོད་ཚད་ཀྱི་བདེན་པ་དང་རང་གཤིས། ཤེས་རབ་དང་བརྩེ་བ། སྤོབས་པ་དང་ཞི་ལྷོད་སོགས་ལུ་གུ་བཞིན་བཅུག་ནས་འོབས་དོང་ཆེན་མོ་ཞིག་ཏུ་འཕེན་གྱིན་
འདུག  སྡུག་བསྔལ་དེ་དག་མཚོན་བྱེད་དུ་བུད་མེད་ཀྱི་འཁུན་སྒྲ་དང་།  སྐྱེས་བུ་ཚོའི་སྔུར་བ། བྱིས་པ་ཚོའི་ཀུ་ཅོ་སོགས་བྱུང་ལ།དེ་དག་གིས་རྒྱ་མཚོ་ཆེན་པོ་ཞིག་ལྟར་ཆགས་པའི་དུས་ཚོད་ཀྱི་ཆུ་གཏེར་ཆུ་ཁོལ་ཚ་མོ་བཞིན་གདུ་རུ་བཅུག་བྱུང་།
  འཇིག་རྟེན་སྟེང་གི་ཆེས་མཐའ་མཇུག་གི་འབྲོག་སྡེ་དེ་གདོད་མའི་མཛེས་སྡུག་གི་ངོ་བོ་མ་འགྱུར་བར་རི་རབ་དང་གཙང་བོའི་ལྕགས་རིས་བསྐོར་ནས་ས་སྒང་གི་ཕྲག་སྟེང་ན་ཞི་འཇགས་ཀྱིས་གནས་ཡོད།  ཁ་བ་དང་ཆར་ཆུ་རེས་མོས་ཀྱིས་འཁོར་ནས་ལོ་ཟླའི་ས་
རྡུལ་དང་འཚོ་བའི་ཚི་དྲེག་དག་ཡོངས་སུ་བཀྲུས་ཚར་ཡོད། བརྩེ་དུང་གི་རེ་སྒུག་དང་མི་སེམས་ཀྱི་བརྩེ་བས་གཏམས་པའི་རྫི་གླུ་ཞིག་ཉིན་གུང་གི་བསིལ་གདུགས་ངོས་སུ་འབྱར་བའི་སྤྲིན་པ་དཀར་བོའི་གསེབ་དང་། ས་སྲོད་དང་ཞོགས་པའི་རྡོ་ཐབ་ན་འབར་གྱིན་པའི་མཚམས་སྤྲིན་གྱི་གསེབ་ན་ནམ་འཕངས་བསྟོད་ཀྱིན་པའི་བྱ་རྒོད་ཅིག་ལྟར་དལ་གྱིས་འཁོར་གྱིན་འདུག
   ཁྱོད་ཀྱིས་སྦྲ་ནག་དེའི་ནང་གི་བྱིས་པར་ནུ་མ་བལྡུད་ཀྱིན་པའི་བུ་མོ་དེར་བལྟས་ནས་“བཟང་མོ་ལགས། ང་ལ་ཞོ་ཇ་དཀར་ཡོལ་གང་ལྡུད་རོགས”ཞེས་གུས་ཚུགས་ཤིག་བསྟན།
   བུ་མོ་དེས་ཀྱང་གུས་པའི་ངང་ནས་“དགུན་འཁྱག་དར་འདྲ་མོ་ནང་དུ་འབྲི་མོ་བཞོས་ནས་བེའུ་གསོད་མཁན་ཞིག་གང་ན་ཡོད།    ཤ་ཁུ་ཅུང་ཙམ་ཡོད་པས་ཁྱེད་ཀྱིས་བཞེས་རོགས”ཟེར།
   ཕྱི་རོལ་ཏུ་ཁ་བ་འབབ་ཀྱིན་འདུག  ཁ་བ་ལེབ་མོ་ནི་མིག་ཆུ་འཁྱག་རེངས་སུ་གྱུར་བ་དང་འདྲ་བར་འདར་སིག་སིག་གིས་འབབ་ཀྱིན་འདུག
   ཁྱོད་ཀྱིས་བྲིས་མ་ཚར་བའི་རི་མོ་ཞིག་དང་འདྲ་བའི་ཡུལ་ལྗོངས་འདི་རྨི་ལམ་ཏུ་ཐེངས་ཤིག་རྨིས་བྱུང་།
   སྐབས་འདིར་ཁྱོད་རང་ལྕགས་བྱ་ཆག་རོ་ཞིག་དང་འདྲ་བར་མཐོ་ས་ནས་མར་ལྷུང་གིན་འདུག   རྣ་ལམ་དུ་ཤིན་ཏུ་མྱུར་བའི་ཤག་སྒྲ་ཞིག་མཚམས་མི་ཆད་པར་གྲགས་ཀྱིན་འདུག  བལྟས་ན་ཡོད་ཀྱང་རེག་བྱར་མི་ཡོང་བའི་སྨུག་པ་མཐུག་པོ་ཞིག་ཤུགས་ཆེན་པོས་རྟོལ་གྱིན་ཡོད།      དུས་ཅི་ཙམ་འགོར་བ་མ་ཤེས་པར་ཁྱོད་རང་ས་སྟེང་དུ་ཐོན་འདུག
  ནོར་ཁྱུ་དང་། ལུག་ཁྱུ་དང་། རྟ་ཁྱུ་བརྐུས་ལ་ཤོར་བའི་འབྲོག་པ་རྐང་ཐང་དུ་མས་རང་གི་ནོར་ལུ་དག་འཚོལ་གྱིན་འདུག
  ངོ་གདོང་ན་རྨ་ཤུལ་གྱིས་གང་བའི་གསར་བུ་ཞིག་གིས་“ངས་རྐུན་མ་དེ་ལག་ལ་ཡོང་ན་དམར་བསང་དུ་ཕུད་རྒྱུ།  བུ་རབས་ཚ་རྒྱུད་ཚང་མའི་ཕོ་རྟགས་གཅོད་རྒྱུ། བུ་མོ་ཚོའི་དེའི་ནང་ལ་སྦལ་བ་རེ་དང་དུག་སྦྲུལ་རེ་བསྡུ་རྒྱུ། དེ་བྱེད་མ་ཐུབ་ཚེ་རང་གི་རླིག་
རིལ་གཉིས་ཀ་ཁྭ་ཏར་འཕེན་རྒྱུ”ཟེར།
  གསར་བུ་གཞན་ཞིག་གིས་“དེ་ལག་ལ་ཅིག་ལྷུང་ན། ངས་དེ་ཚང་གི་ཁང་ཀླད་ནས་གྲྭ་བ་ཚོར་འཕྲོད་པའི་སྤྱོད་ཁང་ཞིག་བཟོ་རྒྱུ། ཁྱི་རྐུན་དེའི་ཆུང་མའི་མོ་མཚན་དུ་ཚེར་མ་འདེབས་རྒྱུ། སླ་ངའི་ནང་དུ་རྐང་བ་བཀྲུ་རྒྱུ། ཁྱི་སྐྱག་དེའི་ཞྭ་ཆད་ཀྱིས་སྟུ་ཁུང་ཕྱིད་རྒྱུ།”གསར་བུ་དེས་བཤད་ཀྱིན་བཤད་ཀྱིན་ཁྲོ་ལངས་བྱུང་།  “རྐུན་མ་དེའི་ཤི་བོ་ཤི་མོ། ཕ་རོ་མ་རོ། རྒྱུ་མ་ཕྱུངས་རྒྱུ་དེ། ལྕེ་གཅོད་རྒྱུ་དེ། མིག་ཞར་རྒྱུ་དེ། ཕག་ཚང་ནས་འཇོག་རྒྱུ་དེ། ཁྱི་རྐོའི་ནང་ལ་བལྡུད་རྒྱུ་དེ། འདོམས་རུལ་རྒྱུ་དེ། དམྱལ་བར་སྐྱེ་རྒྱུ་དེས་ངེད་ཚོ་ཚང་མ་གཙབ་བཞག”ཟེར་ནས་ངུས་བྱུང་།
  རྒན་པོ་ཞིག་གིས་ ཀྱང་“དེ་རིག་གནས་གསར་བརྗེའི་བཙོག་རེད། ཟིང་འཁྲུག་གི་འཇིགས་པ་ལས་ཀྱང་སྡུག་རེད།”ཟེར།
  རྒན་པོ་གཞན་ཞིག་གིས་ཀྱང་ “གཙོ་བོ་འདི་དག་མ་རེད། ང་ཚོས་མར་མེའི་འོག་གི་གཏམ་རྒྱུད་དང་། བརྩེ་བའི་གསེབ་ཀྱི་ལྷ་སྒྲུང་། སྙིམ་པའི་བར་གྱི་དག་ཞིང་བོར་ནས་ཡུན་རིང་འགོར་འདུག”ཟེར།
  ཁྱོད་ཀྱིས་མུན་པའི་རས་ཐུམ་ནག་པོ་བཤགས་པའི་གློག་ཞགས་ཤིག་དང་འདྲ་བའི་སྐད་ཆ་འདི་དག་ཐོས་ཏེ་མྱུར་བར་འབྲོག་སྡེ་དེའི་ཕྱོགས་སུ་བརྒྱུགས།
  སྐབས་འདིར་ཁྱོད་ཀྱི་མིག་ལམ་དུ་མངོན་པ་ནི་ལྕགས་དྲས་བསྐོར་ཞིང་གཞུང་ལམ་གྱིས་བཤགས་པའི་རྩྭ་ཐང་ཞིག་དང་། ལབ་རྩེའི་ཤུལ་ཏུ་ལྕགས་སྡོང་མཐོ་པོ་བཙུགས་པའི་རི་བོ་ཚོགས་དང་། ནགས་ཚལ་གྱི་ཤུལ་ཏུ་རླུང་འཚུབ་ལྷག་ཅིང་ཆུ་ཕྲན་གྱི་ཤུལ་ཏུ་བྱེ་
ཟགས་ལྷག་པའི་ཡུལ་ལྗོངས་ནད་པ་ཞིག་བཙའ་ཡིས་ཟིན་པའི་ལྕགས་རོ་ཞིག་ལྟར་ཆགས་འདུག
  ཁྱོད་ཀྱིས་ཨ་མ་ཟེར་རྒྱུ་མ་དྲན་པར་མིག་ཆུ་ཁོ་ན་བཞུར་གྱིན་འདུག   མིག་ཆུ་བཞུར་ཚར་དུས་ནགས་ཚལ་སླར་ཡང་སྐྱེ་བ་དང་ཆུ་མིག་བསྐྱར་ཏུ་རྒྱུ་བ་དང་འདྲ་བར་མིག་ཆུ་མཚམས་མེད་དུ་བཞུར་་གྱིན་འདུག
                                                                        
           གསུམ་པ།
     
  སྐབས་འདིར་ཁྱོད་ཀྱིས་ང་རང་ཟེར་བའི་མི་ཞིག་འཚོལ་གྱིན་ཡོད། མི་དེ་སྒོར་བུད་ན་ཆེ་དྲགས་ཏེ་ནམ་མཁའི་མཐོངས་སུ་སླེབས་འགྲོ་ལ་། མི་དེ་ནང་དུ་འཛུལ་ན་ཆུང་དྲགས་ཏེ་རྡུལ་ཕྲ་རབ་ཞིག་གི་ཕག་ཏུ་ཡིབས་འགྲོ། མི་དེར་ཡོད་པའི་རྒྱུ་ནོར་ནི་ནམ་མཁའ་
ཕྱིད་སྤྱོད་ཀྱི་ལག་རས་ཤིག་དང་། ས་གཞི་དང་མི་སེམས་གདོད་མའི་ངོ་བོར་བསྐྱར་ཏུ་བསྒྱུར་བྱེད་ཀྱི་རིལ་བུ་ཞིག་གོ།
  མུན་པ་བཞིན་ནག་པའི་རྒྱ་མཚོ་དེའི་ནང་དུ་ཁོག་སྟོད་མི་དང་ཁོག་སྨད་ཆུ་སྲིན་ཡིན་པའི་སྲོག་ཆགས་སྐོར་ཞིག་གིས་ཝུ་བའི་ཕུང་བོ་གཏོས་ཆེ་བ་ཞིག་དཀྱིལ་ཏུ་བཟུང་ནས་སྐོར་བྲོ་འཁྲབ་ཀྱིན་འདུག     བྱེ་ཐང་མཐའ་མི་མངོན་པ་ཞིག་ནའང་ལྕགས་ཀྱི་རྔ་མོང་དང་།  འགྱིག་གི་དུག་སྦྲུལ་དང་།   ཨར་འདམ་གྱིས་བཟོས་པའི་ལྗོན་པ་སྐོར་ཞིག་གྱང་ལྡེབས་ངོས་ཀྱི་རི་མོ་བཞིན་འགུལ་མེད་དུ་གནས་འདུག  གླེགས་བམ་སེར་བོ་ཁུར་བའི་གྲྭ་བ་ལྡོམ་པོ་ཞིག་གོ་ལ་འདིའི་རྨ་ཁ་ལྟ་བུའི་གྲོག་རོང་ཆེན་པོ་ཞིག་གི་ནང་ན་ཤ་འབུ་བཞིན་འགུལ་གྱིན་འདུག དེ་ལ་མིག་ཟུང་མེད་པའི་རྒན་མོ་ཞིག་གིས་ང་ཡི་རྣམ་ཤེས་ཀྱི་མཆོད་མེ་སྒྲོན་པའི་མི་ཟེར་ཞིང་། ཁྱོད་ཀྱིས་རྒྱང་རིང་བོ་ནས་དེ་ནི་རང་ཉིད་ཀྱིས་ལོ་རྒྱུས་དང་དུས་ཚོད་ཀྱི་མཛེས་པ་བསྐྱར་ཏུ་བཞེངས་བྱེད་དུ་འཚོལ་དགོས་པའི་ང་རང་ཡིན་པར་ཁྲུན་ཐག་བཅད།  འོན་ཀྱང་། སེམས་སུ་ཡང་བསྐྱར་ཁོ་གྲོག་རོང་དུ་འགྲོ་དུས་ཁོ་ནར་ཇེ་ཆུང་དུ་མི་འགྲོ་ལ་ཇེ་ཆེར་ཡང་མི་འགྲོ་བ་ཡིན་ནམ་སྙམ།
   ཁྱོད་རང་གྲོག་རོང་དེའི་མདོར་ཐོན་ལ་ཉེ་དུས།     ཨ་ལ་ཨར་ཧན་ཟེར་བའི་མི་ཞིག་གིས་ཁྱོད་ཀྱི་མདུན་ནས་བཀག་ཏེ་“ལམ་གླ་ཁྱེར་ཤོག”ཟེར།
   ཉི་འོད་རལ་བོ་ཞིག་གི་ཟེར་མས་ས་རྡུལ་གྱི་བར་སྣང་བརྟོལ་གྱིན།   ལྕགས་ཀྱི་སྐུད་པ་རིང་མོ་ཞིག་དང་འདྲ་བར་གྲོག་རོང་གི་ནང་
དུ་ཟུག་འདུག
   ཁྱོད་ཀྱིས་བྱེའུ་རྟུག་འགའ་བསྟན་ནས་“ང་ཡིས་འདོད་ཧམ་དང་སེར་སྣས་བཟོས་པའི་གསེར་ནག་དག་རུལ་འདུག”ཞེས་བཤད།
   ཨ་ལ་ཨར་ཧན་གྱིས་“དེས་ན། ཕྱིར་དྲན་གྱི་མེ་ལོང་དེ་དང་བརྩེ་བའི་སྒྲོན་མེ་དེ་གཏའ་མར་ཞོགས”ཟེར།
   ཆུ་རྫིང་གི་རུལ་དྲི་དང་། ཚ་སྨུག་གི་རུལ་དྲི་དང་། མི་སེམས་ཀྱི་རུལ་དྲི་དང་། དུས་ཚོད་ཀྱི་རུལ་དྲི་དང་བསྡེབས་པའི་རླུང་བུ་ཞིག་ཁྱོད་ཀྱི་ཉེ་གམ་གྱི་ཕུག་པ་དེའི་ནང་དུ་འཛུལ་སོང་།
    ཁྱོད་ཀྱིས་ཁོས་བཤད་པ་དེ་དག་གཏའ་མར་འཇོག་རྒྱུར་མགོ་བོ་ནང་ལ་ལྡེམ་ཙམ་བྱས།     ཁོས་དེ་མར་ཁྱོད་ལ་ལམ་ཕྱེས་བྱུང་།
    འོན་ཀྱང་། གོམ་པ་འགའ་སྤོས་པ་ན་ཁྱོད་རང་ནད་ཡམས་ཀྱི་གློག་འོད་མག་མོག་འཚེར་བའི་ཆང་ཁང་ཆེན་མོ་ཞིག་ཏུ་སླེབས་འདུག  དེ་རུ་འདྲེ་དང་། གདོན་དང་། སྲིན་པོའི་ཚོགས་ཀྱིས<<བར་དོའི་དབྱར་ཁ>>ཟེར་བའི་གླུ་དབྱངས་ཤིག་ལེན་གྱིན་
སྤྲོ་བས་ཁེངས་འདུག སྐབས་འདིར་ཁྱོད་ཀྱིས་ཕྱིར་ཅི་ལྟར་འགྲོ་དགོས་པ་དང་། སྒོ་གང་ན་ཡོད་པ་སོགས་ཡིད་ལ་གཏན་ནས་འཆར་གྱི་མི་འདུག མོ་མཚན་ཆང་དཀར་བྱས་པའི་འདྲེ་མོ་ཞིག་བཟི་སྣང་ཆེན་པོས་ཁེངས་ཏེ་ངུ་བཞིན་འདུག  ཁྱོད་ཀྱིས་རྐང་ཐུང་གི་
ཕྱི་རུ་བུད་པའི་ཁོ་མོའི་བརླ་ཤར་ལག་པས་རེག་རེག་བྱེད་ཀྱིན་མཆེ་བ་ཞིག་གཙིགས་སོང་།(སྐབས་འདིར་ཁྱོད་ལ་མཆེ་བའང་ཐོགས་ཡོད)
   འདྲེ་མོ་དེས་ལྕགས་ཀྱི་བྱིས་པ་ཞིག་སྟོན་གྱིན་“ང་ཡི་བཟའ་བཅའ་རུལ་འདུག”ཟེར།
   ཁྱོད་ཀྱིས་ཁོ་མོའི་དབྱི་མགོར་ལག་པས་རེག་གིན་མིག་ཆུ་ཐིགས་པ་འགའ་ལྷུང་སོང་།
   ཁོ་མོས་ཡང་བསྐྱར་“ང་ཡི་བཟའ་བཅའ་རུལ་འདུག”ཟེར།
   ཁྱོད་ཀྱིས་ཁ་མ་གྲགས་པར་ཁོ་མོ་དང་ལྷན་ཏུ་ཆང་རྫོགས་མེད་ཅིག་འཐུང་བྱུང་། བཟི་སྣང་དང་འཁྲིག་སྤྱོད་ཀྱི་དབང་གིས་ཁྱོད་ཀྱི་རྨི་ལམ་འཁྲུག་བྱུང་། སྐར་མ་དག་འཐོར་བ་བཞིན་རྨི་ལམ་འཁྲུག་བྱུང་།
   འོན་ཀྱང་། གྲོག་རོང་གི་མདོ་ན་ཁྱོད་ཀྱི་ཕྱིར་དྲན་གྱི་མེ་ལོང་དང་བརྩེ་བའི་སྒྲོན་མེ་ལ་བདག་བྱེད་མཁན་ནི་ཨ་ལ་ཨར་ཧན་མ་ཡིན་པར་ང་རང་ཟེར་བའི་མི་དེ་རེད།
   གློག་ཞགས་འཁྱུག་སྟངས་མི་འདྲ་བ་ཞིག་དང་མཚུངས་པར་རྨི་ལམ་རབ་ཏུ་འཁྲུག་བྱུང་། རྨི་ལམ་རབ་ཏུ་འཁྲུག་བྱུང་ངོ་།།

            (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་རབ་ཏུ་འཁྲུག་བྱུང་།

2014-07-27 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།