བཀྲ་ཤིས་ཀྱི་ཤི་རྐྱེན།

  བཀྲ་ཤིས་ནི་ངའི་སློབ་ཆུང་སློབ་གྲོགས་ཡིན།
  ཞོགས་པ་དེར་ང་རང་སྔ་ས་ནས་མལ་ལས་ལངས་ཏེ་ཆབ་གསང་ལའང་མ་སོང་བར་ཅི་བསམ་འདི་བསམ་མེད་པར་ཐད་ཀར་དུ་བཀྲ་ཤིས་ཀྱི་ཁྱིམ་དུ་སོང་།མདང་དགོང་ངེད་གཉིས་ཀས་ཆང་འཐུང་རྒྱུ་མང་དྲགས་པས་ད་ནངས་མལ་ལས་ལངས་མ་ཐག་མགོ་ཅུང་ཟད་ན་རུང་།བཀྲ་ཤིས་ཚང་ལ་སོང་།བཀྲ་ཤིས་ཚང་གི་ར་བའི་སྒོ་ཆེན་ཕྱེས་འདུག་ཅིང་ཁང་བའི་སྒོ་ཡང་བརྒྱབ་མི་འདུག   རྒྱུ་མཚན་དེས་བཀྲ་ཤིས་ཞེས་སྐད་གསེང་མཐོན་པོས་འབོད་མ་དགོས། ངའི་སེམས་སུ་བཀྲ་ཤིས་དེ་འདྲའི་སྔ་མོར་ལབས་ནས་གང་དུ་བུད་སོང་ངམ་སྙམ་བཞིན་ནང་དུ་འཛུལ་བ་ན།ཨ་ཙི།ཇི་འདྲའི་འཇིགས་སུ་རུང་ལ་སྐྱི་གཡའ་ཞིང་བཀྲ་མི་ཤེས་པའི་དོན་དག་ཅིག བཀྲ་ཤིས་ཁྱིམ་གྱི་དཀྱིལ་དུ་ཁ་སྤུབས་སུ་འགྱེལ་འདུག་ཅིང་ལུས་ཡོངས་ཁྲག་གིས་བརླན་འདུག  མདོག་ཁམ་སྨུག་ཅན་གྱི་ཀོ་བའི་སྟོད་ཐུང་དེ་ཁྲག་གིས་གཡོག་ཅིང་སྟོད་ཐུང་མགོ་ཐོག་ཏུ་འཐེན་ཙམ་བྱས་ཡོད། འགྲམ་དུ་བཅར་ཞིང་ཞིབ་ཏུ་བལྟས་པ་ན་བཀྲ་ཤིས་ཀྱི་མགོ་བོ་མི་འདུག  ང་རང་ཞེད་སྣང་དང་བཅས་ཕྱིར་གོམ་པ་འགའ་སྤོས་པ་ན་སེམས་སུ་སྔ་ན་མེད་པའི་སྤོབས་པ་ཞིག་རྒྱས་ཤིང་ཡང་ཚུར་བཅར་ཏེ་ཞིབ་ལྟ་ཞིག་བྱས།དངོས་གནས་འཕྱུག་མི་འདུག བཀྲ་ཤིས་ཀྱི་མགོ་བོ་བཅད་ནས་བསད་པ་རེད།  ནོར་མི་འདུག  བཀྲ་ཤིས་རེད། བཀྲ་ཤིས་སུ་ཞིག་གིས་ལྐོག་གསོད་བྱས་པ་ཡིན་ནམ།དོགས་པ་སྐྱེས་པ་དང་མཉམ་དུ་ང་རང་ཡུད་ཙམ་ལ་སྐྲག་ཐག་ཆོད་དེ་དེ་གར་ལུས་སོང་།
  ང་རང་གློ་བུར་དུ་གཉིད་ལས་སད་པ་ཇི་བཞིན་ཕར་ཁང་ཤག་གཞན་ཞིག་ཏུ་འགྲོ་དུས་བཀྲ་ཤིས་ཚང་གི་ཁྱིམ་སྤྱོད་ཁ་པར་གྲག་བྱུང་།དུས་དེར་ནན་ཏན་ངང་ལྟ་དུས་བརྙན་འཕྲིན་ད་རུང་གཏོང་བཞིན་འདུག་ཅིང་བརྙན་འཕྲིན་ནང་དུ་ཏག་ཏག་ཨ་རིའི་མི་གསོད་དོན་རྐྱེན་གྱི་གསར་འགྱུར་ཞིག་གཏོང་གིན་འདུག ངས་ཁ་པར་ལ་ཉན་རྒྱུ་མ་བྱུང་ཡང་གློ་རྡེག་ཏུ་ཡིད་ལ་ཅི་ཞིག་དྲན་པ་ལྟར་ཕྱོགས་ཡར་མར་ལ་ཁ་པར་གཏོང་རྒྱུ་དྲན་ཞིང་དེ་མུར་གྲོང་རྡལ་དེའི་ཉེན་རྟོག་པ་ལ་ཁ་པར་བཏང་སྟེ་བཀྲ་ཤིས་ཀྱི་ལྐོག་གསོད་བྱས་འདུག་པའི་གནས་ཚུལ་བཤད།ཡུད་ཙམ་འགོར་རྗེས་ཉེན་རྟོག་པའི་རླངས་ཁོར་མང་བོས་བཀྲ་ཤིས་ཚང་ཕྱི་རུབ་ནང་རུབ་བྱས།མེ་མདའ་དང་འགད་རྫས།བརྙན་ལེན་འཕྲུལ་ཆས་དང་པར་ཆས་ཐོགས་པའི་ལྭ་བ་ནག་པོ་ནག་རྐྱང་གོན་པའི་ཉེན་རྟོག་པ་ཚོས་གཡས་སྐོར་གཡོན་སྐོར་གྱིས་བཀྲ་ཤིས་ཀྱི་བེམ་པོ་བརྟག་དཔྱད་བྱས་ཀྱང་བཀྲ་ཤིས་ཀྱི་མགོ་བོ་སུ་ཞིག་གིས་བཅད་དེ་གང་དུ་ཁྱེར་བ་ཅི་ཡང་ཧ་གོ་གི་མི་འདུག ཡང་དང་བསྐྱར་དུམང་ལ་འདྲི་གཅོད་བྱེད།
   བཀྲ་ཤིས་ནི་ངའི་ཆེས་བཟང་བའི་གྲོགས་པོ་ཡིན་པར་མ་ཟད་ངེད་གཉིས་སློབ་ཆུང་སློབ་གྲོགས་ཡིན་ལ་མཉམ་འགྲོ་མཉམ་འདུག་ངང་ལྷན་དུ་ནར་སོན་པ་ཡིན།སློབ་ཆུང་མཐར་ཕྱིན་རྗེས་ངས་མུ་མཐུད་དུ་སློབ་གྲྭ་འགྲིམ་ཁུལ་བྱས་པ་དང་།བཀྲ་ཤིས་ཀྱིས་ཕ་མའི་བཀའ་ལྟར་གྲྭ་བྱས་ཤིང་ཆོས་མིང་ལ་ཚངས་སྲས་བཞད་པའི་པདྨོ་ཟེར་ཞིང་Qདགོན་པར་འཚོགས།སྐབས་དེར་བཀྲ་ཤིས་ནི་རྣམ་རིག་གི་གློག་ཞགས་མྱུར་ལ་ཤེས་བྱ་ཐམས་ཅད་ཚེགས་མེད་དུ་མཁྱེན་པས་སྐྱ་སེར་གདུལ་བྱ་མང་བོས་ཨ་ལགསQའདྲེ་འདུལ་ཚང་གི་ཡང་སྲིད་ཅེས་འུད་ཀྱིས་བསྒྲགས། དུས་དེར་བཀྲ་ཤིས་ལ་ཐུག་འདོད་པ་ནི་ཧ་ཅང་ཁག་པའི་ལས་ཤིག་ཡིན།སྟབས་ལེགས་ན་ལོ་རེར་ཐེངས་རེར་མཇལ་ཐུབ།དེ་ནི་ཏག་ཏག་ཆོ་འཕྲུལ་སྨོན་ལམ་འཚོགས་སྐབས་ཡིན་ངེས། ཡིན་ནའང་།ཡིད་སྐྱོ་བ་ཞིག་ལ་ཚངས་སྲས་བཞད་པའི་པདྨོ་ཉམ་ཐག་སེམས་ཅན་དག་གི་མགོན་དུ་མ་དབང་བར་ལོ་གཉིས་སྔོན་གྱི་དབྱར་གནང་ལ་ང་རང་ཕྱིར་ཕ་ཡུལ་དུ་ལོག་དུས་ང་ཚོའི་སྡེ་བར་ས་ཁྱབ་རྡོ་ཁྱབ་ཀྱི་གསར་འགྱུར་ཞིག་ཡོད་པ་ནི་ཚངས་སྲས་བཞད་པའི་པདྨོ་སྐྱ་སར་བབ་པ་དེ་རེད།ཚངས་སྲས་བཞད་པའི་པདྨོ་སྐྱ་སར་བབས་པའི་ཕྱི་ཉིན་ནས་མི་ཚང་མས་ཁོང་ལ་ཨ་ལགསQའདྲེ་འདུལ་ཚང་མི་ཟེར་ལ་ཚངས་སྲས་བཞད་པའི་པདྨོ་ཡང་མི་འབོད་པར་ཐད་ཀར་དུ་བཀྲ་ཤིས་ཞེས་འབོད་ལ་ཡང་ལ་ལས་བན་ལོག་ཀྱང་ཟེར།གང་ལྟར་ངས་ཁོ་ལ་བཀྲ་ཤིས་ཞེས་བོས་པ་ཡིན་རྒྱུ་མཚན་ཁོ་གྲྭ་བ་བྱས་ཀྱང་ངས་ཁོའི་ཆོས་མིང་གི་འབོད་མ་མྱོང་བ་དང་ཡང་ན་བག་ཆགས་ཀྱི་དབང་གིས་བཀྲ་ཤིས་ཞེས་བོས་ན་རང་དང་ཧ་ཅང་བར་ཐག་ཉེ་བའི་མི་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་འབྱུང་།ངེད་གཉིས་སློབ་ཆུང་སྐབས་སུ་དགེ་རྒན་གྱིས་རྒྱུན་དུ་གཅར་རྡུང་བྱས་པའི་ལུས་སྟེང་གི་རྨ་ཤུལ་ལ་མང་ཉུང་མེད་ཀྱང་དེ་རིང་བཀྲ་ཤིས་ལ་མགོ་བོ་མི་འདུག་པས་ལུས་སྟེང་གི་ཡན་ལག་གམ་ཆ་ཤས་ཡོངས་སུ་ཚང་བའི་ངེད་གཉིས་ཀྱི་ཁྲོད་ནས་བཀྲ་ཤིས་ཀྱི་མགོ་བོ་མི་འདུག་པས་ད་ནི་ངེད་གཉིས་སྡུར་གཏན་ནས་མེད་ལ་ཐ་ན་གླེན་འདང་བརྒྱབ་རུང་གཅིག་ནི་འཇིག་རྟེན་གསོན་ངོགས་དང་ཅིག་ཤོས་ནི་མུན་ནག་དམྱལ་བའི་འོབས་སུ་ཡོད་པའི་ཕྱིར་རོ།།
   ཉེན་རྟོག་པ་རྒན་པ་དེས་ང་ལ་“ཁྱོད་ད་ནངས་དེ་འདྲའི་སྔ་མོ་ནས་འདར་ཅི་ཞིག་བྱེད་དུ་ཡོང་བ་ཡིན”ཞེས་དྲིས་བྱུང་།ངས་འདང་རྒྱག་ཅི་ཡང་མེད་པར་“དོན་དག་ཅི་ཡང་མེད།འོན་ཀྱང་ཁོ་ངའི་གྲོགས་པོ་ཡིན་པས་ད་ནངསགློ་བུར་དུ་བཀྲ་ཤིས་ཚང་ལ་འགྲོ་འདོད་ཅིག་སྐྱེས་པས… … ཨོ…མ་རེད…བཀྲ་ཤིས་མཐོ་རིས་པོ”ཞེས་བཤད། བཤད་བཤད་པའི་མཐའ་མར་ཉེན་རྟོག་པ་དང་སྡེ་མི་ཚང་མ་ང་ལ་དོགས་པ་སྐྱེས་ཏེ་ཡིན་དང་མིན་གྱི་སྐད་ཆ་ཅི་ཡང་བཤད་དུ་མ་བཅུག་པར་ང་རང་ཟླ་ཁ་ཤས་ལ་དུས་བཅད་བཀག་ཉར་བྱས་སོང་།བཙོན་ཁང་དུ་བཅུག་ན་ཕྱི་རོལ་གྱི་ཟང་ཟིང་འུར་འུར་གྱི་སྤྱི་ཚོགས་ཡེ་ནས་མཐོང་མི་སྲིད་ཐ་ན་གནས་ཚུལ་གང་རུང་ཐོས་ཀྱང་མི་སྲིད།མུན་ནག་གི་འཚོ་བ་ཞེས་པ་ནི་ཁྲིམས་ཁང་དེའི་མཚོན་བྱེད་ལ་ཇི་འདྲའི་འཕྲོད་འདུག་སྙམ་པའི་ཚོར་སྣང་བར་བར་དུ་སྐྱེས་ཡོང་ལ་ཡང་དང་ཡང་དུ་འདྲི་གཅོད་བྱས་པའི་ངལ་དུབ་དང་ཡིད་ཆད་ཀྱིས་སྲུང་དམག་དག་གིས་ཉལ་སར་སྐྱེལ་དུས་ཀྱང་ཚོད་ཚོད་ལ་མགོ་བོ་དགྱེ་མི་ཐུབ།ཉིན་འགའི་རྗེས་སུ་འདྲི་གཅོད་ཁོ་ནའི་ག་ལ་ཚད་མི་ཚད་དེ་གཅར་རྡུང་དྲག་པོ་བྱེད་ཅིང་ལུས་ཡོངས་ཁྲག་གིས་བརླན་འགྲོ།དེ་དུས་ཉིན་དུ་མའི་སྔོན་ལ་རང་གིས་དངོས་སུ་མཐོང་བའི་བཀྲ་ཤིས་ཀྱི་བེམ་པོ་མིག་ལམ་དུ་ཤར་ཡོང་།སེམས་སུ་བཀྲ་ཤིས་ཀྱང་ང་ལྟར་མི་མང་བོས་རུབ་རྡུང་བྱས་ཏེ་མཐའ་མར་མགོ་བོ་བཅད་དེ་གང་ཞིག་ཏུ་བུད་སོང་བ་ལོན་སྙམ།བསྟུན་མར་ཉིན་གསུམ་ལ་ཟས་ཁམ་གང་མ་རེག་ལ་ཆུ་སྙིམ་པ་གང་ཡང་འཐུང་གི་མ་བཅུག་པས་ད་ནི་ལུས་ཀྱི་ན་ཟུག་ལས་ལྟོགས་སྐོམ་ལ་བསྲན་མི་ཚུགས་པས་རང་གི་ལས་དབང་ལ་འཁང་ར་ཡང་ཡང་བྱེད་དགོས་བྱུང་།ལུས་པོ་ཚོ་ཞིང་རྒྱགས་ལ་སྨ་ར་ཚེར་ཕུང་ལྟར་འཛིང་བ།ཀླད་པའི་སྤྱི་གཙུག་ན་སྤུ་མེད་པའི་ཉེན་རྟོག་པ་རྒན་པ་དེས་བཀོད་པ་སྣ་ཚོགས་འཐེན་ཏེ་ང་ལ་མནར་གཅོད་དུ་མ་མྱོང་དུ་བཅུག  ཉེན་རྟོག་པ་དར་མ་དེ་དག་གིས་ཉིན་རྒྱུན་བཀྲ་ཤིས་ཀྱི་བེམ་པོ་ལ་བརྟག་དཔྱད་བྱས་ཏེ་ང་ལ་འདྲི་གཅོད་བྱེད།ཉིན་རེར་གཅར་རྡུང་ཚབས་ཆེན་བྱས་པའི་རྐྱེན་གྱིས་རང་ཉིད་ལངས་ནས་འགྲོ་མི་ཐུབ་པས་ཉེན་རྟོག་པ་དར་མ་གཉིས་ཀྱིས་ལག་པ་གཡས་གཡོན་ནས་དྲུད་དེ་ཕྱིར་ཁྲིམས་ཁང་ནང་དུ་ཁྱེར་ཏེ་མལ་ཁྲིའི་གམ་དུ་གཡུག་འཇོག  དེ་དུས་ང་ལ་དངོས་གནས་ཁས་ལེན་རྒྱུ་ཅི་ཡང་མེད་པ་མ་གཏོགས་གལ་ཏེ་ཡོད་རྒྱུའི་དབང་དུ་བཏང་ན་ཁས་མི་ལེན་ཐབས་མེད་ཀྱི་དུས་ཤིག་རེད།ལུས་ཀྱི་ན་ཟུག་ཅུང་ཙམ་དྲག་ན་ལྟོགས་སྐོམ་གྱིས་མནར་ཡོང་།ད་ལྟ་དེ་ལྟར་བཀྲ་ཤིས་ཤི་རྐྱེན་གྱིས་ང་རང་ཟླ་གཉིས་ལྷག་ལ་བཙོན་འཇུག་བྱས།
   ཉིན་ཞིག་གི་ཉིན་གུང་ཙམ་ལ། ཟླ་གཉིས་ལྷག་གི་རྗེས་ཀྱི་ཉིན་ཞིག་གི་ཉིན་གུང་ཙམ་ལ།ཤ་དར་ཁྲག་དར་གྱི་ཉེན་རྟོག་པ་དར་མ་འགས་མགོ་རས་ནག་པོས་བཏུམས་པའི་གསར་བུ་འགའི་ལག་པ་རྒྱབ་ལ་བསྣོལ་ནས་མེ་མདས་དེད་ཡོང་། གམ་གྱི་བཙོན་གྲོགས་ཚོས་བཤད་ན་གསར་བུ་དེ་ཚོ་ནི་བཀྲ་ཤིས་གསོད་མཁན་གྱི་ལག་དམར་རེད་ཟེར། ཕྱི་ཉིན་ཉེན་རྟོག་པ་རྒན་པ་དེས་དོན་དག་ཁ་གསལ་གཏིང་གསལ་ཅི་ཡང་མི་བཤད་པར་ང་རང་ཁྲིམས་ཁང་སྒོར་ཕུད་དེ་ལག་ལྕགས་དཀྲོལ་ནས་“ཡུལ་ལ་སོང་”ཟེར།སྐབས་དེར།རླུང་བུ་བསིལ་མོ་ཞིག་ལྡང་ཡོང་སྟེ་སྡོང་བོའི་ལོ་མ་ཤིག་ཤིག་ཏུ་གཡོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཀྲ་ཤིས་ཀྱི་ཤི་རྐྱེན།

2013-06-12 ཕུར་བ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།