༡.༡༡ མེ་ཡི་འཇིགས་པ།

               གནའ་གྲོང་གི་སྲང་ལམ་ཀུན་ཏུ་མེ་རོ་དམར་འཚུབ་འཚུབ་བྱེད།

  "མི་ལོ་དྲུག་ལྷག་ལ་དཀའ་ལས་བརྒྱབ་ཅིང་རྔུལ་ཁྲག་དང་བརྗེས་ནས་བསགས་པའི་རྒྱུ་ནོར་ཡོད་ཚད་མདང་ནུབ་ཆུ་ཚོད་གཅིག་གཉིས་ཙམ་གྱི་ཡུན་ལ་ཐལ་བར་གྱུར།" རུས་ཧི་ཅན་གྱི་རྒན་པོ་དེས་དབུགས་ཐག་མྱུར་དུ་ཆད་ཨེ་འགྲོ་སྙམ་པའི་སྐད་གདངས་ཤིག་གིས་ཁེར་ལབ་རྒྱག་པའམ་ཡང་ན་འགྲམ་གྱི་མི་རྣམས་ལ་བརྗོད་པ་གང་ཡིན་ཆ་མི་འཚལ་བ་ཞིག་གིས་ཁ་ཤ་མུར་མུར་དུ་འགུལ་བཞིན་འདུག རྒན་པོ་ཧི་ལགས་ནི་ཡུན་ནན་ཏཱ་ལིས་ནས་ཡོང་བའི་མགར་བ་ཞིག་ཡིན་ལ་ཁོའང༡.༡༡གནའ་གྲོང་མེ་སྐྱོན་ཁྲོད་ཐད་ཀར་གནོད་འཚེ་ཐེབས་པའི་མི་གྲངས་སྟོང་ལྷག་ནང་གི་གཅིག་ཡིན། ཁོའི་ལག་ཏུ་ད་དུང་འཁྱགས་པར་གྱུར་མེད་ལ་ཕྱེད་ཀ་མེ་ལྕེས་བཞུས་ཚར་བའི་དངུལ་གདུབ་ཉག་གཅིག་སྐྱོར་འདུག ཞོགས་པའི་ཉི་ཟེར་གྱིས་ཁོའི་གདོང་ཡོངས་ཐལ་བས་བཟུང་ཡོད་པ་མཐོང་ཐུབ་ལ་མིག་ཆུ་བཞུར་ཤུལ་སྐམ་ཐག་ཆོད་མེད་པས་མིག་ནང་དུ་ད་དུང་མཆི་མ་མང་བོ་སྦས་སྐུང་བྱས་ཡོད་པ་གསལ་བོར་རྟོགས་ཡོང་།

  གནའ་གྲོང་འདི་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ་སྔོན་ཆད་ཡིན་ནའང་མེ་སྐྱོན་ཁ་ཤས་རྒྱུན་དུ་བྱུང་མྱོང་མོད་ས་གནས་མང་ཚོགས་ཀྱིས་ཕ་མེས་ཡང་མེས་ཀྱི་ཐབས་ལམ་ལ་བརྟེན་ནས་དེ་དག་ཡང་ཡང་བཅིལ་བར་བྱས། ཡིན་ནའང་ཐེངས་འདིའི་མེ་སྐྱོན་ནི་འབངས་མིའི་ཚེ་སྲོག་ལ་གནོད་པ་མི་ཡོང་བའི་ཕྱིར་སྲིད་གཞུང་གིས་ཁང་རྒན་རིན་ཐང་ཅན༣༥༠ལྷག་བློས་བཏང་བ་རེད་ཟེར། མེ་སྐྱོན་འདི་ནི༢༠༡༤ལོའི་སྤྱི་ཟླ༡པོའི་ཚེས༡༡གི་དགོང་མོར་བྱུང་བས་མིང་ཡང་དེ་ལྟར་ཐོགས་སོ།།

  ནོར་བུ་ནག་ལྡང་ཡང་མེ་གསོད་རུ་ཁག་དང་མང་ཚོགས། མེ་དང་ཆུ་མཉམ་དུ་འདྲེས་པའི་འདམ་མྱག་དང་ཐལ་བ་འཚུབ་པའི་སྲང་མདོར་སླེབས་ནའང་ཁ་བཏུམ་རྒྱབ་མི་འདུག གདོང་ལ་མིག་ཤེལ་ནག་པོ་ཞིག་གྱོན་ཡོད་པ་དེ་ཕྱིང་ཞྭ་ནག་པོའི་འོག་ལ་ཤིན་ཏུ་རན། ཁོས་རང་གི་མཐའ་འཁོར་དུ་མིག་མྱུལ་ཞིག་བྱས་རྗེས་བལྟས་ཚོད་ཀྱིས་རྒྱ་མོ་ལོ་ཆུང་ཞིག་ཨེ་ཡིན་སྙམ་པའི་ཁོའི་དགའ་རོགས་གསར་བ་དེ་དང་ལག་འཇུ་བྱས་ནས་མ་ཎི་འཁོར་ལོ་ཆེན་པོའི་ཕྱོགས་སུ་བསྐྱོད།

  ཕྱི་རྟིང་ཚུན་བཞི་ཙམ་མཐོ་བའི་ཀོ་ལྷམ་སྟེང་དུ་དོར་མ་སྲབ་མོ་མདོག་སྨུག་པོ་ཤ་འབྱར་ཅན་ཞིག་གྱོན་ཡོད་པ་བརླ་དཀྱིལ་བར་དུ་ཐོན་ཡོད་ལ་ཅུང་ཙམ་རྒྱགས་པའི་འཕོངས་ཚོས་དེ་ཀོ་ལྭ་ནག་པོའི་ཐུ་བ་ཡིས་བཀབ་འདུག མོའི་རྒྱབ་གཟུགས་ཀྱི་འཇོ་སྒེག་གིས་འཇམ་རྡོར་གྱི་མིག་དབང་ཅིག་ཅར་འཕྲོགས་ཏེ་མདང་ནུབ་ནས་ཞོགས་པའི་བར་འབར་ཚར་བའི་རང་གི་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་གསུམ་པོའང་ཡུད་ཙམ་ཞིག་ལ་བརྗེད་པར་གྱུར། འཇམ་རྡོར་གྱི་ཕ་ཡུལ་ཨ་མདོ་ཡིན་ལ་ཁོས་རྒྱལ་ཐང་ནས་ཕལ་ཆེར་ལོ་ངོ་བཅུ་ལྷག་ཏུ་ལས་ཀ་སྣ་མང་བྱས་མྱོང་སྟེ། ཐོག་མའི་ཟ་ཁང་གི་དཀར་ཡོལ་བཀྲུ་རོགས་ནས་ད་ལྟའི་ཚོང་བ་ཆུང་ཆུང་ཞིག་ཏུ་ཆགས་ཡོད།

  འཇམ་རྡོར་སློབ་ཆུང་གི་སྐབས་སུ་དགུན་ཟོག་བཤའ་དུས་ཤིག་ལ་ཁོའི་འཛིན་བདག་གིས་ཀུ་རེའི་ཚུལ་དུ།
  "སང་ཉིན་དགེ་རྒན་ལ་ནང་ཁྲོལ་དང་གཡོས་རྒྱུ་ཁ་ཤས་ཁྱེར་ཤོག" ཅེས་ལབ་པས། ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་ཁོ་ཁྱིམ་དུ་སོང་སྟེ་ཁྱིམ་མི་ཚོར་དེ་ལྟར་ལབ་ཙ་ན། ཁོའི་ཕུ་བོས་ཁོ་ལ།
  "སང་ཉིན་སློབ་གྲྭར་ཐོན་ན་དགེ་རྒན་ཚོ་སྟུག་ལ་ཁྱོད་ཀྱི་ཁ་ནང་དུ་ལྟོ་ལྡུད་ཅེས་ལོབས།"ཞེས་ཟེར་བས། ཕྱི་ཉིན་ཞོགས་པའི་སློབ་ཁྲིད་གྲོལ་རྗེས་འཛིན་བདག་གིས།
  "ང་ལ་ནང་ཁྲོལ་སོགས་ཁྱེར་མ་འོང་ནས།" ཞེས་དྲིས་པ་ན་ཁོས་ཐེ་ཚོམ་ཅི་ཡང་མེད་པར། ལྷད་མེད་ཀྱི་མིག་ཟུང་གོར་ཀྱིག་གེར།
  "ངའི་ཕུ་བོས་ཁྱོད་ཀྱི་ཁ་ནང་ལ་ལྟོ་རྒྱོབ་ཅེས་ལབ་ཀི" ཟེར་བས་འཛིན་བདག་ངུ་མ་དགོད་དུ་གྱུར་ཞིང་། རྗེས་སུ་ཁོའི་ཕུ་བོས་དགུན་ཤ་ཁ་ཤས་ཁྱེར་ཡོང་ནས་འཛིན་བདག་ལ་ཀུ་རེའི་རྩེད་མཚར་དེའི་སྐོར་དག་སེལ་བྱས།

  "མྱི་དྲང་མོ་མདའ་ལྟ་བུ་ནི་སུ་ཡིན་ཟེར་ན་འཇམ་རྡོར་ཡིན།"
  སྔོན་ཆད་ཡིན་ན་འཇམ་རྡོར་གྱིས་གྲོགས་པོ་ཚེ་བརྟན་མཛུབ་དྲུག་གི་སྐད་ཆར་ཡིད་ཆེས་རྐྱང་རྐྱང་བྱེད་མོད། འོན་ཀྱང་གནའ་གྲོང་གི་མེ་སྐྱོན་དང་དེའི་རྗེས་སུ་བྱུང་བའི་ཁོའི་ཕ་མེས་ཀྱིས་བསྐྱུར་བའི་གཟི་མིག་དགུ་བ་གཅིག་པུའང་རུས་ཝང་ཅན་གྱི་དགའ་མོ་ཞིག་གིས་བརྐུས་ཏེ་རྒྱང་རིང་ལ་བྲོས་པ་སོགས་མི་འདོད་པའི་བར་ཆད་ལུ་གུ་རྒྱུད་དུ་བྱུང་བས་གསེར་བཙོ་མ་ལྟ་བུའི་འཇམ་རྡོར་  ཡང་སུ་དང་གང་ལའང་ཡིད་ཆེས་དཀའ་བ་ཞིག་ཏུ་གྱུར།
  "དྲང་མོ་གླེན་པའི་ཞེ་ས་ཡིན་ཟེར་ནི་རེད།" ཅེས་སྔོན་ཆད་བརྗོད་མ་མྱོང་བའི་ཚིག་ཅིག་གིས་ཕྱིར་མཛུབ་དྲུག་ལ་ལན་བཏབ།

              གསེར་མདོག་གི་ལོ་ཟླ་ཟེར་བའིKTV

  "ངས་ཐེངས་ཤིག་ཕྱི་གླིང་བ་དེའི་ལག་ནས་མེ་སྒོར་སྟོང་ཕྲག་གཉིས་འཕྲོགས་མྱོང་།"
  "དེ་ཅང་མ་རེད། ངས་ཉལ་ཐའང་ཐེངས་ཤིག་བཞིབས་མྱོང་།"
  "སྐྱ་བྷ་ཚང་གི་ཞི་ལིའི་འགྲོ་རོགས་དེའི་ཨ་ཕ་ནག་ཚོགས་ཀྱི་མི་རེད་ཟེར། ཞི་ལི་དོན་ཕྲུག་ཁོ་ཚང་དུ་སོང་དུས་ཤིག་ལ་དཀྲུམ་མདའ་མང་བོ་མཐོང་བྱུང་ཟེར།"
  གླུ་ཁང༣༡༠༨་ནང་དུ་འཇམ་རྡོར་དང་ཚེ་བཀྲ། ནོར་བུ་ནག་ལྡང་དང་ཚེ་བརྟན་མཛུབ་དྲུག ད་དུང་མི་རིགས་གཞན་གྱི་བུ་མོ་དང་རྒྱལ་ཐང་གི་ཕོ་གསར་ཁ་ཤས་བཅས་བསྡོམས་མི་བཅུ་དྲུག་ལྷག་འདུས་ཡོད་ལ། བལྟས་ཚོད་ཀྱིས་མི་རེ་ངོ་རེས་ཏཱ་ལི་རྟགས་ཅན་གྱི་ཝུ་ཆང་སྒམ་གང་རེ་འཐུང་ཚར་ཡོད་དེ། ར་བཟི་མེད་པ་ཚོ་ཞབས་བྲོ་རྒྱག་བསམས་ཀྱང་བར་སྟོང་ཕལ་ཆེར་དམ་སྟོང་གིས་བཟུང་ཚར་བས་རྩེད་ས་མེད་པར་གྱུར་ནས་རང་རང་ས་ན་ལྡབ་ལྡིབ་ཅིག་ལབ་ཀྱིན་འདུག
  "ངས་གོ་ཐོས་ལྟར་ན་བདུད་འདུལ་བཀྲ་ཤིས་ཀྱང་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་མི་རེད་ཟེར།"
  "ཕལ་ཆེར་བདེན་རྒྱུ་རེད། དེ་འདྲའི་རྒྱབ་ལྗོངས་མེད་ན་ལོ་ངོ་གཅིག་གི་རིང་ལ་ཚོང་བ་དེ་འདྲ་ཕྱུག་པོ་ཞིག་ཏུ་འགྱུར་ག་ལ་ཐུབ།" ནོར་བུ་ནག་ལྡང་གི་སྐད་ཆ་ལ་འཇམ་རྡོར་ཅུང་ཙམ་མ་འཐད་པས།
  "མགྱོགས་པོར་ཕྱུག་པོར་ཆགས་ན་རྒྱལ་ཁབ་ཀྱི་མི་ཡིན་པའི་ངེས་པ་ཡོད་ནི་མ་རེད། སོ་སོར་ཡོན་ཏན་ཆེ་བས་སྟབས་ཀྱིས་ཡིན་ཀྱང་སྲིད།"ཅེས་ལན་སྟབས་བདེ་ཞིག་བཏབ།

  ཨ་མདོའི་ཕོ་གསར་ཚོའང་མི་གཞན་དང་འདྲ་བར་ཉེ་བའི་ལོ་འདི་དག་ལ་དངུལ་ལོར་འགའ་ཞིག་རེག་ཡོད་ནའང་སེམས་ཀྱི་བདེ་བ་ཅུང་ཙམ་ཡང་རྙེད་མེད་པས་དུས་རྒྱུན་ཨ་རག་མང་པོ་འཐུང་ནས་རང་གི་ཚོར་བ་དང་དྲན་པ་ཡོད་ཚད་བད་པར་བྱེད། ལྷག་པར་དུ༡.༡༡མེ་སྐྱོན་གྱིས་ཁོ་ཚོས་ཀྱང་རུས་ཧི་དང་འདྲ་བའི་ཕྱི་ཡོང་ཚོང་བ་མང་པོ་བཞིན་གྱོང་ཀུན་ཆེན་པོ་ཟས་ཡོད་པས་མཚམས་དང་མཚམས་སུ་སྙིང་ལ་ཙག་ཤད་ལངས་ཀིན་ཡོད།

  KTVཁང་མིག་ནང་གི་འུར་སྐད་སྣ་ཚོགས་ནི་འཁོར་བ་ལ་ཡིད་རྟོན་བྲལ་བའི་གཞོན་ནུ་ཞིག་བྲག་གཟར་དུ་མ་ལྕེབས་པའི་ཡར་སྔོན་ཏག་ཏག་ལ་ཁོག་གི་སྡུག་བསྔལ་ལྟ་བུའི་སྐད་ཆ་ཡོད་ཚད་མེ་ལྕེ་ཆེན་པོ་ཞིག་ལ་བསྡེབས་ནས་ཁ་ཡི་བུ་ག་ཆུང་ཆུང་དེ་ནས་ཕྱི་རུ་བྱོ་བཞིན་པ་དང་འདྲ། ཚེ་བརྟན་མཛུབ་དྲུག་གིས་དཔུང་བའི་སྟེང་དུ་ཁྱུང་གི་གཙགས་རིས་ཤིག་བརྐོས་ཡོད་པ་དེ་བདུད་རྩི་ཆང་གི་ངར་ཁར་བརྟེན་ནས་ཆང་གྲོགས་ཚོར་ངོམས་པར་བྱེད། སྐབས་དེར་འཇམ་རྡོར་སྔར་ལས་ཀྱང་ར་བཟི་བ་གྱུར་ཡོད་དེ་ཝུ་ཆང་ཤེལ་དམ་གང་ཁ་ཕྱེ་ཡོད་པའི་བརྙན་འཕྲིན་ཆེན་པོ་དེའི་ཤེལ་ངོས་སུ་འཕོས་པར་བྱས་པས་སྒྲ་ཡང་མེད་པར་གྱུར། འོན་ཀྱང་ཆང་གྲོགས་ཚོས་རང་རང་ས་ན་ཅི་ཞིག་བརྗོད་པར་བྲེལ་བ་ལས་དེ་ལ་དོ་སྣང་བྱེད་མཁན་མ་བྱུང་།
  "ང་ལ་ཆུང་མ་གཉིས་ཡོད། ངའི་རྒན་མོའི་ནུ་མོའང་ངའི་ཆུང་མ་ཡིན། མོ་་་མོས་་་གང་ལྟར་ཕྲུ་གུ་སྐྱེ་མ་ཐུབ་ཀྱང་ཆོག" འཇམ་རྡོར་གྱི་སྐད་ཆར་མཐུད་ནས་ངོ་གདོང་སྤྲེལ་གྱི་ཨོང་ཤ་བཞིན་དམར་པོར་གྱུར་བའི་ཚེ་བཀྲས་ཀྱང་།
  "གང་ལྟར་་་གང་ལྟར་་་བུ་ཆུང་ཚེ་ཁོ་ནི་ངའི་བུ་ངོ་མ་ཡིན། དེར་སྣོག་རྒྱག་རྒྱུ་ཅི་ཡང་མེད། རྒན་མོའི་དེ་སྔོན་གྱི་དགའ་རོགས་དོ་དགོང་རྒྱལ་ཐང་དུ་ཐོན་ཡོད་ཀི་ཟེར་་་གང་ལྟར་ངའི་བུ་་་་"དེ་ལྟར་རབ་རིབ་མག་མོག་ཅིག་བརྗོད་བཞིན་པའི་སྐབས་སུ་ཆང་ཁང་ཞབས་ཞུ་བ་ཡོང་ནས།
  "ད་ནམ་གུང་གི་ཆུ་ཚོད་གཉིས་པ་སྟེ་ངལ་གསོའི་དུས་ལ་ཐོན་ཡོད་པས་སྐུ་མགྲོན་ཚོས་མལ་གསོ་རྒྱག་རོགས།"ཞེས་ཁུང་མིན་གྱི་ཡུལ་སྐད་བརྒྱབ་པས་ཚེ་བརྟན་མཛུབ་དྲུག་མ་དགའ་བའི་ཉམས་ཀྱིས་ཁོ་ལ་མིག་ཧྲིག་གེར་ཅེར། འོན་ཀྱང་ནོར་བུ་ནག་ལྡང་མགྱོགས་པོར་ཡར་ལངས་ནས།
  "རེད་རེད། ད་དུས་ཚོད་ཀྱང་མི་སྔ་བས་དོ་ནུབ་ང་ཚོས་མཚམས་འཇོག་རྒྱུ་བྱེད།" ཅེས་ཕན་ཚུན་སྐྱོར་བཞིན་བཙན་ཤུགས་ཀྱིས་ཕྱིར་འཐེན་བྱས།

               རྨི་ལམ་གྱི་ནག་ཉེས།

  གོ་ཐོས་ཙམ་ལས་དངོས་སུ་རིག་མྱོང་མེད་པའི༼ཡིད་བཞིན་༽མགྲོན་ཁང་གི་བདག་མོས་སྐར་ལྔ་ཅན་གྱི་མགྲོན་ཁང་དང་འདྲ་བའི་བཙོན་ཁང་ཞིག་ཏུ།
  "ཧ་ཧ་ཧ། མེ་དགྲའི་ཐོག་མ་དྲ་ཡོལ་གྱི་སྣེ་འདབས་དེར་ངས་མེ་བསྒོས་པ་ཡིན། དེ་བདེན་པ་ཡིན། རྒྱུ་མཚན་ནི་ཉིན་དེ་ཚོར་ཁ་བ་གཏན་དུ་མ་བབས་པའི་ཁར་ཆུ་སྦུག་ནང་གི་ཆུ་ཡོད་ཚད་འཁྱགས་རོམ་དུ་གྱུར་ལ། ཤིང་ཁང་རྙིང་བ་དེ་དག་ཀྱང་སུ་ཞིག་གི་ཧམ་སེམས་དང་འདོད་ཆགས་བཞིན་འབར་ལ་ཉེ་བས་ངས་མཐུན་རྐྱེན་ཅུང་ཙམ་བསྐྲུན་པ་ཡིན། ཧ་ཧ་ཧ་་་དེ་ལ་ནོར་བ་ཨེ་ཡོད་་་་་" མོའི་མཐའ་འཁོར་དམག་མི་མང་བོས་སྐོར་ཡོད་ནའང་ཁོ་ཚོའི་གདོང་ལ་གཡོ་འཛུམ་དང་དམུ་རྒོད་ཀྱི་ཉམས་ཀྱིས་ཁེངས་འདུག མོ་དང་མཉམ་དུ་དགོང་ཟས་ལ་རོལ་བའི་ཁ་གཏད་ཀྱི་མི་དེའི་རྒྱབ་གཟུགས་མ་གཏོགས་མཐོང་མི་ཐུབ་ནའང་ཅི་ཞིག་བརྗོད་བཞིན་པ་གསལ་བོར་ཐོས་ཐུབ་སྟེ།
  "རེད་ཡ་རེད། ཧ་ཧ་ཧ། ཐོག་མར་ངས་ཁྱེད་ལ་འདི་ནས་བཀའ་དྲིན་ཆེ་ཞུ། སྤྱིར་ཆབ་སྲིད་དང་ཚོང་ལས་ཟེར་བའི་མིང་གཞན་ལ་གཡོ་སྒྱུའང་ཟེར། གནའ་གྲོང་གི་ནུབ་ཕྱོགས་འཚིགས་མ་ཐག་ཏུ་ང་ལ་དབང་བའི་ཤར་ཕྱོགས་ཀྱི་ཁང་རིན་ལྡབ་འགྱུར་གྱིས་སྤར་ནའང་ཚོང་བ་གཉོམ་ཆུང་ཚོ་ནི་འཚང་ཁ་ཤིག་ཤིག་ངང་འཛུལ་ཡོང་ནས་མྱུར་དུ་བདག་པོ་བརྒྱབ་ཟིན། ཧ་ཧ་ཧ་་་དངུལ་ལོར་གྱི་མདུན་ནས་སུ་ཞིག་གིས་ཤུལ་བཞག་རིག་རྫས་སྲུང་ངམ། ཅི་འདྲའི་གླེན་པ་ལའང་་་"
  འཇམ་རྡོར་རྔུལ་ལངས་དང་བཅས་སད་པ་ན་ཉི་མ་ནི་ཕྱི་དྲོའི་ཆུ་ཚོད་དང་པོར་བསླེབས་འདུག

              འཆར་གཞི་གསར་བ།

  འཇིག་རྟེན་གྱི་བྱ་དངོས་མང་པོ་ཞིག་ནི་རང་ངོས་ནས་འགྱུར་བ་མ་ཡིན་པར་ཕྱི་རོལ་གྱི་རྐྱེན་སྣ་ཚོགས་ཀྱིས་བསྒྱུར་བཞིན་འདུག ལོ་གཅིག་གི་རྗེས་ཀྱི་དེ་རིང་གི་ཉིན་མོར་རྒན་པོ་ཧི་ཚང་གི་ཁང་བདག་ཀྱང་ཁ་དན་ཚིག་ལ་མ་གནས་པས་སྲིད་གཞུང་གིས་ཁོ་ལ་གནའ་གྲོང་ཉེ་འཁོར་གྱི་སྲང་ལམ་ཕྱགས་པའི་ལས་ཀ་ཞིག་གནང་འདུག བལྟས་ཚོད་ཀྱིས་ལོ་ན་ལྔ་བཅུ་ཙམ་ལ་མི་འདྲ་བར། ལོ་གཅིག་གི་སྔོན་ལ་མཐོང་མྱོང་བའི་ཁོའི་ཨ་མྱེས་རྒན་པོའི་མཐའ་མཇུག་གི་འདྲ་པར་དང་ཀུན་ཏུ་མཚུངས།
  གཏམ་རྒྱུད་སྣ་ཚོགས་ནི་ཁ་ཆར་བུ་ཡུག་བཞིན་འཚུབ་ཀྱིན་འདུག
  ད་ལོའི༡.༡༡གི་དགོང་མོ་ནི་ན་ནིང་དང་མི་འདྲ་བར་མེ་ལྕེའི་ཚབ་ཏུ་ཁ་བ་མཐུག་པོ་ཁྲེ་ཙེ་གཅིག་ལྷག་བབས་པས་འགྲོ་ས་མ་རྙེད་པའི་གནའ་གྲོང་གི་རྣམ་ཤེས་གསར་རྙིང་མང་བོ་དང་ཕྱི་ནང་གི་བླ་སྲོག་ལྟ་བུའི་མིག་ཟུང་མང་པོ་ཞིག་འཚང་ཁ་རྒྱག་པའི་ལུག་ཁྱུ་བཞིན་བདག་པོ་དང་རྒྱུས་ཡོད་ཀྱི་རྟ་ཕོ་མ་རྙེད་པར་འཕྲུལ་རྟ་དང་འདྲ་བའི་སྤྱང་ཀི་མང་པོ་ཞིག་གིས་མཆེ་བ་སྣར་བཞིན་ཕྱོགས་ཡོངས་ནས་བསྐོར་ཡོང་བས་སྲང་ལམ་དང་བཅས་པའི་གནའ་གྲོང་ཡོངས་རྫོགས་སྐད་ཅིག་ཉིད་དུ་ཁ་བ་དམར་བོ་རིམ་པ་གཅིག་གིས་བརླན་པར་བྱས། དམར་བོ་ཁྲག་གི་མལ་གདན་དེའི་སྟེང་དུ་འཇམ་རྡོར་གྱིས༼༡.༡༡གནའ་གྲོང་མེ་ཡི་འཇིགས་པ།༽ཞེས་བོད་ཡིག་གི་ཡིག་གཟུགས་ཡག་པོ་ཞིག་བྲིས། ནོར་བུ་ནག་ལྡང་གིས་མིག་ཤེལ་ནག་པོ་དེ་མནབས་ཤིང་སྲང་སྣེ་རེ་ནས་ཡིབ་ཅིང་སྦེད་པར་བྱས་ཏེ་འཇམ་རྡོར་གྱི་འདེགས་འཇོག་རེ་རེ་པར་ལ་རྡེབ་ཀྱིན་འདུག ཡང་ན་མཁའ་ཡི་ལྕགས་མིག་གིས་ཁོ་རང་འཚོལ་བ་ཇི་བཞིན། 

                              ༢༠༡༥ ༡ ༡༡ཉིན་རྫོགས་པར་བྱས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༡.༡༡ མེ་ཡི་འཇིགས་པ།

2015-01-26 གནམ་ལྕགས་འབར་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།