སང་ཉིན་ད་དུང་དེ་རིང་གི་བྱ་བ་ཡོད།

  དེ་རིང་ནི་གཟའ་ཟླ་བ་རེད། གཟའ་འཁོར་གཅིག་ལས་ཉིན་དང་པོ་དེ་ཡིན་པས། བྱ་བ་མང་པོ་ཞིག་གིས་སྒུག་ནས་འདུག ཡིད་དགའ་བ་ཞིག་ལ་གནམ་ངོ་ཧ་ཅང་དྭངས། ད་ནངས་ཞོགས་པར་གཉིད་ལས་སད་དུས། ཐོག་མར་སྔས་མགོའི་འགྲམ་གྱི་ཁ་པར་བླངས་ཏེ་དུས་ཚོད་ལ་བལྟས་དུས་སྔ་དྲོའི་དུས་ཚོད་དྲུག་དང་སྐར་མ་གཅིག་རེད། དེ་མཚུངས་སུ་གཤམ་གྱི་སྐད་འཕྲིན་ངོས་སུ་བཀླག་མེད་པའི་འཕྲིན་ཡིག་དགུ་བཅུ་གོ་དགུའི་གྲངས་བརྡ་གསལ་ལེར་ཤར་འདུག་པ་མཐོང་ལམ་དུ་མངོན་བྱུང་། ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་སྐད་འཕྲིན་གྱི་ཁ་ཕྱེས་པ་ན། སློབ་གྲོགས་དང་ཤ་ཉེ། ལས་གྲོགས་དང་མཛའ་གྲོགས། དགེ་རྒན་དང་གྲྭ་པ། རྒྱུས་མེད་པའི་མི་དང་ངོ་མི་ཤེས་པའི་མི། ཐག་རིང་གི་མི་དང་ཉེ་འགྲམ་གྱི་མི། ད་དུང་མི་དགོས་པའི་གསར་འགྱུར་འགའ་དང་། ཚོགས་པ་འགའ། མདོར་ན་ངོ་ཤེས་དང་མི་ཤེས་པའི་མི་དང་གསར་འགྱུར། ཚོགས་པ་སོགས་ཀྱི་གྲངས་བརྡ་དགུ་བཅུ་གོ་དགུ་གསལ་ལེར་ཤར་འདུག ནམ་རྒྱུན་འཕྲིན་བརྡ་ཅི་ཞིག་འབྱོར་ན་མི་ལྟ་བའི་དཔེ་ཞིག་མེད་པས། རེ་རེ་བཞིན་ཁ་ཕྱེས་ཏེ་ལྟ་རྒྱུ་དང་ཉན་རྒྱུ་དང་བཀླག་རྒྱུ་ཚང་མ་རིམ་པ་བཞིན་བརྒྱུད་ཚར་བ་ཡིན། འོན་ཀྱང་ནང་དོན་ལས་རང་ལ་མཁོ་བ་དང་རང་ལ་ཕན་པ་གཅིག་ཀྱང་མི་འདུག དེ་ནས་སྐད་འཕྲིན་གྱི་གྲོགས་པོའི་དོ་ར་ཞེས་པ་དེའི་ནང་དུ་བསྐྱོད་པ་ན། དེ་ནའང་མི་སོ་སོའི་རང་རང་གི་སེམས་ཁམས་བརྗོད་པ་དང་། གཞན་གྱི་སྐད་ཆ་ཇི་བཞིན་བཀོད་པ། འདྲ་པར་སྣ་ཚོགས་བཤམས་པ་དང་། གསར་འགྱུར་རྙིང་བ་མང་པོ་བཀོད་ཡོད་པ་ཡང་ཕལ་ཆེར་དགུ་བཅུ་གོ་དགུ་ལྷག་བདོག་པ་རེ་རེ་བཞིན་བལྟས་ཏེ་ཁ་སང་དགོང་མོའི་བར་དུ་བསྐྱལ། འོན་ཀྱང་དེ་དག་ལས་ཀྱང་རང་ལ་མཁོ་བ་དང་རང་ལ་ཕན་ཆེ་བ་གཅིག་ཀྱང་རྙེད་མ་བྱུང་། སྐབས་དེར། སྔ་དྲོའི་དུས་ཚོད་བདུན་ལ་བསླེབས་འདུག
  མལ་ལས་ལངས་ཏེ་ཁ་ངོ་གཙང་བཀྲུས་ཚར་རྗེས། ལས་ཁུངས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན། གཞུང་ལས་ཁང་གི་ནང་ལ་བསླེབས་རྗེས། ལས་གྲོགས་གཞན་པ་གཅིག་ཀྱང་ཐོན་མི་འདུག རང་ཉིད་ཅུང་སྔ་སོང་སྙམ་ནས་ཨམ་ཕྲག་ལས་ཁ་པར་བླངས་ཏེ་བལྟས་པ་ན། ཡང་གྲོགས་པོ་ཁ་ཤས་ཀྱིས་འཕྲིན་ཡིག་འགའ་བཏང་འདུག རེ་རེ་བཞིན་བཀླག་པ་ན་ལ་ལས་ནང་དོན་ཕུན་སུམ་ཚོགས་པའི་རྩོམ་ཡིག་རེ་གཉིས་ཀྱང་བརྒྱུད་བསྐུར་བྱས་འདུག ཅུང་ཙམ་ཕན་པར་བསམ་སྟེ་ཡིག་འབྲུ་རེ་རེ་བཀླགས་མོད། བཀླགས་ཚར་རྗེས་གོ་རྟོགས་ཅི་ཡང་སྐྱེད་མ་བྱུང་ལ་དུས་ཚོད་ཀྱང་དགུ་ལ་སླེབས་ཉར་ཡོད། དེ་དུས་ལས་གྲོགས་ཚོ་ཡང་གདོང་ལ་རི་མོ་སྣ་ཚོགས་ཀྱིས་ཁེངས་ཏེ་སྔ་རྗེས་སུ་བསླེབས་བྱུང་། དུས་ཚོད་ནི་ཧ་ཅང་འགྲོས་མྱུར་བའི་གཟུགས་མེད་ཀྱི་རྟ་ཕོ་ཞིག་དང་འདྲ་བར། དཔེ་དེབ་འགའ་རེ་བཀླགས་པ་དང་ཡིག་ཆ་འགའ་རེ་གོང་བསྒྲིགས་རྗེས། ཉིན་གུང་གི་ཟ་མ་ཟ་བའི་སྐབས་ལ་ཇི་ལྟར་ཐོན་པའང་ཡེ་ནས་ཚོར་མ་བྱུང་། ཟ་མ་ཟ་དུས་མི་རྣམས་ལ་སྤྲོ་བ་ཆེན་པོའི་བརྟས་ཤིང་གདོང་ལ་དགའ་ཉམས་ཀྱིས་ཚིམས་འདུག་པར་མ་ཟད། དུས་ཚོད་ཀྱི་འདུ་ཤེས་ཀྱང་ནམ་རྒྱུན་ལས་ཧ་ཅང་བཟང་། ཕར་ལྟ་ཚུར་ལྟ་བྱེད་དུས། ལས་གྲོགས་ཕལ་ཆེ་བས་ཟ་མ་ཟ་ཞོར་དུ་ཁ་པར་ངོས་ལ་ཅེར་ཏེ་ཅི་ཞིག་འཚོལ་བ་དང་གང་ཞིག་རྟོགས་པའི་ཉམས་འགྱུར་སྣ་ཚོགས་ཀྱིས་ཁེངས་ཡོད་ཅིང་། ལ་ལ་ཞིག་གིས་རིག་པ་ཁ་པར་ནང་དུ་སྒྲིམ་དྲག་པས་ཁ་ནང་ལ་ཟ་མ་ཅི་ཞིག་མིད་པའང་གཏན་ནས་ཁ་ཡ་བྱེད་ཀྱི་མི་འདུག གང་ལྟར་ཕན་ཚུན་ལ་ཁ་བརྡ་ཅི་ཡང་མེད་སྟབས། ངས་ཀྱང་ཁ་པར་བླངས་ཏེ་སྐད་འཕྲིན་ནང་ལ་བསྐོར་ཉུལ་ཞིག་བྱས་པ་ཡིན། གྲོགས་པོ་མང་པོ་ཞིག་གིས་ཉིན་གུང་ཅི་ཞིག་ཟོས་པ་དང་ཟ་བཞིན་པའི་གནས་ཚུལ་དེ་དག་ཚང་མ་འདྲ་པར་རེ་བསྐྱོན་ནས་མོད་པོ་ཞིག་བསྐུར་འདུག་པ་དང་། ལ་ལས་ད་དུང་རང་གི་འདྲ་པར་བཅོས་མ་འགའ་ཡང་སྡེབ་གཅིག་ཏུ་བསྐུར་འདུག ངས་དེ་ཚང་མར་བལྟས་ཚར་རྗེས་ཉིན་གུང་གི་ཟ་མ་ཡང་ཟོས་ཚར་འདུག
  ཉིན་གུང་བྱ་བ་ཅི་ཡང་མེད། གཉིད་ཐུམ་ཞིག་བླངས་མོད་ཁ་པར་གྱི་སྒྲ་བར་མེད་དུ་གྲངས་འོང་པས་གཉིད་ཀྱི་འདུན་མའང་རྨང་ནས་བཅོམ་པས། མུ་མཐུད་དུ་སྐད་འཕྲིན་ནང་ལ་ཁམས་སངས་གོམ་བསྐྱོད་བྱེད་དགོས་བྱུང་། ད་ནི་དེ་ལས་ཅི་ཡང་བྱེད་རྒྱུ་མེད་པ་འདྲ། ད་སྐབས་སྐད་འཕྲིན་དེའང་ཚོང་ར་ལྟ་བུ་ཞིག་ཏུ་ཆགས་འདུག་པ་དང་། དྲ་གྲོགས་མང་པོ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་ཚོང་རྫས་སྣ་ཚོགས་བཙོང་གིན་ཡོད་ལ། མང་ཆེ་ཤོས་ན་གཞོན་བུ་མོ་ཏག་ཏག་རེད། རང་ཉིད་ལ་སྤྲོ་བ་ཅི་ཡང་མེད་ནའང་ཁོ་ཚོས་བསྐུར་བ་དག་ལ་ལྟ་བའི་འདུན་པ་ནི་འགོག་ཐབས་རང་མི་འདུག
ཕྱི་དྲོའི་མཚམས་ལ། བྱ་བ་ཙག་ཙིག་ཅིག་གི་མཇུག་བསྐྱངས་པ་ཡིན། བར་བར་དུ་ཁ་པར་ལས་འཕྲིན་ཡིག་འབྱོར་བའི་བརྡ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་གྲངས་འོང་། དང་ཐོག་བྱ་བའི་མཇུག་རྫོགས་རྗེས་དེ་ནས་ཁོ་ཚོ་ལ་ལན་སྐྱོལ་བའི་བསམ་བློ་སྐྱེས་མོད། ཡང་རྒྱ་ལ་དོན་དག་གལ་ཆེན་རེ་ཡིན་ཚེ་བར་ཆད་དང་དུས་འགྱངས་བཟོ་ཨེ་མྱོང་སྙམ་ནས་ཁ་པར་གྱི་སྒོ་མི་ཕྱེས་ཐབས་མེད་གྱུར། སྐད་འཕྲིན་ཟེར་བ་འདི་ལ་ངོ་མ་མིའི་སེམས་འགུག་ཅིང་མིའི་སེམས་དཀྲུགས་པའི་ནུས་པ་ཁྱད་མཚར་ཞིག་ཡོད་པ་འདྲ། སྐད་ཅིག་ཉིད་ལ་བྱ་བ་སྒྲུབ་རྒྱུ་ཡང་ཡོངས་སུ་བརྗེད་པར་གྱུར་ཏེ། སྐད་འཕྲིན་གྱི་ཞིང་ཁམས་དེ་ལ་ཡང་བསྐྱར་འཆམ་འཆམ་དུ་བསྐྱོད་དགོས་བྱུང་། དེ་རུ་འཇུག་པའི་ཚེ་ན། དུས་ཚོད་ཀྱི་འགྲོས་ནི་ལྡབ་འགྱུར་གྱིས་ཇེ་མགྱོགས་སུ་ཕྱིན་ཡོད་པ་ལྟར། ཤེས་མེད་ཚོར་མེད་ངང་ལས་ཚོགས་གྲོལ་བའི་དུས་ལ་སླེབས་འདུག དགའ་བ་ལ་ཨང་། ལས་ཚོགས་གྲོལ་རྗེས་ད་དུང་ལས་ཁུངས་ནས་སྡོད་མཁན་སུ་ཞིག་མཆིས། ངས་ཀྱང་རྒྱབ་ཁུག་འཁུར་ནས་ལམ་སང་ཕྱིར་སྡོད་ཁང་དུ་ལོག་པ་ཡིན།
  ཆུང་མ་དང་བྱིས་པ་མེད་པའི་སྡོད་ཁང་ཆུང་ཆུང་དེ་རུ་མི་རྐྱང་ཞིག་གིས་ཅི་ཞིག་བྱེད། དཔེ་ཆ་ཀློག་པ་དང་བརྙན་འཕྲིན་ལ་ལྟ་བ་ལས་གཞན་ཅི་ཡང་སྒྲུབ་རྒྱུ་མེད་པ་འདྲ། མུན་རུབ་སོང་། སེམས་ཞིབ་མོའི་སྒོ་ནས་དཔེ་ཆ་ཡག་ཤོས་འགའ་རེ་བཀླགས་པ་ཡིན་མོད། ནམ་རྒྱུན་ཤོག་གྲངས་ལྔ་ཙམ་བལྟས་མ་ཐག་གྲོགས་པོ་གང་རུང་ཞིག་གིས་ཁ་པར་གཏོང་བ་དང་འཕྲིན་ཡིག་ཅིག་བསྐུར་ཡོང་སྲིད། དེ་ནི་ཁོ་ཚོས་བསམ་གཟས་ནས་ང་ལ་བར་ཆད་བཟོས་པ་ག་ལ་ཡིན། དེ་དུས་མི་དེ་ཚོ་གཞི་ནས་ཁོམ་ཡོད་པས་རེད། ནམ་རྒྱུན་མཚན་མོའི་དུས་ལ་སླེབས་པ་ན། དེང་སྐབས་ཀྱི་མི་ཡོད་ཚད་ཧ་ཅང་ཁོམ་ཡོད་པ་འདྲ་ཞིང་། ཡང་ཁོམ་ལོང་ཏོག་ཙམ་མེད་པ་ཡང་འདྲ། སྐབས་དེར། ངས་ཀྱང་དུས་ལྟར་ཁ་པར་གྱི་སྒོ་ཕྱེས་ཏེ་དཔེ་དེབ་ཀྱི་ཁ་ཟུམ་དགོས་བྱུང་། སྐད་འཕྲིན་ཞེས་པའི་སྟེགས་བུ་ཆུང་ཆུང་དེས་ལོ་ངོ་བཅུ་ཡི་ཡར་སྔོན་གྱི་སློབ་གྲོགས་མང་པོ་ཞིག་ཕྱོགས་བཞི་མཚམས་བརྒྱད་ནས་ལྷན་དུ་འཛོམས་པའི་སྐལ་བ་བཟང་པོ་བསྐྲུན་པ་དང་། ལོ་ངོ་བཅུ་ཡི་རིང་ལ་སྐད་ཆ་ཙམ་ཡང་མ་ཐོས་པའི་སློབ་གྲོགས་མང་པོ་ཞིག་གི་ད་ལྟའི་གནས་ཚུལ་གྱི་གཏམ་གོ་བ་ན། དེ་རུ་སྤྲོ་བས་འཇུག་པའི་མོས་འདུན་དྲག་པོ་ཞིག་ཚ་རླབས་བཞིན་འཕྱུར་འོང་། ཁ་སང་གི་གཏམ་རྒྱུད་ལ་ནམ་ཡང་གླེང་ཚར་བའི་དུས་ཤིག་དཀོན་པས། མི་རེའི་སྐད་ཆ་རེ་རེ་ལ་ཉན་ཞིང་སྐད་ཆ་རེ་རེ་ལ་ལན་སྐྱོལ་དགོས་པ་ཡིན། ང་རང་ནམ་རྒྱུན་སྐད་ཆ་མང་པོ་བཤད་འདོད་མེད་པའི་མི་ཞིག་ཡིན་ནའང་། ཁོ་ཚོའི་སྐད་ཆ་རེ་རེ་ལ་ལན་མི་འདེབ་པའི་རང་དབང་ནི་མ་མཆིས། འདི་ལྟར་ཁ་བརྡའི་ལེ་ཚན་རེ་ཞིག་མཇུག་རྫོགས་རྗེས། དུས་ཚོད་ཀྱིས་ང་ལ་ཀུ་རེ་རྩེ་བ་བཞིན། དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔ་དགུ་ལ་སླེབས་འདུག སྐབས་དེར། ངས་ད་གཟོད་དགོང་ཟོས་འཐུང་མེད་པ་གཞི་ནས་ཚོར་བྱུང་ལ། དེ་རིང་གི་བྱ་བ་སྒྲུབ་ཚར་མེད་པའང་གཞི་ནས་དྲན་བྱུང་། སང་ཉིན་ད་དུང་དེ་རིང་གི་བྱ་བ་ཡོད་པ་ཡིད་ལ་འཕོས་ཚེ། ང་ལ་ཡིད་སེམས་རབ་རིབ་ཏུ་གྱུར་བའི་སྐྱོ་སྣང་ཞིག་དང་ཆད་སྣང་ཞིག་ངང་གིས་སྐྱེས་བྱུང་།
  ཨ་ཨ། ངས་འདི་ལྟར་བྱེད་དགོས་དོན་ཅི། མཇུག་མཐར་ངས་ཡང་བསྐྱར་དབང་མེད་དུ་ཁ་པར་གྱི་ངོས་ལ་བལྟས་པ་ན། ཁ་པར་རེ་ཞིག་ལྷིང་འཇགས་སེ་འདུག ཁ་པར་ལྷིང་འཇགས་སེ་སྡོད་དུས། ངས་ཅི་ཞིག་ལ་ངང་སྒུག་བྱེད་ཅིང་ལྷིང་འཇགས་ལ་སྐྲག་པ་ལྟ་བུའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། དེ་དུས། ངས་རང་ཉིད་ལ་སེམས་ནད་ཆེན་པོ་ཞིག་བྱུང་འདུག་པ་གཞི་ནས་རྟོགས་བྱུང་སྟེ། སུས་ཀྱང་བཅོས་ཐབས་མེད་པའི་སེམས་ནད་ཅིག སུས་ཀྱང་འགོག་ཐབས་མེད་པའི་སེམས་ནད་ཅིག སུས་ཀྱང་ཚོར་གྱི་མེད་པའི་སེམས་ནད་ཅིག གལ་སྲིད། ང་རང་མཐུ་རྩལ་ཆེ་བའི་ལྷ་ཞིག་ཡིན་ན། ངས་ང་དང་ང་འདྲ་བའི་མི་བུ་མང་པོ་ཞིག་བསྐྱབ་ན་འདོད།
  སྐབས་དེར། ཏག་ཏག་དགོང་མོའི་དུས་ཚོད་བཅུ་གཉིས་ལ་སླེབས་འདུག མཛེས་སྡུག་ལྡན་པའི་ཉིན་གཅིག་འདི་ལྟར་ཡོངས་སུ་མཇུག་རྫོགས་དགོས་སོང་ངོ་།།
               2014/11/1ཉིན་གྱི་དགོང་མོ་རང་ཤག་ནས་བྲིས། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།