རྫོང་དཔོན། པགས་བྱིའུ།

  རྡོ་སོལ་སྐྱེལ་འདྲེན་པའི་རླངས་འཁོར་བརྒྱུད་མྱོང་བའི་རྫོང་མཁར་དེའི་སྲང་ལམ་ཀུན་ནག་ཐིང་ཐིང་བྱེད། ཐ་ན། དཀར་རྩི་བྱུགས་པའི་སྲིད་གཞུང་དང་སློབ་གྲྭ །སྤྱི་བདེའི་ལྡིང་སོགས་ཀྱི་ཐོག་ཁང་དག་ཀྱང་སྐྱ་མདོག་ཏུ་གྱུར་འདུག རྫོང་མཁར་འདིའི་ཁང་བརྩེགས་ཆེ་མ་ཆུང་གསུམ་ཡོངས་ཀྱི་ཁྲོད། ཆེས་བརྗིད་ཉམས་ལྡན་པ་ནི་སློབ་གྲྭའི་ཐོག་ཁང་དང་སྲིད་གཞུང་གི་ཐོག་ཁང་གཉིས་ཡིན། རྫོང་མཁར་འདིའི་ཉེ་འགྲམ་གྱི་འབྲོག་པ་ཚོ་དོན་དག་གང་རུང་ལ་རྐྱེན་བྱས་ཏེ་རྫོང་མཁར་དེར་སླེབས་ཐེངས་རེར།ཐོག་ཁང་འདི་གཉིས་ཀྱི་གམ་ལ་རྒྱུན་དུ་འགྲོ་ལ། ཐོག་ཁང་འདི་གཉིས་ཀྱི་བཟོ་སྐྲུན་ལ་སྨོན་པ་ཤོར་ཏེ་ཁ་ནས་༼ཨ་ཡ་མཚན་༽ཤོར་མཁན་ཡང་མང་པོ་ཡོད། དེ་བས་བདག་གིས་འདིར་ཐོག་ཁང་དེ་གཉིས་ཀྱི་གམ་ནས་བྱུང་བའི་གཏམ་རྒྱུད་ཐུང་ངུ་གཉིས་ཀློག་མཁན་ཁྱེད་ཀྱི་སྤྱན་ལམ་དུ་འདྲེན་པར་བྱེད།
 
  གཏམ་རྒྱུད་ཀ་པ།
 
ཉིན་རྒྱུན་སྲང་མདོ་རུ་བུད་ནས་ཉི་མར་ལྡེ་བར་དགའ་བའི་རྒན་པོ་ལྷ་དབང་ལགས་དེ་རིང་སྲིད་གཞུང་གི་ཐོག་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུག ཁོ་རང་སྲིད་གཞུང་ནང་དུ་འགྲོ་དོན་ནི་ཁོ་ཚང་གི་སྒེར་དོན་ཞིག་གི་ཆེད་དུ་རེད།
   དེ་ཡང་།  ལོ་སྔོན་མའི་ནང་དུ་གར་ཡོང་འདིར་ཡོང་མི་ཤེས་པའི་རྒྱ་མིན་བོད་མིན་སྐོར་ཅིག་གིས་ཁོའི་མག་པའི་ས་ཐོག་ཏུ་སླེབས་ནས་དབྱར་རྩྭ་དགུན་འབུ་གང་འདོད་དུ་བརྐོས་པ་དང་། ས་རིན་སྟེར་བ་ཕར་ཞོག་ད་དུང་ཁོའི་མག་པ་ལའང་གཅར་རྡུང་བྱས་པས་ཟླ་དགུ་ལྷག་ལ་སྨན་ཁང་དུ་ཉལ་ནས་འདུག་དགོས་བྱུང་སོང་།
   རྒན་པོ་ལྷ་དབང་ལགས་ཁོའི་མག་པ་ལ་ཧ་ཅང་འདང་ཆེ་བར་མ་ཟད། མག་པ་དང་བུ་མོ་གཉིས་ཀྱང་ཁོ་ལ་རྩིས་ཆེ། འོན་ཀྱང་། མག་སྟོན་མཇུག་རྫོགས་རྗེས་བུ་མོ་དང་མག་པས་ཁོ་རང་རྒན་གསོ་ཁང་དུ་བསྐྱལ། སྤྱིར་མག་པ་དང་བུ་མོ་གཉིས་ཀྱིས་ཀྱང་འདི་ལྟར་བྱེད་འདོད་མེད་མོད། ཁོ་ཚང་གི་སྐྱས་སྤོ་དུས་སུ་སྐྱས་ལམ་མི་བདེ་བས་རྒན་པོ་ལྷ་དབང་གིས་རྟ་གོང་མི་ནོན་པར་སྐྲག་པ་རེད། ཡིན་ཡང་། རྒན་པོ་ལྷ་དབང་ཁོ་རང་མཁར་རྫོང་དེའི་རྒན་གསོ་ཁང་གི་ནང་ནས་རྐང་ལག་ཅུང་བདེ་ཤོས་དེ་ཡིན་པས། ཉིན་རྒྱུན་སུན་སྣང་ལ་རྐྱེན་བྱས་ཏེ་སྲང་མདོ་ཀུན་ཏུ་ཉུལ་ཞོར་ཉི་མར་ལྡེ་བ་རེད།
   ཁོའི་མག་པར་དོན་དག་དེ་བྱུང་རྗེས་ཁོ་རང་ཤ་ཉེ་འབྲེལ་དག་དང་གཉེན་ཚང་ལ་དཔུང་བསྡེབས་སྒོས། རྫོང་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་ལ་སོང་། འོན་ཀྱང་ཁྲིམས་ཁང་གིས་དོན་དེ་སྣང་ཆུང་སྒོས་དལ་འགོར་བྱས་པས། ཁོ་རང་འུ་ཐུག་ཏེ་རྫོང་དཔོན་ལ་ཐུག་རྒྱུར་ཐག་བཅད། ཡིན་ནའང་། རྫོང་འདིའི་རྫོང་དཔོན་ནི་རྫོང་གཞན་གྱི་རྫོང་དཔོན་དང་མི་འདྲ་སྟེ། ཁོང་གིས་དུས་རྒྱུན་བླ་མ་སྤྲུལ་སྐུ་དང་ཁུལ་གྱི་ལས་བྱེད་མི་སྣར་མ་གཏོགས་མི་གཞན་ལ་ཐུག་ཕྲད་མི་བྱེད། དེ་བས་རྒན་པོ་ལྷ་དབང་ལགས་ཀྱི་ཐེངས་འདིའི་རེ་བ་ཡང་སྔར་བཞིན་སྟོང་ཟད་དུ་གྱུར།
   ཉིན་འགའི་རྗེས་སུ། རྒན་པོ་ལྷ་དབང་ལགས་ཁོ་རང་གི་སྔོན་ཆད་ཀྱི་ངོ་ཤེས་རྙིང་བ་ཞིག་སྟེ། མིང་ལ་མགོན་པོར་འབོད་པའི་རོང་ཕྱོགས་ཀྱི་འཚེམ་བཟོ་བ་རྒན་པ་ཞིག་རྫོང་མཁར་དེ་རུ་ཡོད་པ་དེ་འཚོལ་དུ་ཕྱིན། ཁོ་གཉིས་ཀྱིས་དུས་ཚོད་ཐུང་ངུའི་ནང་ཁ་བརྡ་བྱས་པ་བརྒྱུད། ད་གཟོད་དོན་དེའི་རྒྱབ་ཏུ་གསང་བ་ཞིག་ཡོད་པ་རྟོགས།
   མ་གཞིར་གར་ཡོང་འདིར་ཡོང་མི་ཤེས་པའི་དབྱར་རྩྭ་རྐོ་མཁན་དེ་ཚོ་རྫོང་དཔོན་དང་འབྲེལ་བ་དམ་ཟབ་ཡོད་པར་འདུག རྫོང་དཔོན་ཁོས་གཞན་གྱི་སྔོན་ནས་གཞན་ཕན་གྱི་བྱ་བ་དང་དམངས་དོན་ཁོ་ན་སྒྲུབ་ཀྱིན་པའི་བཟོ་སྟོན་མོད། དོན་ལ་ཇག་ཚོགས་དེར་འབྲེལ་བ་ཟབ་པའི་མི་ངོ་གཉིས་མ་ཞིག་རེད། གཞན་ལྟ་ཞོག ཁོས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽ཀྱང་སྣང་མེད་དུ་བཞག་འདུག་པ་འདྲ།
   ད་དུང་།འཚེམ་བཟོ་བ་མགོན་པོས་རྒན་པོ་ལྷ་དབང་ལགས་ལ་རྫོང་དཔོན་དང་འབྲེལ་བའི་དོན་གཞན་ཞིག་ཀྱང་བཤད།
   ༼དེ་ཡང་།རྫོང་དཔོན་ཁོ་ལས་གནས་ལ་ཞུགས་མ་ཐག་པའི་ཉིན་ཞིག་ལ། ཁོ་རང་གཅིག་པུས་རླངས་འཁོར་བཏང་སྟེ་དབེན་ས་ཞིག་ལ་སྤྲོ་གསེང་གཏོང་བར་ཕྱིན། དེར་ལྟོས་དབང་གིས་རང་དང་ཐག་མི་རིང་བའི་ས་ན་གླ་བ་ཁེར་འགྲོ་ཞིག་འདུག་པ་མཐོང་། དེ་མ་ཐག་ཁོས་མྱུར་དུ་རྒྱ་མིན་བོད་མིན་དེ་ཚོས་བྱིན་པའི་མེ་མདའ་ཞིག་རླངས་འཁོར་གྱི་རྒྱབ་སྒྲོམ་དུ་སྦས་ཡོད་པ་བླངས་ཏེ། ལམ་སེང་གླ་བ་དེ་བསད། དེ་རྗེས་ཁོས་གླ་རོ་རླངས་འཁོར་གྱི་རྒྱབ་སྒྲོམ་དུ་སྦས་ནས་ཕྱིར་རྫོང་ཐོག་ཏུ་བྱ་འཕུར་བ་ལྟར་བརྒྱུགས། ལམ་ཐག་ཅུང་རིང་བས་ལམ་རྐེད་དུ་ཆར་ཞོད་བབས་པ་དང་མུན་ཡང་རུབ། སྟབས་མ་ལེགས་པར་གདོང་ཁ་ཞིག་ནས་འཕྲུལ་རྟ་ཞོན་ཏེ་ཁྱིམ་དུ་ལོག་གིན་པའི་འབྲོག་པ་བཟའ་ཟླ་གཉིས་ལ་རྡུང་ག་བརྒྱབ། རྗེས་སུ། ཁོས་རྫོང་དྭ་ཕྲུག་ཁང་དུ་ཕྲུ་གུ་གཉིས་ཀྱིས་ཇེ་མང་དུ་སོང་ཡོད་པ་ཐོས་མོད། དྭ་ཕྲུག་དེ་གཉིས་ཀྱི་ཕ་མ་གསོད་མཁན་གྱི་ལག་དམར་ཁོ་རང་ཡིན་པ་གཏན་ནས་ཁས་ལེན་བྱས་མེད།
   ལྐོག་ལྟ་འཕྲུལ་ཆས་ཤིག་ཕར་ཞོག ཐ་ན་མི་ཁྱིམ་ཞིག་ཀྱང་མཐོང་དཀོན་པའི་ས་སྟོང་དེར་རྒྱུན་ལྡན་དུ་མི་འགྲོ་བ་ཉུང་བས། དོན་དེ་གློ་བུར་དུ་ཤེས་མཁན་ཉུང་ལ། ཤེས་ཀྱང་ཡར་ཞུ་བྱེད་ཕོད་མཁན་མེད་པ་རེད །བརྒྱ་ལ་ཡར་ཞུ་ཕོད་མཁན་ཡོད་ཀྱང་། ཡར་ཞུ་བྱས་ཚེ། རྫོང་མཁར་དེའི་སྲིད་རྟོགས་མི་སྣའམ། ཡང་ན་རྒྱ་མིན་བོད་མིན་དེ་ཚོས་ཡར་ཞུ་མཁན་དེ་སྡུག་ལ་སྦྱོར་སྲིད་པ་ནི་སྨྲ་མི་དགོས་་་ ་་་ ་་་ ་་་༽
 
   གཏམ་རྒྱུད་ཁ་པ།
 
   དེ་ཡང་རྫོང་མཁར་འདིར་ཕྱུགས་ཟོག་གཅིག་ཀྱང་མེད་པའི་ཁྱིམ་ཚང་སྐོར་ཞིག་ཡོད་ལ། དེ་ཚོས་ནམ་རྒྱུན་སྲང་ལམ་ཕྱགས་པ་དང་གད་སྙིགས་འཐུ་བར་བརྟེན་ནས་རང་ཁ་གསོ་བཞིན་ཡོད།
   མིང་ལ་ལྷ་མཚོ་རུ་འབོད་པའི་ཨ་ཡེ་དགོང་ལོ་ལྔ་བཅུ་ལྷག་བཞེས་པ་ཞིག་ཡོད་པ་དེ་ཚང་ནི་ཁྱིམ་ཚང་དེའི་ཁྲོད་ཀྱི་གཅིག་རེད། སྤྱིར་མོ་རང་གི་ལོ་ཚོད་ལྟར་ན་མོ་རང་རྒན་གསོ་ཁང་དུ་འགྲོ་བའི་དུས་ལ་བབས་ཡོད། འོན་ཏེ་ཁྱིམ་གྱི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་པས་ད་དུང་སྲང་ལམ་ཕྱགས་ཏུ་འགྲོ་ཡི་ཡོད།
   མོ་རང་གིས་ཧ་ཅང་གཅེས་པའི་བུ་མོ་ཞིག་ཡོད་པ་ནི་རྫོང་མཁར་དེའི་སློབ་གྲྭའི་སློབ་མ་ཡིན། བུ་མོ་དེ་ནི་མོའི་བུ་མོ་དངོས་མིན་པར་མོའི་བུའི་བུ་མོ་ཡིན།མོ་རང་བུ་མོ་དེར་རྩིས་འདང་ཆེ་དྲགས་པས། སློབ་གྲྭ་མ་གྲོལ་གོང་དུ་མོ་ལེན་དུ་འགྲོ་བའི་ལས་དེ་ཉིན་གཅིག་ལའང་མཚམས་བཞག་མ་མྱོང་། ཉིན་དེར་ཡང་མོ་སླེབས་པ་སྐར་མ་ཉི་ཤུའི་སྔ་འདུག དེ་བས་མོས་ཉིན་རྒྱུན་ལྟར་མགོ་བོ་སློབ་ཁང་གི་སྒེའུ་ཁུང་ལས་ནང་དུ་བསྲིངས་ཏེ་བུ་མོར་བལྟ་ཞོར་དགེ་རྒན་གྱིས་ཅི་ཞིག་ཁྲིད་ཀྱིན་པར་ཉན་ནས་བསྡད།
   ཉིན་དེར་དགེ་རྒན་དེས་སློབ་མ་ཚོར་བསླབ་གཞིའི་ནང་དོན་མ་ཁྲིད་པར་བྱིས་སྒྲུང་ཞིག་འཆད་ཀྱིན་འདུག བྱིས་སྒྲུང་དེའི་ཁ་བྱང་ལ་༼པགས་བྱིའུ་༽ཟེར།
   ༼དེ་ཡང་།ནགས་ཚལ་ཤིག་ན་པགས་བྱིའུ་ཞིག་ཡོད། ཁོ་ལ་ཧ་ཅང་གཡོ་སྒྱུ་ལྡན། འོན་ཀྱང་།འདབ་ཆགས་རིག་པ་རྒོད་པ་ཚོས་ཁོ་རང་འདབ་ཆགས་ཀྱི་གྲས་སུ་མི་བགྲང་བ་རེད། དེའི་རྒྱུ་མཚན་ནི། པགས་བྱིའུ་དེ་ཉིན་མོ་འདབ་ཆགས་ཀྱི་གྲས་སུ་ཡོད་མོད། མཚན་མོར་ཁོ་རང་ཁ་རོག་གེར་ཙི་གུའི་ཚོགས་གྲས་སུ་བུད་འགྲོ། ད་དུང་ཙིག་དཔོན་གྱིས་ཁོ་ལ་གཉེར་བའི་ཆོ་ལོ་ཡང་བསྩལ་ཡོད།ཡིན་ནའང་།འདབ་ཆགས་དཀྱུས་མ་མང་པོས་དོན་འདི་ཤེས་ཐབས་བྲལ།་་་་་་་་་་་་༽
   དེར་སློབ་ཐུན་གྱི་གྲོལ་བརྡ་སི་ལི་ལིར་གྲགས་པས། སློབ་མ་རྣམས་བཙོན་ར་ནས་ཐར་བ་བཞིན་དགའ་འབོད་བྱེད་བཞིན་ཕྱོགས་བཞིར་བརྒྱུགས་སོང་།
   ཉིན་དེའི་མཚན་མོའི་ཆུ་ཚོད་བཅུ་ཡས་མས་སུ་རྫོང་མཁར་དེར་ཚད་རིམ་དམའ་བའི་ས་འགུལ་ཅིག་བྱུང་། ཕྱི་ཉིན་ནམ་ལངས་དུས་སྲིད་གཞུང་དང་སློབ་གྲྭའི་ཐོག་ཁང་གཉི་ག་སོ་སོ་ཕྱེད་གཤགས་སུ་གས་འདུག རྫོང་མཁར་ཉེ་འགྲམ་གྱི་འབྲོག་དམངས་ཚོ་སྔར་བཞིན་དེརའདུས་ནས་༼ཨ་ཡ་མཚན་༽ཟེར་གྱིན་འདུག
  
  བདག་གི་སྙིང་ཉེ་བའི་ཀློག་མཁན་ལགས།སྤྱིར་གཏམ་རྒྱུད་འདི་གཉིས་ཀ་ས་གནས་གཅིག་པ་ནས་བྱུང་བ་ཙམ་ལས་ཕན་ཚུན་བར་འབྲེལ་བ་ཅི་ཡང་མེད།འོན་ཀྱང་།གཏམ་རྒྱུད་ཀ་པའི་ནང་གི་༼རྫོང་དཔོན་༽དང་གཏམ་རྒྱུད་ཁ་པའི་ནང་གི་༼པགས་བྱིའུ༽གཉིས་ཀྱི་བྱ་བྱེད་ཀུན་ཧ་ཅང་མཚུངས།དེ་བས་བདག་གིས་སྒྲུང་གཏམ་འདིའི་ཁ་བྱང་ལའང་༼རྫོང་དཔོན།པགས་བྱིའུ།༽ཞེས་བཏགས་པ་ཡིན།གལ་སྲིད་མིང་འདི་རྫོང་མཁར་འདིའི་མི་རྣམས་ཀྱིས་ཐོས་ཚེ་ཡང་བསྐྱར་ངག་ནས་༼ཨ་ཡ་མཚན་༽ཤོར་སྲིད་ལ།ཀློག་མཁན་ཁྱོད་ཀྱི་ཁ་ནས་ཀྱང་༼ཨ་ཡ་མཚན༽ཤོར་སྲིད།རྒྱུ་མཚན་སྒྲུང་གཏམ་དེ་གཉིས་བར་ཏུ་འབྲེལ་བ་ཅི་ཡང་མེད་ལ།མི་དང་འདབ་ཆགས་གཉིས་ཀྱང་གཏན་ནས་མཚུངས་ཐབས་མེད་པས་སོ།།
 
                      ཡེ་ལོ༢༠༡༣་༧་༤ལ་ཐེམ་ཆེན་རྫོང་དུ།

                   ༼མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང༽
            
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫོང་དཔོན། པགས་བྱིའུ།

2014-03-09 སྲི་ཐར་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།